དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བཀོད་འདོམས་པུའི་ཚོགས་འདུ་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བཪྙན་འཕྲིན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེས་15ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེས་ལྷ་སར་ནེ་པ་ལ་རྒྱལ་ཕྲན་མཉམ་འབྲེལ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་གསར་དུ་བསྐོ་གཞག་བྱས་པའི་ལྷ་སར་བཅའ་སྡོད་སྤྱི་ཁྱབ་ཁེ་སྐྱོང་ཧ་ལི ·ཕུའུ་ལ་ས་ཏེ ·པ་ཞའོ་དང་མཇལ་འཛོམས་གནང་བ་དང་ཕྱོཌ་གཉིས་པོས་ཐུགས་སྣང་གཤིན་པོའི་མཛའ་གྲོགས་ཀྱི་བཞུགས་མོལ་གནང་བ་རེད།

        ཝུའུ་དབྱིང་ཅེས་དང་ཐོག་ཧ་ལི ·ཕུའུ་ལ་ས་ཏེ ·པ་ཞའོ་ལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱི་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་ཞུ་གནང་ཞིང་། ཁོང་གིས་1955ལོར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ཚུན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་དང་རྣམ་པ་ཀུན་ཏུ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱུང་བ་དང་། ཕྱོགས་གཉིས་པོའི་མཐོ་རིམ་དབར་ཕན་ཚུན་འཚམས་འདྲི་བྱེད་པ། ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་མཐུད་ངང་མདུན་ཕྱོགས་སུ་སྐུལ་འདེད་བཏང་བ་དང་ལྷག་པར་དུ་ད་ཕན་ལོ་ཤས་རིང་ཀྲུང་གོ་དང་ནེ་པ་ལ་ཕྱོགས་གཉིས་པོའི་འགོ་ཁྲིད་དབར་རྒྱ་ཁྱབ་ངང་འབྲེལ་བ་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བས་ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། ཀྲུང་གོ་དང་ནེ་པ་ལ་ནི་ཐོག་མཐའ་བར་གསུམ་དུ་ཁྱིམ་མཚེས་བཟང་པོ་དང་། རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་འདོམས་པུའི་བཀོད་སྒྲིག་རབ་དང་རིམ་པ་ལྟར་ཁྱོན་ཡོངས་ནས་སྐུལ་སློང་བྱེད་པ་དང་། དོགས་ཟོན་ཆེར་སྐྱེད་བྱེད་པ། ཕྱར་བ་གྲུ་འདེགས་བྱེད་པ། བདེ་འཇགས་ལ་མཉམ་དུ་འགན་ལེན་བྱེད་པ་བཅས་བྱས་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་བོད་དུ་གནད་དོན་ཆེ་འབྲིང་ཆུང་གསུམ་གང་རུང་ཡང་མི་ཐོན་པའི་འགན་ལེན་གྱིས་རྒྱལ་ཁབ་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱ་ཕྱིར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། གྲུབ་འབྲས་བཟང་པོ་དེ་ལྟ་བུ་ཐོབ་པ་ནི་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་དགོངས་པ་མི་སེམས་ལ་ཟུག་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་འཕེལ་རྒྱས་དོན་གཉེར་བྱེད་པ། བརྟན་ལྷིང་ཡོང་རེ་བྱེད་པ། ཞི་མཐུན་ཡོང་རེ་བྱེད་པ་བཅས་ལས་བྱུང་བ་དང་། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་པ་ལས་བྱུང་བ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མ་དང་ཕྱོགས་ཁག་གིས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་སྒྲུབ་པའི་འགག་རྩའི་དུས་སུ་ཕྱར་བ་གྲུ་འདེགས་དང་འགག་སྒྲོལ་དཀའ་སེལ་བྱས་པ་ལས་བྱུང་བ་རེད་ཅེས་གསུངས་ཤིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བཀོད་འདོམས་པུའི་ཚབ་ཞུས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་མདུན་མར་འབད་འཐབ་བྱེད་མཁན་རྒྱ་ཆེའི་དཔོན་དམག་དང་། སྲིད་ཁྲིམས་ཀྱི་ལས་བྱེད་ཉེན་རྟོག་པ། ས་ཁུལ་དང་གྲོང་ཁྱེར་ཁག སྡེ་ཚན་ཁག རྒྱ་ཆེའི་གཞི་རིམ་ལས་བྱེད་པ། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ནང་ཧུར་ཐག་ཞུགས་པ་དང་རྒྱབ་སྐྱོར་བྱེད་མཁན་མི་རིགས་ཁག་གི་མང་ཚོགས་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་བླ་ན་མ་མཆིས་པའི་གུས་འདུད་ཞུས་གནང་བ་རེད།

        ཧའོ་ཕུང་གིས་དེང་དུས་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ གྱི་དུས་བབ་སྔར་བཞིན་ཪྙོག་འཛིང་ཆེ་ཞིང་ཛ་དྲག་པོ་ཡོད་པ་དང་ཡུན་རིང་ནང་བརྟན་ལྷིང་ཡོང་རྒྱུར་ཤུགས་རྐྱེན་ངན་པ་བཟོ་བའི་མི་མངོན་པའི་རྐྱེན་ངན་ད་དུང་གནས་ཡོད་ཁར་འགྲན་སློང་དང་ཉམས་ཚོད་གསར་པ་འཕྲད་ཡོད་པར་བརྟེན་ང་ཚོས་ལྷོད་གཡེང་སྤུ་ཙམ་མེད་པའི་ངང་བོད་དུ་གནད་དོན་ཆེ་འབྲིང་ཆུང་གསུམ་གང་རུང་ཞིག་ཀྱང་མི་ཐོན་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཞིང་། ཁོང་གིས་ས་ཁུལ་དང་གྲོང་ཁྱེར་ཁག་དང་། སྡེ་ཚན་ཁག རིམ་ཁག་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བཀོད་འདོམས་པུའུ། ཕྱོགས་ཁག་གི་ལས་འགན་སྒྲུབ་མཁན་དཔུང་སྡེ། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་བཅས་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཞུགས་སྐབས་གནང་བའི “སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་མུ་མཐུད་སྲུང་སྐྱོང་ཧུར་ཐག་བྱ་རྒྱུའི ”མཛུབ་ཁྲིད་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པ་དང་བརྟན་ལྷིང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། བྱ་ཐབས་གཙོ་བོ་དང་འགོ་ཁྲིད་ཀྱི་འགན་འཁྲི་ཁ་གསལ་བཟོ་བ། ལྕག་སྐུལ་ཁྲིད་སྟོན་བྱེད་པ་བཅས་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་ལྟར་གོམ་སྟབས་རྗེས་མའི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ནུས་ཤུགས་ཡོད་རྒུས་ཏན་ཏིག་སྒྲུབ་དགོས། བསམ་བློའི་ཐད་ལྷོད་གཡེང་སྤུ་ཙམ་མི་ཤོར་བར་རིག་པ་དྭངས་གསལ་བྱས་ཏེ་རང་ལྗོངས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། ཪྙོག་འཛིང་རང་བཞིན། ཛ་དྲག་རང་བཞིན་བཅས་ལ་ངོས་འཛིན་ཟབ་མོ་བྱས་ནས་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པ་ཡོད་པ་རྒྱུན་འཁྱོངས་བྱེད་པ་དང “བོད་སྐྱོད་པ་རྒན་གྲས ”ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་འགན་ལེན་ཧུར་ཐག་བྱས་ཐོག་ཀྲུང་དབྱང་གི་བླང་བྱ་དང་། ལྗོངས་ཏང་ཨུད་ཀྱི་མངགས་བཅོལ་ཟབ་མོ། མི་རིགས་ཁག་གི་མི་དམངས་ཀྱི་རེ་བ་བཅས་ཆུད་ཟོས་སུ་གཏོང་རྒྱུ་མེད་པའི་བླང་བྱ་བཏོན་གནང་བ་རེད།

        མཇུག་ཏུ་ཧའོ་ཕུང་གིས་ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་བརྟན་ལྷིང་སྲུང་སྐྱོང་འགན་ལེན་ཧུར་ཐག་བྱེད་དགོས་པ་དང་ཕྱོགས་མཚུངས་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་དམངས་འཚོ་ལེགས་སུ་གཏོང་རྒྱུའི་ལས་དོན་འཐུས་ཤོར་མི་ཡོང་བ་དང་ཕྱོགས་གཉིས་ལ་དམ་འཛིན་བྱེད་པ་དང་། ཕྱོགས་གཉིས་ཀ་འཐུས་ཤོར་མི་འགྲོ་བ། ཕྱོགས་གཉིས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་དོན་ཏན་ཏིག་སྒྲུབ་དགོས། ཉེ་ཆར་དཔྱིད་དུས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་དང་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་ལས་དོན་ཏན་ཏིག་སྒྲུབ་དགོས་པ་དང་བདེ་འཇགས་ཐོན་སྐྱེད་ལ་མཐོང་ཆེན་བྱས་ཏེ་གཞུང་ལམ་འགྲིམ་འགྲུལ་དང་མེ་ཟོན་བདེ་འཇགས་ཐད་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་སྤྱི་པའི་བདེ་འཇགས་ཐད་ཀྱི་ལས་འཛོལ་ཚབས་ཆེན་མི་ཐོན་པའི་འགན་ལེན་བྱས་ནས་རང་ལྗོངས་ཀྱི་ཞི་མཐུན་བརྟན་ལྷིང་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།