དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཧའོ་ཕུང་གིས་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་འཕེལ་རྒྱས་འགྲོ་ཚུལ་ལ་རྟོག་ཞིབ་དང་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་འཕེལ་རྒྱས་འགྲོ་ཚུལ་ལ་སྔར་བས་ཤེས་རྟོགས་བྱེད་པ་དང་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་ཆེད་ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་གིས་ཆེད་མངགས་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཁག་གཅིག་ལ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཏེང་ཞའོ་ཀང་གིས་ཕེབས་རོགས་ཞུས་པ་རེད།

        ཧའོ་ཕུང་གིས་དང་ཐོག་བོད་ལྗོངས་ཝ་ཧ་ཧ་བཟའ་བཅའ་ཚད་ཡོད་ཀུང་སིར་ཕེབས་ནས་ཁེ་ལས་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་གནས་ཚུལ་ལ་གཟིགས་ཞིབ་དང་མཁྱེན་རྟོགས་གནང་ཞིང་། ཁེ་ལས་དེའི་ལས་བཟོ་120ཡི་ཁྲོད་བོད་རིགས་ལས་བཟོ་80%ཡོད་པ་མ་ཟད་ཁེ་ལས་ཀྱིས་ད་དུང་གཅིག་གྱུར་ངང་ལས་བཟོར “འགན་བཅོལ་ལྔ་དང་རྒན་གསོའི་དངུལ ”ཉོས་ནས་ཚང་མའི་འབྱུང་གྱུར་གྱི་སེམས་ཁྲལ་སེལ་བ་མཁྱེན་སྐབས་ཧའོ་ཕུང་གིས་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་རྒྱལ་ནང་གི་གྲགས་ཅན་བཟའ་བཅའི་ཁེ་ལས་ཡིན་པའི་ཧང་ཀྲོའུ་ཝ་ཧ་ཧ་ཚོགས་པ་ཚད་ཡོད་ཀུང་སིས་ལྷ་སར་མ་འཇོག་བྱས་ནས་བཟོ་གྲྭ་བསྐྲུན་པ་དེས་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ལས་ཞུགས་ལ་སྐུལ་གཏོང་ཐད་ལེགས་སྐྱེས་ཕུལ་བ་དང་དུས་མཚུངས་ད་དུང་སྔོན་ཐོན་གྱི་དོ་དམ་ཉམས་མྱོང་དང་ཞིབ་ཕྲའི་ལས་བཟོའི་ཞབས་ཞུའི་འགན་ལེན་གྱི་འདུ་ཤེས་ཁྱབ་པ་བྱས་པས་དེ་ནི་བསྟོད་འོས་པ་དང་ལྗོངས་ནང་ཁུལ་གྱི་ཁེ་ལས་གཞན་དག་གིས་སློབ་སྦྱོང་བྱེད་འོས་པ་ཞིག་རེད་ཅེས་གསུངས་པ་རེད།

        ཧའོ་ཕུང་གིས་མཐའ་མཚམས་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་ཡིན་པའི་བོད་འདི་ཉིད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་དང་བསྡུར་ན་བལྟོས་བཅས་ངང་རྗེས་ལུས་ཏོག་ཙམ་ཐེབས་ཡོད། རེ་བར་ནང་སའི་ཁེ་ལས་ཆེ་གྲས་དེ་བས་མང་བས་བོད་དུ་མ་འཇོག་དང་བཟོ་གྲྭ་སྐྲུན་བར་ཡོང་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཚ་རླབས་ནང་ཞུགས་ནས་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་འབད་འཐབ་ཀྱི་རྣམ་པ་ཧ་ཅང་བཟང་པོ་སྔར་བས་སྲ་བརྟན་དུ་གཏོང་དགོས་ཞེས་དམིགས་བསལ་མཛུབ་སྟོན་གནང་བ་རེད།

        དེ་རྗེས་ཧའོ་ཕུང་གིས་ལྷ་ས་རྒྱང་ཆེན་བཟོ་སྐྲུན་རྒྱུ་ཆ་ཚད་ཡོད་འགན་འཁྲི་ཀུང་སིའི་ཐོན་སྐྱེད་འཁོར་ཁང་ནང་ཕེབས་ཏེ་ཐོན་རྫས་ཀྱི་སྣ་ཁ་དང་། སྤུད་ཚད། ཕྱིར་ཚོང་རིན་གོང་སོགས་ཀྱི་གནས་ཚུལ་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་ཁོང་གིས་ཁེ་ལས་ཀྱིས་སྤུས་ཚད་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་མ་གནས་སྔར་བས་དམའ་རུ་གཏོང་བ་དང་། ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། སོ་ཕག་ཁོག་སྟོང་སོགས་ནུས་རྒྱུ་གྲོན་ཆུང་གི་བཟོ་སྐྲུན་རྒྱུ་ཆ་གསར་པ་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ནས་རང་ལྗོངས་ཀྱིས་ནུས་རྒྱུ་བསྲི་ཚགས་དང་ཕྱིར་འབུད་ཉུང་གཏོང་ངང་སྣོད་བཅུད་བཟང་བའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད། དུས་ཡུན་རིང་པོའི་ནང་རྒྱང་ཆེན་བཟོ་སྐྲུན་རྒྱུ་ཆ་ཀུང་སིས་རིག་གནས་འཛུགས་སྐྱོང་དེ་ཐོག་མཐའ་བར་གསུམ་དུ་ཁེ་ལས་འཕེལ་རྒྱས་གཏོང་ཕྱོགས་གལ་ཆེན་ཞིག་ཏུ་བརྩི་ཡི་ཡོད་པ་དང་ཀུང་སི་དེ་གའི་ལས་བཟོ་ལས་གྲུབ་པའི་བོད་རང་སྐྱོང་ལྗོངས་ཞིང་པ་གླ་པའི་སྒྱུ་རྩལ་ཚོགས་པས་རང་སྐྱོང་ལྗོངས་དང་རྒྱལ་ཡོངས་རང་བཞིན་གྱི་འཁྲབ་སྟོན་ནང་ཐེངས་མང་ཞུགས་མྱོང་ཡོད། ཧའོ་ཕུང་གིས་རིག་གནས་འཛུགས་སྐྱོང་ལ་བརྟེན་ནས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་བྱེད་སྟངས་དེར་ཁས་ལེན་གང་ལེགས་གནང་ཞིང་། ལས་བཟོས་འཁྲབ་སྟོན་བྱས་པའི་ཟློས་གར་ལ་གཟིགས་རྗེས་ཧའོ་ཕུང་ཐུགས་མཉེས་པོ་བྱུང་ནས་བཞེངས་ཏེ་ལས་བཟོ་ཡོངས་དང་ལྷན་དུ 《ཨ་མ་གཅིག་གི་བུ་མོ 》ཞེས་པའི་གཞས་སྐད་གསང་མཐོན་པོས་བཏང་གནང་བ་རེད། ཁོང་གིས་སེམས་འགུལ་ཟབ་མོའི་ངང “ཚང་མའི་ངོ་མཚར་ཆེ་བའི་འཁྲབ་སྟོན་དེ་ལས་ང་ཚོས་ཏང་གི་འགོ་ཁྲིད་འོག་བོད་ལྗོངས་ཀྱི་བུ་ཕྲུག་ན་གཞོན་ཚོའི་དཔའ་ངར་ཆེར་བསྐྱེད་དང་ཡིད་ཆེས་ཀྱིས་ཁེངས་པའི་སྐྱེ་སྟོབས་མཐོང་བྱུང་ལ་བོད་ལ་དེ་ལྟ་བུའི་ཕུལ་བྱུང་གི་ན་གཞོན་འཛུགས་སྐྲུན་པ་ཡོད་པར་སྤོབས་སེམས་ཆེན་པོ་སྐྱེ་གི་འདུག ”ཅེས་གསུངས་པ་རེད།

        ཧའོ་ཕུང་གིས་ད་དུང་བོད་ལྗོངས་གསོ་རིག་སློབ་གླིང་བོད་སྨན་བཟོ་གྲྭར་ཕེབས་ནས་ཐོན་སྐྱེད་དང་། གཉེར་སྐྱོང་། ཐོན་རྫས་ཕྱིར་ཚོང་བཅས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་དང་མཁྱེན་རྟོགས་གནང་བ་རེད།

        བརྟག་ཞིབ་གནང་རིང་ཧའོ་ཕུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རྒྱས་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་འཕེལ་རྒྱས་ནི་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་རེད་ཅེས་གསལ་སྟོན་གནང་ནས་ང་ཚོར་བློ་བརྟན་འགྱུར་མེད་ངང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་ཡོད། ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱིས་རང་སྐྱོང་ལྗོངས་ཀྱིས་བཏོན་པའི་གཟིགས་སྐྱོང་སྲིད་ཇུས་ཁག་བེད་སྤྱོད་ཡག་པོ་དང་། བབ་བསྟུན་ངང་བེད་སྤྱོད། མི་ལུས་པར་བེད་སྤྱོད་བཅས་བྱས་ཐོག་རང་ངོས་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

        རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་རིང་གིས་རྟོག་ཞིབ་དང་བརྟག་ཞིབ་ལ་ཕེབས་རོགས་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།