དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • པད་མ་འཕྲིན་ལས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་ལས་དོན་གྱི་བཪྙན་འཕྲིན་ཁ་པར་ཚོགས་འདུ་ཐེངས་ལྔ་པའི་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་3ཚེས་26ཉིན་གྱི་ཕྱི་དྲོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་གཙང་ལས་དོན་གྱི་བཪྙན་འཕྲིན་ཁ་པར་ཚོགས་འདུ་ཐེངས་ལྔ་པ་འཚོགས་ནས་ཉེ་བའི་ལོ་ཤས་རིང་གི་སྲིད་གཞུང་ཁོངས་གཏོགས་ཀྱི་རུལ་རྒོལ་གཙང་སྤེལ་ལས་དོན་ལ་ཕྱོགས་སྡོམ་དང་2012ལོའི་སྲིད་གཞུང་གི་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་དབུན་ཅ་པའོ་ཡིས་ཚོགས་འདུའི་ཐོག་གལ་ཆེའི་གསུང་བཤད་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

        པད་མ་འཕྲིན་ལས་ཀྱིས་འདས་ཟིན་པའི་ལོ་གཅིག་གི་ནང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འོག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་གལ་ཆེའི་བསམ་བློ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས་རུལ་སུངས་ལ་ཁྲིམས་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་ཁྲིམས་འཛིན་ལྟ་སྐུལ་དང་སྲིད་འཛིན་ཕན་ནུས་ཀྱི་ལྟ་ཞིབ་ལ་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཁར་རུལ་སུངས་ཀྱི་གྱོད་གཞི་ཞིབ་དཔྱད་མཐའ་གཅིག་ཏུ་བྱས་ནས་རུལ་སུངས་བར་ཁྲིམས་གཅོད་ནན་པོ་བྱས་པས་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་སྟེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་བྱུང་ཡོད་ཅེས་གསུངས་པ་རེད།

        པད་མ་འཕྲིན་ལས་ཀྱིས་འདི་ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད ”ལག་བསྟར་གྱི་སྔ་རྗེས་རྒྱུན་མཐུད་བྱེད་པའི་གལ་ཆེའི་ལོ་ཞིག་ཡིན་པ་དང་ང་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་རྒྱུ་ཡིན་པས་འདི་ལོའི་སྲིད་གཞུང་ཁོངས་གཏོགས་ཀྱི་སྲིད་གཙང་ལས་དོན་ཡག་པོ་བསྒྲུབ་རྒྱུར་གལ་ཆེའི་དོན་སྙིང་ལྡན་ཡོད། དེའང་གཅིག་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སྲིད་བཀའ་ཤར་བགྲོད་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་སྲིད་གཞུང་ལས་ཁུངས་ཀྱི་སྲིད་གཙང་ཐད་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལས་དོན་ནན་ཏན་སྤེལ་ནས་སྲིད་འཛིན་དབང་སྤྱོད་ནུས་ལྡན་ངང་ཚད་ལྡན་ཡོང་བ་བྱེད་དགོས་པ། གསུམ་ནས་ཁྲིམས་ལྟར་སྲིད་འཛིན་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་སྤྱོད་གཙང་དང་། དངོས་གཉེར། ནུས་ཆེ་བཅས་ཀྱི་སྲིད་གཞུང་འཛུགས་སྐྱོང་ཏན་ཏིག་བྱེད་དགོས་པ། བཞི་ནས་ཚུལ་མིན་གྱི་སྤྱོད་ཚུལ་ཡོ་བསྲང་མཐའ་གཅིག་ཏུ་བྱས་ནས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        པད་མ་འཕྲིན་ལས་ཀྱིས་ལྗོངས་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ལ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་གསར་འབྱེད་ཡར་བརྩོན་དང་འབད་འབུངས་ཧུར་ཐག་གིས་རང་ལྗོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་འབད་བརྩོན་ཆེན་པོས་ཡག་པོ་བསྒྲུབས་ནས་སྲིད་འཛིན་གྱི་ཆུ་ཚད་དང་ལས་ཀའི་ཕན་ནུས་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་གཡུར་དུ་ཟར་བའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

        རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་དང་། ས་ཁུལ (གྲོང་ཁྱེར )དང་རྫོང་ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།