དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བརྟན་པོའི་ཁྲོད་མྱུར་ཚད་བརྩོན་ལེན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་བཀའ་མངག་ལྟར་ཟླ་3ཚེས་26ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧའོ་ཕུང་གིས་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུ་འཚོགས་ཏེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་བློ་མཐུན་ཅ་ཆིང་ལིན་གྱིས་ཟླ་3ཚེས་1ཉིན་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་གྱི་ལས་དོན་ཐད་ཞིབ་འཇུག་དང་བཀོད་སྒྲིག་གནང་ཞིང་། ཁོང་གིས་བསམ་བློ་དང་བྱ་སྤྱོད་དེ་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱ་རབ་དང་རིམ་པའི་ཐོག་གཅིག་གྱུར་དང་ཀྲུའུ་ཞི་ཅ་ཆིང་ལིན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་བརྟན་པོའི་ཁྲོད་མྱུར་ཚད་བརྩོན་ལེན་བྱེད་པའི་ལས་དོན་གྱི་སྤྱིའི་ནང་དོན་གཙོ་བོ་མཐའ་འཁྱོངས་བྱས་ཏེ་འདི་ལོའི་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་མགོན་པོ་བཀྲ་ཤིས་ཀྱིས་ཀྲུའུ་ཞི་ཅ་ཆིང་ལིན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་གནང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཆེ་དགྲ་ལྷ་དང་། ཏེང་ཞའོ་ཀང་། ཏུང་ཡུན་ཧུའུ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

        ཧའོ་ཕུང་གིས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་དང་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་སྒུལ་ཤུགས་སུ་བྱེད་པ་དང་། ཀྲུའུ་ཞི་ཅ་ཆིང་ལིན་གྱི་གསུང་བཤད་ཀྱི་བླང་བྱར་ཏན་ཏིག་གཞིགས་པ། ཉེ་དུས་ཧྲུའུ་ཅི་ཁྲེན་ཆོན་གོས་གནང་བའི་རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ་བཅས་བྱས་ཏེ་བརྟན་པོའི་ཁྲོད་མྱུར་ཚད་བརྩོན་བྱེད་པའི་ལས་དོན་གྱི་སྤྱིའི་ནང་དོན་གཙོ་བོ་སྟངས་འཛིན་ནན་པོ་བྱེད་པ་དང་། དཔལ་འབྱོར་བརྟན་ལ་མགྱོགས་ཙམ་གྱི་སྒོ་ནས་འཕར་རྒྱུ་ནུས་ཤུགས་ཡོད་རྒུས་རྒྱུན་འཁྱོངས་བྱེད་པ། བརྟན་ལྷིང་སྲུང་སྐྱོང་བྱེད་པའི་གཙོ་གནད་ལས་འགན་ལ་བློ་བརྟན་འགྱུར་མེད་ངང་དམ་འཛིན་ནན་པོ་དང་དམ་འཛིན་ཏན་ཏིག་བྱེད་པ་བཅས་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་སྤྱི་ཚོགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས། བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་སྤྱིའི་བཀོད་སྒྲིག་ལ་གཞིགས་ཏེ་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཀྱི་ཁོར་ཡུག་གཏོད་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་དེ་གཙོ་རྐང་དུ་བྱས་ཐོག་སྔ་ཙམ་དམ་འཛིན་དང་། ཆུང་ཙག་ནས་དམ་འཛིན། དམ་འཛིན་མྱུར་པོ། དམ་འཛིན་ཡག་པོ་བཅས་བྱ་རྒྱུར་གཞི་ཚུགས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་ཨང་དང་པོ་ནན་དུ་གཏོང་བ། ལས་ཀའི་སྔོན་བཀོད་ཇུས་གཞི་ཞིབ་ཚགས་སུ་གཏོང་བ་དང་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མི་དམངས་མང་ཚོགས་ལ་བརྟེན་པ་དང་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་ལྐོག་གཡོ་མཐའ་དག་མཐའ་གཅིག་ཏུ་ཐལ་བའི་རྡུལ་ཏུ་སློག་དགོས། རང་སྐྱོང་ལྗོངས་ཀྱིས་བཏོན་པའི་དགོན་སྡེའི་གྲྭ་བཙུན་ལ་ཐུགས་ཁུར་དང་གཟིགས་སྐྱོང་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ཁག་ནན་ཏན་ངང་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་ཁྲིམས་དང་སྒྲིག་སྲོལ་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱས་ཏེ་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། མང་ཚོགས་ལ་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་པའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པའི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་དད་སེམས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་བ། སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་དམ་འཛིན་བྱ་གཞིར་བྱས་ཏེ་རྩ་འཛུགས་འཛུགས་སྐྱོང་དང་། དཔུང་ཁག་འཛུགས་སྐྱོང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། དྲིལ་བསྒྲགས་བྱེད་ཤུགས་ཏན་ཏིག་ངང་ཆེ་རུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་བོད་གསར་གྱི་འཕེལ་རྒྱས་གསར་པ་དང་། འཕོ་འགྱུར་གསར་པ། རྣམ་པ་གསར་པ་བཅས་གང་ལེགས་མངོན་པ་བྱེད་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        ལྗོངས་ཏང་ཨུད་རྩ་འཛུགས་པུའུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ལྗོངས་འཕེལ་སྒྱུར་ཨུ་ལྷན། སློབ་གསོ་ཐིང་། ནོར་སྲིད་ཐིང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ཚོགས་འདུའི་ཐོག་གཙོ་གནད་གཏམ་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།