དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་བསམ་བློ་གཅིག་གྱུར་དང་། དམིགས་ཚད་ཁ་གསལ། ལམ་བུ་རྒྱ་ཆེར་གཏོད་པ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་གསུངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེས་26ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་མཆན་བཀོད་མཛུབ་སྟོན་གནང་ཞིང་། ཁོང་གིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་འབྲེལ་དེ་བས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་ནས་ལྗོངས་ཡོངས་ཀྱི་ལས་ཞུགས་ལས་དོན་སྐས་རིམ་གསར་པར་སླེབས་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

        ཁྲེན་ཆོན་གོས་འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དང་ཙུང་ལི་དབུན་ཅ་པའོ་ཡིས 《སྲིད་གཞུང་གི་ལས་དོན་སྙན་སྒྲོན 》ནང་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད། ང་ཚོས་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་འབྲེལ་བོད་ཀྱི་དོན་དངོས་དང་བསྟུན་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

        གཅིག་ནས་བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བ་བྱེད་དགོས་ཤིང་། ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མི་རྩ་བར་འཛིན་པ་དང་དམངས་ཀྱི་ཆེད་དུ་སྲིད་འཛིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་བོད་ཀྱི་འཕེལ་རྒྱས་བརྟན་ལྷིང་གི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་འགག་རྩའི་བྱེད་ཐབས་ལ་བརྩི་བ་དང་། དེ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དང་། མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་དོན་ཆེན་དུ་བརྩི་བ། དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བརྩི་བ། དེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་མངོན་འགྱུར་བྱེད་པའི་བརྗིད་ཆེའི་དམིགས་ཚད་ཀྱི་འཐབ་ཇུས་ལས་འགན་ལ་བརྩི་བ་བཅས་བྱེད་པ་དང་འབྲེལ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། དེ་བས་ཆེ་བའི་ཆོད་སེམས་འཇོག་པ། བྱེད་ཐབས་ཐད་བསམ་བློ་དེ་བས་མང་ཙམ་གཏོང་བ། ནུས་ལྡན་གྱི་བྱེད་ཐབས་སྤྱོད་པ་བཅས་བྱས་ཏེ་ལས་ཞུགས་ལས་དོན་དམ་འཛིན་ནན་པོ་དང་། དམ་འཛིན་ཡག་པོ། ཕན་འབྲས་ཐོན་རྒྱུར་དམ་འཛིན་བཅས་བྱེད་དགོས་པ་དང་།

        གཉིས་ནས་དམིགས་ཚད་དང་ལས་འགན་ཁ་གསལ་ཡོང་བ་བྱེད་དགོས་ཤིང་། ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་ཨང་དང་པོར་འཇོག་དགོས་པ་དང་འབྲེལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ལས་ཞུགས་རྒྱ་ཆེར་བཏང་ཐོག་ཆད་ལུས་མེད་པའི་སྒོ་ནས་ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་བྱ་རྒྱུ་འགན་ལེན་བྱེད་དགོས་པ་སྟེ། ལས་ཞུགས་མེད་པའི་ཁྱིམ་ཚང་ལ་ལས་ཀ་ཡོད་པ་དང་། སྐྱེ་ཁུངས་བོད་ནས་ཡིན་པའི་སྐབས་འདིའི་སློབ་ཆེན་ཐོན་པའི་སློབ་མ་ཚང་མ་ལས་ཞུགས་ཐུབ་པ། སྐྱེ་ཁུངས་བོད་ནས་ཡིན་པའི་སྐབས་སྔོན་མའི་སློབ་ཆེན་ཐོན་པའི་སློབ་མ་རྩ་བའི་ཆ་ནས་ལས་ཞུགས་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཀྱི་མི་གྲངས་21500ཡན་གསར་འཕར་ཐུབ་པ། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མི་ཐེངས་ཁྲི་80ཡན་སྤོ་སྒྱུར་ཐུབ་པ་བཅས་བྱེད་དགོས་པ།

        གསུམ་ནས་ལས་ཞུགས་ཀྱི་ལམ་བུ་རྒྱ་ཆེར་གཏོང་དགོས་ཤིང་། འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་ལས་ཞུགས་མང་དུ་གཏོང་དགོས་པ་དང་འབྲེལ་དཔལ་འབྱོར་འཕེལ་རྒྱས་ལ་གཞིགས་ནས་ལས་ཞུགས་ཀྱི་ལས་གནས་དེ་བས་མང་བ་མཁོ་འདོན་བྱེད་པ་དང་། ལས་ཞུགས་དང་འཕེལ་རྒྱས་དོ་སྙོམས་ངང་སྐུལ་འདེད་གཏོང་དགོས་པ། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་ལས་ཞུགས་མང་དུ་བཏང་ནས་སྤྱི་ཕན་རང་བཞིན་གྱི་ལས་གནས་དེ་བས་མང་བ་ཉོ་སྒྲུབ་ཧུར་ཐག་བྱེད་པ་དང་གཞུང་ལས་མི་སྣའི་ལས་གནས་མང་དུ་ཧུར་ཐག་གཏོང་དགོས་པ། སྲིད་ཇུས་དོན་འཁྱོལ་དང་ལས་ཞུགས་མང་དུ་གཏོང་བ་དང་ཁྲལ་གྲོན་རྩ་ཆག་དང་། གྲངས་འབོར་ཉུང་བའི་དངུལ་བུན། ལས་སྐྲུན་ཞབས་ཞུ་སོགས་ལས་ཞུགས་སྲིད་ཇུས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་སྒོ་ཀུན་ནས་དོན་འཁྱོལ་བྱེད་པ་དང་རང་བརྟེན་ལས་སྐྲུན་དང་རང་ཉིད་ཀྱིས་ལས་རིགས་གཉེར་རྒྱུར་སྐུལ་ལྕག་བྱེད་དགོས་པ། གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་ལས་ཞུགས་མང་དུ་གཏོང་བ། ལས་རིགས་གསོ་སྦྱོང་ལམ་ལུགས་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཞིང་འབྲོག་པ་རིན་མེད་ངང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལས་ཀ་འཚོལ་མཁན་གྱི་ལས་རིགས་རྩལ་ནུས་མཐོ་རུ་གཏོང་དགོས་པ། ལེགས་ཆ་འདོན་སྤེལ་བྱ་རྒྱུ་མཐའ་འཁྱོངས་དང་ལས་ཞུགས་མང་དུ་གཏོང་དགོས་པ་དང་འབྲེལ་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཁེ་ལས་ཀྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱས་ཏེ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་ལས་ཀ་འཚོལ་ཐུབ་པ་བྱེད་དགོས་པ།

        བཞི་ནས་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་མཐའ་འཁྱོངས་བྱེད་དགོས་ཤིང་། ལས་ཞུགས་ལས་དོན་ནི་ཪྙོག་འཛིང་ཆེ་བའི་སྤྱི་ཚོགས་ཀྱི་མ་ལག་འདུ་འགོད་ཅིག་ཡིན་པས་ངེས་པར་དུ་སྤྱི་ཚོགས་ཀྱི་ལས་རིགས་ཁག་རྒྱ་ཁྱབ་ངང་ཞུགས་པ་དང་། རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་ཐུབ་རྒྱུ་སྐུལ་སློང་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ལས་ཞུགས་ལས་དོན་དེ་གལ་ཆེའི་ཉིན་རེའི་གྲོས་རིམ་ནང་བཞག་ནས་རང་ངོ་མས་དམ་འཛིན་དང་སྤྱི་འགན་འཁུར་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་ཁག་གིས་ཕན་ཚུན་མཉམ་ལས་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་ལས་ཀའི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་དང་། སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ། མ་དངུལ་དོན་ཐོག་ཏུ་འཁྱོལ་བ། བྱེད་ཐབས་འགན་ལེན་བྱ་རྒྱུ་དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས་པ། ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་དང་སྐོང་འཐེན་བྱས་ཏེ་ཏང་ཡོངས་ཀྱིས་ལག་པ་འགུལ་བ་དང་། ཕྱོགས་ཁག་ཞུགས་པ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་རྣམ་པ་ཆགས་པ་བྱེད་པ་དང་འབྲེལ་སྤྱི་ཚོགས་ཡོངས་ཀྱིས་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་རྒྱུར་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་དེའི་ནང་ཞུགས་པའི་རྣམ་པ་བཟང་པོ་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།