དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཀྲུང་གོ་འབྲི་ཆུའི་འགག་གསུམ་ཚོགས་པ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉེ་ཆར་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཀྲུང་གོ་འབྲི་ཆུའི་འགག་གསུམ་ཚོགས་པ་དང་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ཐུན་མོང་ཐོག་མཉམ་ལས་དང་འཕེལ་རྒྱས་ཀྱི་ཇུས་ཆེན་གླེང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་དང་ཀྲུང་གོ་འབྲི་ཆུའི་འགག་གསུམ་ཚོགས་པའི་ཏུང་ཧྲི་ཀྲང་ཏང་ཙུའི་ཧྲུའུ་ཅི་ཚའོ་ཀོང་ཅིང་རྣམ་གཉིས་ཀྱིས་བཞུགས་མོལ་ཚོགས་འདུའི་ཐོག་གསུང་བཤད་གནང་བ་རེད།

        རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཏེང་ཡེ་ཤན་བཞུགས་མོལ་ཚོགས་འདུར་ཕེབས་ཡོད།

        པད་མ་འཕྲིན་ལས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་གོ་འབྲི་ཆུའི་འགག་གསུམ་ཚོགད་པ་དང་མཉམ་ལས་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ལ་འཐབ་ཇུས་རོཌ་ཟླའི་གྲོས་མཐུན་དོན་འཁྱོལ་ནན་ཏན་བྱ་རྒྱུར་སྐུལ་མ་བཏང་ནས་འབྲི་ཆུའི་འགག་གསུམ་ཚོཌ་པས་བོད་དུ་འཕེལ་རྒྱས་གཏོང་རིང་བདེ་འཇཌ་དང་བློས་འགེལ་ཆོག་པའི་མ་འཇོག་གི་ཁོར་ཡུག་ཧུར་ཐག་བཏོད་པ་དང་ཕྱོགས་ཚང་མའི་ཐད་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ནུས་པ་མཐོ་བ་དང་སྤུས་ལེགས་ཀྱི་ཞབས་འདེགས་ཞུ་རྒྱུ་ཡིན། རེ་བར་འབྲི་ཆུའི་འགག་གསུམ་ཚོགས་པས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་སྒོ་ཀུན་ནས་ལག་བསྟར་བྱེད་པ་དང་བོད་དུ་མ་འཇོག་བྱས་ནས་འཕེལ་རྒྱས་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་བའི་རྨང་གཞིའི་ཐོག་སྣོད་བཅུད་བདེ་འཇགས་དང་། མང་ཚོགས་ལ་ཕན་པ་ཐོབ་པ། ས་གནས་འཕེལ་རྒྱས། ཁེ་ལས་ལ་ཕན་པ་ཐོབ་པ་བཅས་ཀྱི་གཉིས་ཁེ་གཉིས་ཕན་ཡོང་བ་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།

        ཚའོ་ཀོང་ཅིང་གིས་བོད་འདི་ནི་འབྲི་ཆུའི་ཆུ་འགོ་ཡིན་པ་དང་ཆུ་གློག་གི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་སྟབས་འབྲི་ཆུའི་འགག་གསུམ་ཚོགས་པས་ཀྱང་བོད་ཀྱི་ཆུ་གློག་གི་ཐོན་ཁུངས་གསར་སྤེལ་བྱ་རྒྱུའི་ཐད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།