དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཝུའུ་དབྱིང་ཅེས་མལ་གྲོ་གུང་དཀར་དུ་དགོན་སྡེའི་དོ་དམ་དང་རྨང་བརྟན་དམངས་ཕན་གྱི་ལས་དོན་ལ་རྟོག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་3ཚེས་23ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེ་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་འབྲེལ་དག་པ་དགོན་པའི་དགེ་འདུན་པ་དང་དག་པ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་གཟིགས་པ་དང་འཚམས་འདྲི་གནང་ཞིང་། འདི་ནི་ཝུའུ་དབྱིང་ཅེས་དགོན་སྡེའི་དོ་དམ་ཨུ་ལྷན་གྱི་ལས་དོན་སྤེལ་ཚུལ་ཤེས་རྟོགས་གནང་བའི་གནས་ཚུལ་ཡིན་པ།

        ཟླ་3ཚེས་23ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེ་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་ཕེབས་ནས་རང་ལྗོངས་ཀྱི་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་། དེ་བཞིན་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་ཚུལ་ཐད་རྟོག་ཞིབ་གནང་བ་རེད།

        རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཅིན་ཧྲི་ཤུན་རྟོག་ཞིབ་གནང་སྐབས་མཉམ་དུ་ཕེབས་ཡོད་པ་རེད།

        རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་དང་། འཕེལ་སྒྱུར་ཨུ་ལྷན། ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་། ལྗོངས་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་། ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་། ལྗོངས་བདེ་འཇགས་ལྟ་ཞིབ་ཅུས་སོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་རྟོག་ཞིབ་གནང་སྐབས་མཉམ་དུ་ཕེབས་ཡོད་པ་རེད།

        ཝུའུ་དབྱིང་ཅེ་དང་བཅས་པ་དང་ཐོག་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་དག་པ་དགོན་པར་ཕེབས་ནས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་དོན་མི་སྣ་དང་དགེ་འདུན་པ་རྣམས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་དང་འབྲེལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་པད་མ་འཕྲིན་ལས་རྣམ་གཉིས་ཀྱི་ཚབ་ཞུས་ནས་ཁོང་ཚོར་བྱམས་བརྩེའི་ངང་འཚམས་འདྲི་ཞུས་གནང་བ་དང་། བརྟག་ཞིབ་གནང་སྐབས་ཝུའུ་དབྱིན་ཅེས་དགོན་སྡེ་དོ་དམ་ཨུ་ལྷན་བཙུགས་རྗེས་ཀྱི “འཛུགས་སྐྱོང་དྲུག ”དང་། “གཅིག་དྲུག ”“ཡོད་པ་དགུ ”སོགས་ཀྱི་ལས་དོན་སྤེལ་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་དགེ་འདུན་པ་ཚོའི་འཚོ་བ་དང་སློབ་སྦྱོང་གི་གནས་ཚུལ་བཀའ་འདྲི་གནང་བ་རེད། དག་པ་དགོན་པའི་དགེ་འདུན་ལྷུན་གྲུབ་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་འགན་ཁུར་བས་དགོན་སྡེའི་དགེ་འདུན་པ་ཚོས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་ཧ་ཅང་བློ་ཡིད་ཚིམས་པོ་བྱས་ནས་་རྒན་གསོའི་འགན་བཅོལ་དང་སྨན་བཅོས་འགན་བཅོལ་སོགས་ནང་ཞུགས་ནས་འཚོ་བ་དེ་སྔ་ལས་ཧ་ཅང་ལེགས་སུ་ཕྱིན་ཡོད། ད་ཆ་དགོན་སྡེའི “འཛུགས་སྐྱོང་དྲུག ”དང་། “གཅིག་དྲུག ”“ཡོད་པ་དགུ ”བཅས་ཀྱི་འཛུགས་སྐྲུན་ལས་ཀ་སྤེལ་རྒྱུ་བདེ་བླག་བྱུང་བ་དང་དགོན་སྡེ་དོ་དམ་ཨུ་ལྷན་དགོན་སྡེར་བཅའ་སྡོད་བྱས་རྗེས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དགོན་སྡེར་བྱ་བ་དངོས་བསྒྲུབས་པ་དང་དཀའ་གནད་སེལ་རོགས་ཏན་ཏིག་བྱས་ཡོད། ད་ཆ་རླུང་འཕྲིན་དང་བཪྙན་འཕྲིན། ཚགས་པར་དང་དུས་དེབ། གཙོ་འཛིན་གྱི་སྐུ་པར་བཅས་ཚང་མ་དགོན་སྡེར་ཡོད་པ་དང་དགོན་སྡེའི་དཔེ་དེབ་ཁང་བསྐྲུན་རྒྱུར་ཡང་ཤུགས་སྣོན་ཐེབས་ནས་དགེ་འདུན་པ་ཚོའི་འཚོ་བ་དེ་སྔ་ལས་ཕུན་སུམ་ཚོགས་པ་དང་མཐོང་རྒྱ་ཡང་དེ་སྔ་ལས་ཆེ་རུ་ཕྱིན་ནས་དགེ་འདུན་པ་ཚོས་ཏང་དང་སྲིད་གཞུང་གི་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པའི་ཐད་ཀྱི་སྲིད་ཇུས་བཟང་པོར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ་གི་ཡོད་པ་དང་འབྲེལ་དགོན་སྡེ་དོ་དམ་ཨུ་ལྷན་འཛུགས་རྒྱུའི་བྱེད་ཐབས་དེར་ཧ་ཅང་བསྔགས་བརྗོད་དང་བརྩི་བཀུར་ཞུ་གི་ཡོད་ཅེས་ཝུའུ་དབྱིང་ཅེ་ལ་ཞུས་པ་རེད།

        ལྷུན་གྲུབ་དང་དེ་བཞིན་དགོན་སྡེ་དོ་དམ་ཨུ་ལྷན་གྱི་འགན་འཁུར་བའི་འབྲེལ་ཡོད་ངོ་སྤྲོད་གསན་རྗེས་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པའི་གལ་ཆེའི་བྱེད་ཐབས་རབ་དང་རིམ་པ་འདོན་དོན་ནི་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང་སྲིད་ཇུས་སྔར་བས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་ཡིན་པ་དང་། དེ་ནི་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། ཁ་ཕྲལ་ལ་ངོ་རྒོལ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། སྲིད་ཇུས་དང་བྱེད་ཐབས་དེ་དག་ཆོས་དད་རང་མོས་ལ་སྲུང་སྐྱོང་དང་རྒྱུན་གཏན་གྱི་ཆོས་ལུགས་སྒྲིག་ལམ་སྲུང་སྐྱོང་བྱ་རྒྱུར་ཕན་པ་ཡོད་པ་དང་། དགོན་སྡེ་བརྟན་པོའི་ངང་འཕེལ་རྒྱས་གཏོང་རྒྱུར་ཕན་པ་ཡོད་པ། དགོན་སྡེའི་དོ་དམ་ཚད་ལྡན་ཅན་དང་ཁྲིམས་ལུགས་ཅན་ལ་འགྱུར་རྒྱུར་ཕན་པ་ཡོད་ཅེས་གསུངས་པ་དང་། ཝུའུ་དབྱིང་ཅེས་དགེ་འདུན་པ་ཚོས་རྒྱལ་སྐྱོང་འགྲོ་ཕན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་བཏོན་གནང་བའི་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་པའི་དམིགས་ཚད་ལྟར་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་བླང་བྱ་བཏོན་གནང་ཞིང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་དོན་སྙན་སེང་གསན་རྗེས་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་པད་མ་འཕྲིན་ལས་རྣམ་གཉིས་ཀྱི་ཚབ་ཞུས་ཏེ་དགོན་སྡེར་བཅའ་སྡོད་ལས་བྱེད་པ་ཚོར་བྱམས་བརྩེའི་འཚམས་འདྲི་གནང་ཞིང་། ཁོང་གིས་དགོན་སྡེར་བཅའ་སྡོད་ལས་དོན་སྤེལ་བ་དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་གལ་ཆེན་ཞིག་ཡིན་པས་དགོན་སྡེར་བཅའ་སྡོད་དོ་དམ་ཨུ་ལྷན་གྱི་ཁོངས་མི་ཡོངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བྱེད་ཕྱོགས་སྲིད་ཇུས་རབ་དང་རིམ་པར་སློབ་སྦྱོང་ནན་ཏན་བྱེད་པ་དང་གོ་བ་གཏིང་ཟབ་བླངས་ཏེ་དགོན་སྡེར་བཅའ་སྡོད་ལས་དོན་ཏན་ཏིག་སྤེལ་ཏེ་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་ཆབ་སྲིད་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་སྦྲགས་ཆོས་ལུགས་ཤེས་བྱ་སློབ་སྦྱོང་བྱ་རྒྱུ་དམ་འཛིན་བྱས་ནས་ལས་དོན་ཁག་གཏིང་ཟབ་སྤེལ་རྒྱུར་ཆ་རྐྱེན་བསྐྲུན་དགོས་པ་དང་། ལྷག་བསམ་ཟོལ་མེད་ངང་དགེ་འདུན་པ་ཚོ་དང་གྲོགས་པོ་བསྒྲིགས་ཏེ་དགེ་འདུན་པ་ཚོར་དངོས་ཡོད་དཀའ་ངལ་སེལ་རོགས་བྱེད་དགོས་པ། དགེ་འདུན་པ་ཚོའི་བསམ་བློའི་འཁོར་ཕྱོགས་ཁོང་དུ་ཆུད་གང་ཐུབ་བྱས་ནས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་སྤེལ་དགོས་ཞེས་གསུངས་པ་རེད།

        ཝུའུ་དབྱིང་ཅེ་དང་བཅས་པས་དེ་རྗེས་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་དག་པ་གྲོང་ཚོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་སར་ཕེབས་ནས་རྨང་བརྟན་དམངས་ཕན་བྱེད་སྒོ་སྤེལ་ཚུལ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་གནས་ཚུལ་ཤེས་རྟོགས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།