དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་སྒུལ་ཤུགས་སུ་བྱས་ནས་ལྗོངས་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་སྔར་བས་སྲ་བརྟན་དང་གོང་འཕེལ་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

       ཟླ་3ཚེས་17ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཉེ་ཆར་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལེགས་པར་བསྒྲུབ་རྒྱུའི་ཐད་མཆན་བཀོད་མཛུབ་སྟོན་གནང་ནས་ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་སྒུལ་ཤུགས་སུ་བྱས་ནས་ལྗོངས་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་སྔར་བས་སྲ་བརྟན་དང་གོང་འཕེལ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        ཁྲེན་ཆོན་གོས་མཆན་འགོད་མཛུབ་སྟོན་ནང་ཉེ་ཆར་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་ལྷག་པར་དུ་རིམ་ཁག་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་འགོ་ཁྲིད་ཚན་ཁག་དང་། སྲིད་ཁྲིམས་ལས་ཁུངས་། བོད་སྡོད་མི་དམངས་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔུང་སྡེ། སྤྱི་བདེ་ལས་ཁུངས་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེའི་དགོངས་དོན་ལག་བསྟར་དོན་འཁྱོལ། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་དེ་ཐམས་ཅད་ལས་ལྷག་པའི་ཆབ་སྲིད་ཀྱི་ལས་འགན་དང་རི་བོ་ཐའེ་ཧྲན་ལས་ལྕི་བའི་ཆབ་སྲིད་ཀྱི་འགན་འཁྲིར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱ་ནན་ཏན་ངང་དོན་འཁྱོལ་བྱས་ཏེ་ཚད་མཐོའི་འགན་འཁྲིའི་སེམས་པ་དང་བྱ་གཞག་སྒྲུབ་སེམས་ཐོག་ནས་རང་དོན་བཞག་སྟེ་སྤྱི་དོན་བསམ་པ། ཚད་མཐོའི་དོགས་ཟོན་གྱིས་ཀུན་སེམས་གཅིག་དུ་སྒྲིལ་བ། ལས་གནས་བརྟན་སྲུང་གིས་རང་འགན་གཙང་སྒྲུབ་དང་ཉིན་མཚན་མེད་པར་རང་དོན་བསྐྱུར་ཏེ་ལས་དོན་སྒྲུབ་པ་བཅས་ལ་བརྟེན་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་རྒྱལ་ཁ་གལ་ཆེན་ཐོབ་པ་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་ཚོགས་ཕྱིར་རྣམ་པ་བཟང་པོ་ཞིག་བཏོད་ཡོད། ངས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་འགོ་ཁྲིད་ཚན་ཁག་དང་། བརྟན་ལྷིང་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོར་བསྟུད་མར་འབད་འཐབ་བྱེད་མཁན་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་། སྐོར་གཡེང་དཔུང་སྡེའི་དཔོན་དམག། སྲིད་ཁྲིམས་ཀྱི་ལས་བྱེད་པ་དང་ཉེན་རྟོག་པ། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ནང་ཧུར་ཐག་ཞུགས་པ་དང་རྒྱབ་སྐྱོར་བྱེད་མཁན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་བཅས་ལ་བྱམས་བརྩེའི་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་འབྲེལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན། ཚང་མས་གྲུབ་འབྲས་གཅེས་སྤྲས་དང་ཡང་འབད་སྐྱར་འབད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་བཏོན་གནང་བའི “ནུས་ཤུགས་ཡོད་རྒུ་བཏོན་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་མུ་མཐུད་སྲུང་སྐྱོང་བྱེད་དགོས ”ཞེས་པའི་མཛུབ་སྟོན་གལ་ཆེན་སྒུལ་ཤུགས་སུ་བྱས་ཏེ་སྡུག་བསྲན་ཁྱད་པར་ཐེག་པ་དང་། དམག་འཐབ་ཁྱད་པར་འཇོན་པ། བཟོད་བསྲན་ཁྱད་པར་ཐུབ་པ། མཐུན་སྒྲིལ་ཁྱད་པར་ཐུབ་པ། ལེགས་སྐྱེས་ཁྱད་པར་འབུལ་བ་བཅས་ཀྱི “བོད་སྐྱོད་པ་རྒན་གྲས ”ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་ནུས་ཤུགས་ཡོད་རྒུ་བཏོན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ནང་སྔར་བས་ཞུགས་ཏེ་ལས་སླ་པོར་བྱུང་བ་ཞིག་མིན་པའི་ཞི་མཐུན་བརྟན་ལྷིང་གི་རྣམ་པ་སྲ་བརྟན་ཡག་པོ་དང་གོང་འཕེལ་ཡག་པོ་བཏང་སྟེ “གསུམ་མི་ཐོན་པའི ”དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་བཏོན་ཡོད་པ་སྟེ།

        གཅིག་ནི་བརྟན་ལྷིང་སྲུང་སྐྱོང་གི་འདུ་ཤེས་སྔར་བས་མཐོ་རུ་གཏོང་དགོས། དེང་སྐབས་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་སྔར་བཞིན་འཕྲད་པའི་ཛ་དྲག་གི་དུས་བབ་ལ་ངོས་འཛིན་གང་ལེགས་བྱས་ཏེ་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོ་འཛུགས་པ་དང་དུས་དང་རྣམ་པ་ཀུན་ཏུ་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དེ་དམ་པོར་བཟུང་སྟེ་བག་མེད་ལྷོད་གཡེང་གི་བསམ་བློ་དང་དམག་འཐབ་ལ་སུན་སྣང་སྐྱེ་བའི་བསམ་ཚུལ་ཁྱད་བསད་མཐའ་གཅིག་ཏུ་བྱས་ནས་ཉེན་བརྡ་རྒྱུན་དུ་གཏོང་བ་དང་གྲ་སྒྲིག་ཨང་བསར་བྱས་ཏེ་སེམས་ཤུགས་མི་ཉམས་པ་དང་། ནུས་ཤུགས་མི་ཆག་པ། ལས་དོན་ལ་ལྷོད་གཡེང་མི་ཤོར་བ་བཅས་བྱས་ཏེ་ལྷུ་ཚིགས་རེ་རེ་བཞིན་དམ་འཛིན་ནན་པོ་དང་བརྟན་པོ་བྱེད་པ་དང་གཡུལ་འགྱེད་རེ་རེ་བཞིན་ལེགས་པར་རྒྱག་པ་དང་རྒྱལ་ཐུབ་པ་བྱས་ནས་ལས་དོན་ཐད་ཧོལ་རྒྱུག་སྤུ་ཙམ་ཡང་མི་ཤོར་བ་དང་། དགྲ་ཡའི་ཕྱོགས་གཏོགས་ལ་གོ་སྐབས་གང་ཡང་མི་སྤྲོད་པ། ཁ་ཕྲལ་རིང་ལུགས་པར་རང་ལྗོངས་ཀྱི་ཞི་མཐུན་བརྟན་ལྷིང་གི་དུས་བབ་བཟང་པོར་གཏོར་བཤིག་གཏན་ནས་གཏོང་དུ་མི་འཇུག་པ་བཅས་བྱེད་དགོས།

        གཉིས་ནི་གཙོ་གནད་བྱ་ཐབས་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། སྔ་ཙམ་དམ་འཛིན་དང་། ཆུང་ས་ནས་དམ་འཛིན། དམ་འཛིན་མགྱོགས་པོ། དམ་འཛིན་ཡག་པོ་བཅས་བྱ་རྒྱུ་མུ་མཐུད་མཐའ་འཁྱོངས་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་རབ་དང་རིམ་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཏང་སྲིད་དམག་ཉེན་དམངས་བཅས་མཉམ་འགོག་མཉམ་འགུལ་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་མཐའ་དག་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་དང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ལྷག་པར་དུ་གཙོ་གནད་བྱ་ཐབས་ཁག་དྲུག་ལ་ཤུགས་སྣོན་རྒྱག་དགོས་པ་སྟེ། གཅིག་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་དགོན་སྡེར་བཅའ་སྡོད་དོ་དམ་ཨུ་ཡོན་ལྷན་ཁང (ཆེད་གཏོང་མི་སྣ )གི་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲིར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ལས་འགན་ཁག་སྒོ་ཀུན་ནས་དོན་འཁྱོལ་བྱས་ཐོག་ཞིང་འབྲོག་ཁུལ་དང་དགོན་སྡེའི་བརྟན་ལྷིང་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་གཙོ་གནད་ས་ཁུལ་དང་གཙོ་གནད་ཕྱོགས་ཁག་དང “ས་མཚམས་གཉིས་དང་ལམ་རྒྱུད་གཅིག ”གི་དོ་དམ་ཚོད་འཛིན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཡོངས་སུ་ཁྱབ་པར་བྱས་ནས་སྲུབས་ཁ་མ་ལུས་པ་དང་། གྲིབ་ཆ་མེད་པ། སྟོང་ཆ་མ་ལུས་པ་བཅས་ཀྱི་འགན་ལེན་བྱེད་དགོས་པ། གསུམ་ནས་ཕྱོགས་མི་དང་གཙོ་གནད་མི་ཁྱུར་དོ་དམ་ཚོད་འཛིན་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་གནད་དོན་གང་ཡང་མི་ཐོན་པའི་འགན་ལེན་བྱེད་དགོས་པ། བཞི་ནས་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ཡོངས་ཀྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་676གང་མྱུར་བཙུགས་ནས་བེད་སྤྱོད་གཏོང་བ་དང་། དམངས་ཕན་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཀྱི་བྱ་ཐབས་འཐུས་ཚང་དུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་གི་སྟོབས་ཤུགས་འཐུས་ཚང་དུ་གཏོང་བ་དང་ཤུགས་སྣོན་རྒྱག་པ་བཅས་བྱས་ཐོག་གྲོང་ཁྱེར་དང་གྲོང་རྡལ་དྲ་གཟུགས་ཅན་གྱི་དོ་དམ་རྦད་དེ་ཁྱབ་རྒྱུའི་འགན་ལེན་བྱེད་དགོས་པ། ལྔ་ནས་གསར་དར་སྨྱན་སྦྱོར་གྱི་དོ་དམ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་སྔོན་རྟོགས་སྔོན་འགོག་གི་ནུས་པ་ཆེ་རུ་གཏོང་དགོས་པ། དྲུག་ནས་འཕྲལ་སྡོམ་ཐག་གཅོད་ཀྱི་ལམ་སྲོལ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཐོན་སྲིད་པའི་གནད་དོན་ལ་བསམ་བློ་མང་ཙམ་གཏོང་བ་དང་། ཚོད་དཔག་དེ་བས་ལེགས་ཙམ་བྱེད་པ། བསམ་གཞིག་དེ་བས་ཞིབ་ཚགས་ཙམ་བཅས་བྱས་ཏེ་འགན་འཁྲི་དང་ལས་འགན་དང་ཐོལ་བྱུང་གནད་དོན་ཐག་གཅོད་ཀྱི་བྱ་ཐབས་ཞིབ་ཕྲ་རུ་གཏོང་བ་དང་ལྷུ་ཚིགས་ཁག་དང་དུས་མཚམས་ཁག་མཐུད་སྦྱོར་ཡག་པོ་བྱས་ཐོག་ཐོལ་བྱུང་གི་དོན་རྐྱེན་ཐོན་མ་ཐག་འཕྲལ་མ་ཉིད་དུ་བློ་ཐག་ཆོད་པོས་ཐག་གཅོད་ཐུབ་པ་བྱེད་དགོས་པ་བཅས་རེད།

        གསུམ་ནི་འགོ་ཁྲིད་ཀྱི་འགན་འཁྲིར་སྔར་བས་ཤུགས་སྣོན་རྒྱག་དགོས། མངོན་ལྐོག་གཉིས་སུ་བརྟག་དཔྱད་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་སྡེ་ཚན་དང་ལྷག་པར་དུ་འགོ་ཁྲིད་བློ་མཐུན་གཙོ་བོ་དང་། ལས་འགན་ཁག་བགོས་འགན་འཁུར་བློ་མཐུན། འགན་བགོས་འགན་འཁུར་བློ་མཐུན། གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་བཅས་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཚན་ཁག་གི་ལས་གནས་བརྟན་སྲུང་དང་འགན་འཁྲི་སྒྲུབ་ཚུལ་ལ་ལྟ་སྐུལ་བྱས་ནས་ངོས་འཛིན་དང་། འགན་འཁྲི། ལས་དོན། བྱ་ཐབས་བཅས་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་དང་། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་བདའ་འདེད་གཏོང་བའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། “གང་ལྟར་གསུམ ”(གང་ལྟར་བྱས་རྗེས་ཆེན་པོ་ཅི་འདྲ་ཡོད་པ་དང་། གང་ལྟར་རིམ་པ་གང་ཞིག་གི་ལས་བྱེད་པ་ཡིན་པ། གང་ལྟར་དེ་སྔ་ལས་དོན་ཡག་པོ་ཅི་འདྲ་སྒྲུབ་པ་བཅས་ཡིན་ཡང་ཚང་མ་ས་གནས་དེ་རང་དུ་གོ་གནས་མེད་པར་བཟོ་བ )བཅས་ཀྱི་བླང་བྱ་ལྟར་ལས་གནས་བརྟན་སྲུང་མི་བྱེད་པ་དང་། འགན་འཁྲི་མི་ཁུར་བ། འགན་ཤོར་འགན་འཛོལ་བྱེད་པ། ལས་དོན་དོན་འཁྱོལ་མི་བྱེད་པ། བྱ་ཐབས་དོན་འཁྱོལ་མི་བྱེད་པ། བརྟན་ལྷིང་ཐད་གནད་དོན་ཐོན་པ་བཅས་ཡིན་ཕྱིན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་ལས་གུ་ཡངས་གཏོང་མི་རུང་།

        བཞི་ནི་ལྕག་སྐུལ་དང་ཁྲིད་སྟོན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། བརྟན་ལྷིང་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོར་དཔེ་མཚོན་བཟང་པོ་ཁྱབ་གདལ་གཏོང་བ་དང་། བརྟན་ལྷིང་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོར་ལས་བྱེད་པ་དཔྱད་ཞིབ་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོར་ཕུལ་བྱུང་ལས་བྱེད་པ་གདམ་གསེས་བཅས་བྱ་རྒྱུར་གཙིགས་ཆེན་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ནང་ཐོན་པའི་སྔོན་ཐོན་ཚན་པ་དང་སྔོན་ཐོན་མི་སྒེར་ལ་དུས་ཐོག་ཏུ་གཟེངས་བསྟོད་དང་བྱ་དགའ་སྤྲོད་པ་དང་། ལས་གནས་བརྟན་སྲུང་བྱེད་པ་དང་། ལས་འགན་ལྕི་པོ་ཁུར་ཕོད་པ། གཏུག་ཕོད་པ། ལེགས་སྐྱེས་འབུལ་རྒྱུར་དགའ་བ། མཚོན་ཚུལ་མངོན་གསལ་དོད་པ་བཅས་ཀྱི་ལས་བྱེད་པ་སྔོན་ལ་གནས་སྤོར་དང་མཐོང་ཆེན་བྱས་ཏེ་ཕྱོགས་གང་ཅིའི་ཐད་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱས་ཐོག་སྤྱི་ཚོགས་ཧྲིལ་པོར་ཀུན་གྱིས་བརྟན་ལྷིང་ལ་སེམས་ཁུར་བྱེད་པ་དང་། ཀུན་གྱིས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཀུན་གྱིས་བརྟན་ལྷིང་ལ་ལེགས་སྐྱེས་འབུལ་བ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།