དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་3ཚེས་23ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་སྲིད་གཞུང་གི་2012ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་དང་སྐོང་ཚོགས་གནང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་ཧྲུའུ་ཅི་ཁྲེན་ཆོན་གོས་བོད་ཀྱི་འཐུས་མི་ཚོགས་པར་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་དགོས་ལུགས་ཐད་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་སྒོ་ཀུན་ནས་ལག་བསྟར་དོན་འཁྱོལ་དང་འབྲེལ་ཉེ་དུས་ཀྱི་ལས་དོན་ཡང་བཀོད་སྒྲིག་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཆིན་དབྱི་ཀྲི། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་རིང་དང་། མོང་ཏེ་ལི། ཏུང་མིང་ཅུན། ལི་ཀྲའོ་བཅས་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་ལྗོངས་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཅིན་ཧྲེ་ཤུན། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དྲུང་ཆེ་ཀའོ་དབྱང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

        པད་མ་འཕྲིན་ལས་ཀྱིས་འདི་ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ཀྱི་སྔ་འཛིན་ཕྱི་མཐུད་ཀྱི་གལ་ཆེའི་ལོ་ཞིག་ཡིན་པ་དང་ང་ཚོའི་ཏང་གིས་ཚོགས་ཆེན་བཅོ་བརྒྱད་པ་འཚོག་རྒྱུ་ཡིན་པས་འདི་ལོའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་གནང་བའི་བཀོད་སྒྲིག་ཁག་ལ་གཞིགས་ཏེ་ལས་ཀའི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་ལྷོད་གཡེང་མི་གཏོང་བ་དང་། སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱ་རྒྱུ་ལྷོད་གཡེང་མི་གཏོང་བ། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་ལྷོད་གཡེང་མི་གཏོང་བ་བཅས་ལ་དམ་འཛིན་བྱས་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་གི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་གསུངས་པ་རེད།

        གཅིག་ནས་ལས་འགན་ཨང་དང་པོ་ཡིན་པའི་འཕེལ་རྒྱས་དམ་འཛིན་ནན་པོ་བྱེད་དགོས་ཤིང་། ཐོན་ལས་དང་པོ་གོང་མཐོར་གཏོང་བ་དང་། ཐོན་ལས་གཉིས་པ་རྒྱ་ཆེར་གཏོང་བ། ཐོན་ལས་གསུམ་པ་སྟོབས་ཆེར་གཏོང་བ་བཅས་ཀྱི་བསམ་ཕྱོགས་ལ་གཞིགས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་དང་། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། འཕེལ་རྒྱས་གཏོང་སྟངས་སྒྱུར་བ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་།

        གཉིས་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུར་དམ་འཛིན་ནན་པོ་བྱེད་དགོས་ཤིང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སྔོན་ལ་སློབ་གསོ་འཕེལ་རྒྱས་གཏོང་བ་དང་། ལས་ཞུགས་རྒྱ་ཆེར་ཧུར་ཐག་གཏོང་བ། སྤྱི་ཚོགས་འགན་ལེན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། སྨན་བཅོས་འཕྲོད་བསྟེན་གྱི་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། རིག་གནས་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་བ། མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱེད་དགོས་པ།

        གསུམ་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་དམ་འཛིན་ནན་པོ་བྱེད་དགོས་ཤིང་། སྔ་ཕྱི་བར་གསུམ་དུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་འཛུགས་སྐྲུན་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་སུ་འཇོག་དགོས་པ།

        བཞི་ནས་ལས་འགན་ཨང་དང་པོ་ཡིན་པའི་བརྟན་ལྷིང་སྲུང་སྐྱོང་ལ་དམ་འཛིན་ནན་པོ་བྱེད་དགོས་ཤིང་། ཀྲུང་དབྱང་གི་མཛུབ་སྟོན་བླང་བྱ་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཁག་ལ་གཞིགས་ཏེ “རྨང་གཞི་བརྟན་གཏོང་དང་། འགག་རྩ་དམ་འཛིན། གཙོ་གནད་མངོན་གསལ། གསར་གཏོད་དོ་དམ། ལས་འགན་དོན་འཁྱོལ ”བཅས་བྱེད་པ་དང་འབྲེལ་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་དགོས་པ།

        ལྔ་ནས “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དར་སྤེལ་གཏོང་རྒྱུར་དམ་འཛིན་ནན་པོ་བྱེད་དགོས་ཤིང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་ངེས་ཏེ་དཀའ་སྤྱད་འབད་འཐབ་དང་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དར་སྤེལ་དང་ལག་ལེན་ཡག་པོ་བསྟར་དགོས་པ་བཅས་རེད།

        ཉེ་དུས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་པད་མ་འཕྲིན་ལས་ཀྱིས་ད་ལྟ་དཔྱིད་དུས་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་དུས་ཚིགས་ཡིན་པས་ལྗོངས་ཡོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འགག་རྩའི་དུས་སྐབས་དེ་དམ་འཛིན་བྱས་ཏེ་དཔྱིད་རྨོད་རྨོད་གྲབས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པ་དང་། ན་ནིང་ལས་མཇུག་སྒྲིལ་མེད་པའི་གལ་ཆེའི་རྣམ་གྲངས་ལས་འགོ་བསྐྱར་ཚུགས་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་འགན་ལེན་བྱེད་དགོས་པ། དམངས་འཚོར་དོ་ཁུར་ཏན་ཏིག་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་བཀོད་སྒྲིག་ཡག་པོ་བྱེད་པ་དང་། ཟོག་གོང་བརྟན་པོ་ཡོང་རྒྱུར་ཤུགས་སྣོན་རྒྱག་པ། སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་མུ་མཐུད་ཡག་པོ་སྤེལ་པ། བདེ་སྡོད་ལས་གྲྭའི་འཛུགས་སྐྲུན་མགྱོགས་སུ་གཏོང་བ། དབུལ་སྐྱོར་གསར་སྤེལ་མགྱོགས་སུ་གཏོང་བ། གེགས་འགོག་གེགས་སེལ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ལ་དམ་འཛིན་བྱེད་པ་བཅས་བྱེད་དགོས་པ། མིག་སྔའི་བརྟན་ལྷིང་སྲུང་སྐྱོང་གི་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཁག་གཞིར་བཟུང་ལས་ཀའི་སྔོན་ཇུས་ནན་ཏན་བཟོ་བ་དང་བྱེད་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

        མཇུག་ཏུ་པད་མ་འཕྲིན་ལས་ཀྱིས་འདི་ལོའི་ཡུལ་སྐོར་གྱི་དུས་ཚིགས་ཤར་ཉེར་ཡོད་པས་ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་1000ལ་སྣེ་ལེན་ཞུ་རྒྱུའི་བརྩོན་ལེན་བྱས་ཏེ་ཡོང་འབབ་སྒོར་དུང་ཕྱུར་120ཡན་དུ་སླེབས་རྒྱུའི་དམིགས་ཚད་མངོན་འགྱུར་བྱ་ཆེད་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།