དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་ཀྱི་འཐུས་མི་ཚོགས་པས་ཁང་གཉིས་ཀྱི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་3ཚེས་12ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་ཚོགས་འདུ་འཚོགས་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་ཤིང་། འཐུས་མི་ཚོས་ཁང་གཉིས་ཀྱི་ལས་དོན་སྙན་སྒྲོན་གྱི་ནང་དོན་ཕུན་སུམ་ཚོགས་པོ་དང་བསམ་ཕྱོགས་གསལ་པོ་ཡོད་པ་དང་སྙན་སྒྲོན་དེས་དངོས་ཐོག་བདེན་འཚོལ་ངང་འདས་ཟིན་པའི་ལོ་གཅིག་ནང་གི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་ལ་ཕྱོགས་སྡོམ་དང་ད་ལོའི་ལས་དོན་བཀོད་སྒྲིག་བྱས་པའི་ངོས་འཛིན་གནང་བ་དང་འབྲེལ་དེར་ཚང་མས་རྦད་དེ་མོས་མཐུན་གནང་བ་རེད།

        རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་བྱམས་པ་ཕུན་ཚོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་པད་མ་འཕྲིན་ལས་ཀྱིས་གསུང་བཤད་གནང་བ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་བཅས་ཡིན་པའི་ལེགས་མཆོག་ཚོགས་འདུར་ཞུགས་པ་བཅས་རེད།

        པད་མ་འཕྲིན་ལས་ཀྱིས་གཏམ་བཤད་གནང་སྐབས་2011ལོར་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེ་བཞིན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ནུས་ལྡན་འོག་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པས་ལས་དོན་ཁག་ལ་ཡར་རྒྱས་གསར་པ་བྱུང་ཡོད། ལོ་གཅིག་རིང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་བ་དང་སྤྱི་ཚོགས་ཀྱི་འགལ་བ་སེལ་བ་དང་། སྤྱི་ཚོགས་དོ་དམ་གསར་གཏོད་བྱེད་པ། གཞུང་དྲང་དང་སྤྱོད་གཙང་ངང་ཁྲིམས་འཛིན་བྱེད་པ་བཅས་ཀྱི་གནད་ཆེའི་ལས་དོན་ཁག་གསུམ་ལ་དམ་པོར་དམིགས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་ཁྲིམས་སྐྱོང་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་བྱེད་པ། སྤྱི་ཚོགས་ཞི་མཐུན་ལ་སྐུལ་མ་ཐེབས་རྒྱུ་བཅས་ལ་སྐུལ་འདེད་གཏོང་ཆེད་དང་། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་སྤྱི་ཚོགས་ཀྱི་འགལ་བ་སེལ་བ་དང་། སྤྱི་ཚོགས་དོ་དམ་གསར་གཏོད་བྱེད་པ། གཞུང་དྲང་དང་སྤྱོད་གཙང་ངང་ཁྲིམས་འཛིན་བྱེད་པ་བཅས་ཀྱི་གནད་ཆེའི་ལས་དོན་ཁག་གསུམ་ལ་སྐུལ་མ་ཏན་ཏིག་བཏང་བས་ཞིབ་དཔྱོད་ལས་དོན་ཁག་ལ་ཡར་རྒྱས་གསར་པ་བྱུང་ཡོད་ཅེས་གསུངས་པ་རེད།

        འཐུས་མི་ཚོས་གཏམ་བཤད་གནང་སྐབས་མི་དམངས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་འགན་འཁྲི་ནི་གཟི་བརྗིད་ལྡན་ལ་གལ་ཆེན་པོ་ཡིན། བོད་ཀྱི་རིམ་ཁག་མི་དམངས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས་ངེས་པར་དུ་ད་ཐེངས་ཀྱི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་ལེན་ཡག་པོ་བསྟར་རྒྱུ་དེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་གྱིས་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་གཏོང་བའི་བརྗོད་བྱ་གཙོ་བོ་དེར་དམ་འཛིན་ནན་པོ་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་མགྱོགས་སུ་གཏོང་བའི་གཙོ་རྐང་དེར་དམ་པོར་དམིགས་པ། ཁྲིམས་ལྟར་གྱོད་གཞི་གཉེར་བའི་གཙོ་གནད་དེ་མངོན་གསལ་དུ་འཛིན་པ། དཔུང་ཁག་འཛུགས་སྐྱོང་བྱེད་པའི་རྩ་བ་དེར་ཤུགས་སྣོན་རྒྱག་པ། གནད་ཆེའི་ལས་དོན་ཁག་གསུམ་ལ་སྐུལ་མ་ཏན་ཏིག་གཏོང་བ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་དྲང་གཞག་དང་དྲན་བདེན་སྲུང་སྐྱོང་བྱེད་པ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་མ་གཏོང་ཕྱིར་འབད་བརྩོན་ཆེན་པོས་ལས་ཀ་བྱེད་པ་དང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་བཏང་སྟེ་བོད་ཀྱི་སྔར་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཕྱིར་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།