དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་ཀྱིས་གཙོ་གནད་རྣམ་གྲངས་ལས་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་3ཚེས་19ཉིན་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་ལས་དོན་ཚོགས་འདུ་འཚོགས་ནས་འདི་ལོ་ཤར་ཚུན་ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་འཕེལ་ཚུལ་ལ་ཕྱོགས་སྡོམ་བྱས་པ་དང་དུས་བབ་ལ་དབྱེ་ཞིབ་བྱས་ཏེ་འདི་ལོའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་ལས་དོན་སྔར་བས་དོན་འཁྱོལ་བྱས་པ་རེད།

        ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཝུའུ་དབྱིང་ཅེ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས་ལས་ཀའི་བྱ་ཐབས་ཆེ་རུ་གཏོང་བ་དང་འགན་འཁྲི་དོན་འཁྱོལ་གྱིས “ལོ་ལྔ་ཚན་བཅུ་གཉིས་པའི ”གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་འདི་ལོ་རྒྱལ་ཁབ་ཀྱི་མ་དངུལ་སྒོར་དུང་ཕྱུར་300དོན་འཁྱོལ་ཡོང་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་དང་། ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཅིན་ཧྲི་ཤུན་གྱིས་འདི་ལོའི་གཙོ་གནད་རྣམ་གྲངས་ལས་དོན་བཀོད་སྒྲིག་གནང་བ་རེད།

        ཝུའུ་དབྱིང་ཅེས་དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་འདི་ལོ་ཤར་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཙོ་བོའི་ལས་ཀར་འབྲེལ་མཐུད་ཤུགས་ཆེན་བྱས་པའི་འོག་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་པད་མ་འཕྲིན་ལས་རྣམ་གཉིས་པེ་ཅིང་དུ་ཐེངས་མང་ཕེབས་ཏེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་འབྲེལ་གཏུགས་གནང་བ་དང་ལྷག་པར་དུ་འདི་ལོའི་ཚོགས་འདུ་གཉིས་རིང་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་འབྲེལ་ཡོད་པུའུ་ཨུད་དང་མཉམ་དུ་ལྷ་ས་གྲོང་ཁྱེར་གྱི་དྲོད་རླངས་མཁོ་འདོན་ལས་གྲྭ་དང་དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས་སོགས་དམངས་ཕན་རྣམ་གྲངས་མགྱོགས་མྱུར་སྤེལ་རྒྱུའི་སྐོར་ཆེད་མངགས་གྲོས་མོལ་གཏིང་ཟབ་གནང་སྟེ་རང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་སྔ་ཙམ་དོན་འཁྱོལ་བྱ་ཆེད་རྨང་གཞི་ཡག་པོ་ཞིག་བཏིང་བ་རེད། རང་སྐྱོང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་གཞུང་ལས་ཁང་གིས་སྒྲིག་འཛུགས་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་ས་གནས་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་དང་མཉམ་ལས་ཤུགས་ཆེན་བྱས་པས་ལྗོངས་ཡོངས་ཀྱི་མ་དངུལ་བརྩོན་ལེན་དང་རྣམ་གྲངས་འཛུགས་སྐྲུན་ལས་དོན་ལ་འཕེལ་རིམ་གསར་པ་བྱུང་བས་གྲུབ་འབྲས་དེ་ལྟ་བུ་ཐོབ་པར་ཁས་ལེན་བྱེད་འོས་པ་ཞིག་ཡོད་ཅེས་གསུངས་ཤིང་། ཁོང་གིས་ལྗོངས་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ཐོག་ནས་སྤྱི་ཁྱབ་ཧྲུའུ་སྤྱི་ཧུའུ་ཅིན་ཐའོ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་བཏོན་གནང་བའི “མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་ལྔ ”ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་པོར་དམིགས་ཏེ་བསམ་བློ་དང་བྱ་སྤྱོད་དེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཧུར་ཐག་ཡོང་བ་བྱས་ནས་བསམ་བློར་སྔར་བས་བཅིངས་འགྲོལ་གཏོང་བ་དང་། འདུ་ཤེས་གསར་བརྗེས་བྱེད་པ། བློ་ཁོག་ཆེན་པོ་བཅས་བྱས་ཏེ་བྱ་ཐབས་གསར་པ་སྤྱད་དེ་རྣམ་གྲངས་ཇུས་འགོད་བྱས་ནས་མ་འཇོག་རྣམ་གྲངས་དེ་བས་མང་བ་དོན་ཐོག་ཏུ་འཁྱོལ་བ་བྱེད་པ་དང་རྒྱ་ཆེའི་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།