དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུའི(རྒྱ་ཆེའི)ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་དང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེའི་དགོངས་དོན་བརྒྱུད་བསྒྲགས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་3ཚེས་20ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུའི (རྒྱ་ཆེའི )ཚོགས་འདུ་འཚོགས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེའི་དགོངས་དོན་བརྒྱུད་བསྒྲགས་གནང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་བཀའ་མངགས་ལྟར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་ཚོགས་འདུ་གཙོ་སྐྱོང་དང་འབྲེལ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་དང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་དེང་སྐབས་ཀྱི་ལས་དོན་ཏན་ཏན་ཏིག་ཏིག་ངང་ལེགས་པར་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་ཀྱང་གནང་བ་རེད།

        རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཧའོ་ཕུང་དང་། ཝུའུ་དབྱིང་ཅེ། མགོན་པོ་བཀྲ་ཤིས། ཆིན་དབྱི་ཀྲི ཆེ་དགྲ་ལྷ། ཏེང་ཞའོ་ཀང་། ཏུང་ཡུན་ཧུའུ་བཅས་ཚོགས་འདུར་ཕེབས་པ་རེད།

        པད་མ་འཕྲིན་ལས་ཀྱིས་གསུང་བཤད་གནང་སྐབས་ད་རེས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་ལེན་བསྟར་བའི་སྔ་འཛིན་ཕྱི་མཐུད་ཀྱི་གལ་ཆེའི་ལོ་གཅིག་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་མ་འཚོག་གོང་གི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་དང་མཐུན་སྒྲིལ་དང་། དམངས་འཚོ། བདེན་འཚོལ། འབད་འབུངས་བཅས་ཀྱི་ཚོགས་ཆེན་ཞིག་རེད། ཟླ་3ཚེས་9ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་པོའི་རིང་བོད་ཀྱི་འཐུས་མི་ཚོགས་པའི་འཐུས་མིར་གཟིགས་པ་དང་། བསམ་འཆར་གསན་པ། ཐུན་མོང་ཐོག་རྒྱལ་ཁབ་ཀྱི་དོན་ཆེན་ལ་གྲོས་བསྡུར་གནང་བར་ལོ་20བསྟུད་མར་ཕེབས་པ་དང་འབྲེལ་མཛུབ་སྟོན་གལ་ཆེན་གནང་བ་དེ་ཐོག་ནས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྩེ་སེམས་ཟབ་མོ་འཆང་ལུགས་གང་ལེགས་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དེས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ཁ་ཕྱོགས་བསྟན་པ་དང་སྒུལ་ཤུགས་སྦྱིན་པས་ང་ཚོར་སྐུལ་མ་ཟབ་མོ་ཐེབས་པ་དང་། སྐུལ་ལྕག་ཟབ་མོ་ཐེབས་པ། སེམས་འགུལ་ཟབ་མོ་ཐེབས་པ། དྲོ་སྐྱིད་ཟབ་མོ་ཚོར་བ་བཅས་བྱུང་། ཟླ་3ཚེས་11ཉིན་ཧྲུའུ་ཅི་ཁྲེན་ཆོན་གོས་བོད་ཀྱི་འཐུས་མི་ཚོགས་པའི་ཚང་འཛོམས་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཐད་བཀོད་སྒྲིག་གནང་ནས་སློབ་སྦྱོང་ནན་ཏན་བྱེད་པ་དང་། གོ་བ་གཏིང་ཟབ་བླངས་པ། བརྒྱུད་བསྒྲགས་གཏིང་ཟབ་བྱེད་པ། དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་བཅས་བྱས་ཏེ་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་བླང་བྱ་གསལ་པོ་བཏོན་པས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཧྲུའུ་ཅི་ཁྲེན་ཆོན་གོའི་བླང་བྱར་གཞིགས་ནས་སློབ་སྦྱོང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་འཕྲལ་མར་འཕྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།

        པད་མ་འཕྲིན་ལས་ཀྱིས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། གོ་བ་ཡག་པོ། ལག་བསྟར་ཡག་པོ་བཅས་བྱ་རྒྱུ་ནི་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེ་ཞིག་ཡིན་པས་ངེས་པར་དུ་དུས་ཚོད་དམ་འཛིན་གྱིས་སློབ་སྦྱོང་ནན་ཏན་དང་ལག་བསྟར་གཏིང་ཟབ་བྱེད་དགོས་ཞེས་ནན་བཤད་གནང་བ་སྟེ། གཅིག་ནས་ངོས་འཛིན་གཏིང་ཟབ་ཏུ་བཏང་སྟེ་སློབ་སྦྱོང་ལ་དམ་འཛིན་བྱས་ཐོག་བསམ་བློ་གཅིག་འགྱུར་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། གཉིས་ནས་དམིགས་ཚད་ལ་དམིགས་ནས་དོན་འཁྱོལ་དམ་འཛིན་བྱས་ཏེ་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ། གསུམ་ནས་དངོས་ཡོད་ལ་གཞི་ཚུགས་ཏེ་མིག་སྔར་དམ་འཛིན་བྱས་ཐོག་གཙོ་གནད་ལས་ཀའི་འཕེལ་རིམ་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་བཅས་རེད།

        པད་མ་འཕྲིན་ལས་ཀྱིས་ད་ལོ་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་ལས་འགན་གལ་ཆེན་ཞིག་ནི་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོ་དང་སྲིད་གྲོས་ཀྱི་སྐབས་བརྗེའི་ལས་དོན་ཡིན་པས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ། ཁྲིམས་ལྟར་བྱ་བ་ནན་པོ་སྒྲུབ་པ་བཅས་སྐབས་བརྗེའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་ལྷུ་ཚིགས་ཁག་ཏུ་དོན་འཁྱོལ་བྱས་ཏེ་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་དང་སྲིད་གྲོས་ཀྱི་སྐབས་བརྗེའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།