དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་ཀྱིས་རྒྱལ་ཁབ་གློག་དྲ་ཀུང་སིའི་འགོ་ཁྲིད་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་རྒྱལ་ཁབ་གློག་དྲ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལིའུ་ཀྲེན་ཡ་སོགས་དང་བཞུགས་མོལ་གནང་བ་རེད།

        ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་300ལྷག་ཙམ་གྱི་ཚབ་ཞུས་ནས་རྒྱལ་ཁབ་གློག་དྲ་ཀུང་སིས་དུས་ཡུན་རིང་པོའི་ནང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཐད་ཀྱི་ལས་དོན་ཁག་དང་ལྷག་དོན་དུ་བོད་ཀྱི་གློག་ཤུགས་བྱ་གཞག་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་ཀྱིས་ལོ་མང་རིང་རྒྱལ་ཁབ་གློག་དྲ་ཀུང་སིས་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཆབ་སྲིད་ལ་སྣང་ཆེན་དང་། ཁྱོན་ཡོངས་ལ་སྣང་ཆེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་བཅས་བྱས་ཏེ་མི་ཤུགས་དང་། དངུལ་ཤུགས། ནོར་ཤུགས། ལག་རྩལ་སོགས་ཕྱོགས་མང་པོའི་ཐོག་ནས་བོད་སྐྱོར་ལས་དོན་ཤུགས་ཆེན་སྤེལ་ཏེ་བོད་ཀྱི་གློག་ཤུགས་བྱ་གཞག་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་། མ་འཇོག་བྱེད་ཤུགས་ཆེ་རུ་དང་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་རྒྱུན་ཆད་མེད་པར་བཏང་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འོད་ཟེར་དང་དྲོ་སྐྱིད་སྦྱིན་ཡོད། ལྷག་དོན་དུ་ལོ་གཉིས་མ་ཟིན་པར “གློག་ཤུགས་མཁའ་ལམ ”——མཚོ་བོད་ཐད་རྒྱུག་དྲ་སྦྲེལ་འདུ་འགོད་བསྐྲུན་ནས་བོད་ཀྱི་གློག་ཤུགས་དེ་དྲ་བ་རྐྱང་མ་འཁོར་རྒྱུག་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་བོད་དབུས་ཀྱི་གློག་དྲར་གློག་མི་འདང་བའི་གནས་ཚུལ་ལྷོད་དུ་ཕྱིན་ནས་བོད་ཀྱི་གློག་ཤུགས་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་ཞིག་ཏུ་གྱུར་ཡོད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རྒྱལ་ཁབ་གློག་དྲ་ཀུང་སིས་ལེགས་སྐྱེས་གལ་ཆེན་ཕུལ་བར་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་300ཡིས་དུས་དང་རྣམ་པ་ཀུན་ཏུ་བརྗེད་མི་སྲིད་ཅེས་གསུངས་པ་རེད།

        རྒྱལ་ཁབ་གློག་དྲ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལིའུ་ཀྲེན་ཡས་བོད་ཀྱི་གློག་ཤུགས་བྱ་གཞག་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་དེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་མཚོན་ཚུལ་ཞིབ་ཕྲ་ཞིག་ཡིན་པ་མ་ཟད་རྒྱལ་ཁབ་གློག་དྲ་ཀུང་སིའི་དོར་ཐབས་མེད་པའི་འགན་འཁྲི་ཞིག་ཀྱང་རེད།   རྒྱལ་ཁབ་གློག་དྲ་ཀུང་སིས་མ་འཇོག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་བོད་ཀྱི་གློག་ཤུགས་བྱ་གཞག་མགྱོགས་མྱུར་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། དུས་ཚོད་དམ་འཛིན་གྱིས་ཆབ་མདོ་ས་ཁུལ་གྱི་གློག་དྲ་དེ་ནང་སའི་གློག་དྲ་དང་དྲ་སྦྲེལ་བྱ་རྒྱུའི་དུས་འགོའི་གྲ་སྒྲིག་བྱེད་པ་དང་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་རྩ་བའི་ཆ་ནས་ཆབ་མདོ་ས་ཁུལ་གྱི་གློག་ཤུགས་ཀྱི་དགོས་མཁོའི་འགལ་བ་སེལ་བ་དང་། དོ་དམ་གྱི་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་གསར་གཏོད་བྱས་ནས་བོད་ཀྱི་རྫོང་58ཀྱི་གྲོང་གསེབ་ཀྱི་གློག་དྲར་དོ་དམ་བྱས་ཏེ་བོད་ཀྱི་གྲོང་གསེབ་ཀྱི་གློག་ཤུགས་བྱ་གཞག་འཕེལ་རྒྱས་མགྱོགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བའི 《“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འཛུགས་སྐྲུན་རྣམ་གྲངས་ཀྱི་འཆར་འགོད་ཇུས་གཞིའི 》ནང་གློག་དྲ་འཛུགས་སྐྲུན་རྣམ་གྲངས་དང་འབྲེལ་བ་ཡོད་པའི་མ་འཇོག་གང་མགྱོགས་ཞིབ་འཇུག་དང་དོན་འཁྱོལ་བྱས་ཏེ་བོད་ཀྱི་གློག་ཤུགས་བྱ་གཞག་འཕེལ་རྒྱས་ཡོང་ཆེད་སྒུལ་ཤུགས་ཆེན་པོ་ཞིག་མཁོ་འདོན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།