དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བྱམས་པ་ཕུན་ཚོགས་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་3ཚེས་10ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་ཨུ་ཡོན་ཀྲང་ཝུའུ་པང་གོས་གནང་བའི 《རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན 》ལ་གྲོས་ཞིབ་བྱས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་བྱམས་པ་ཕུན་ཚོགས་གྲོས་ཞིབ་ནང་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་བ་རེད།

        བྱམས་པ་ཕུན་ཚོགས་ཀྱིས་གཏམ་བཤད་གནང་སྐབས་2011ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་གྲུབ་པའི་ལོ་དང་པོ་དེ་ཡང་ཡིན། ལོ་གཅིག་ནང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་པ། ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་ལས་དོན་ཁག་ཏན་ཏིག་དང་ནུས་ལྡན་ངང་སྤེལ་བ། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་པས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་བས་གཏིང་ཟབ་ངང་སྤེལ་བ་དང་ཕན་འབྲས་དངོས་ཐོན་ཡོད་ཅིང་། གཅིག་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཤུགས་སྣོན་བརྒྱབ་ཡོད། གཉིས་ནི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་ཐད་ཕན་འབྲས་གསར་པ་ཐོན་རྒྱུར་གཙོ་གནད་ཐོག་སྐུལ་འདེད་བཏང་ཡོད། གསུམ་ནི་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ཐད་བཀྲག་མདངས་འཚེར་ས་གསར་པ་ཐོན་རྒྱུར་གཙོ་གནད་ཐོག་སྐུལ་འདེད་བཏང་ཡོད། 2011ལོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་དང་ལས་རིགས་ནད་འགོག་བཅོས་བཅའ་ཁྲིམས་བཟོ་བཅོས་བརྒྱབ་པ་དང་ངལ་རྩོལ་གན་རྒྱའི་བཅའ་ཁྲིམས་དང་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་ཀྱི་རེས་སྐོར་གཉིས་པའི་ཁྲིམས་འཛིན་ཞིབ་བཤེར་དང་རྒན་རྒོན་གྱི་ཁེ་དབང་འགན་ལེན་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱས་ཐོག་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དོ་དམ་དང་དུས་ཡུན་འབྲིང་རིང་གི་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད་ལག་བསྟར་བྱས་ཚུལ་ཐད་ཆེད་དོན་འདྲི་རྩད་བྱས་པ་དེ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ལས་དོན་ཀྱི་གཙོ་རྐང་ལ་ཁྱབ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐུན་མོང་ཐོག་ལོངས་སྤྱོད་ཐུབ་རྒྱུར་སྔར་བས་སྐུལ་འདེད་བཏང་བ་དང་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་བྱས་པ། བཞི་ནི་ད་ཕན་ལོ་ཤས་རིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བོད་ཀྱི་འཐུས་མི་ཚོགས་པ་ཕྱི་རྒྱལ་དུ་འཚམས་འདྲིར་བསྐྱོད་རྒྱུ་བསྟུད་མར་སྒྲིག་འཛུགས་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱེད་པ་དང་། བདག་དབང་དང་། འགྲོ་བ་མིའི་ཐོབ་ཐང་། མི་རིགས། རིག་གནས། ཆོས་ལུགས། ཁོར་ཡུག་སྲུང་སྐྱོང་སོགས་ཐད་ཀྱི་རང་ལྗོངས་ཀྱི་བཅའ་ཁྲིམས་དང་། སྲིད་ཇུས། གྲུབ་འབྲས་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། རང་རྒྱལ་གྱི་མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཤེས་རྟོགས་ཡོང་ཤུགས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་ཀྱིས་དམའ་འབེབས་དང་ཚུར་རྒོལ་བྱས་པར་རྒོལ་ལན་མཐའ་གཅིག་ཏུ་སློག་སྟེ་རྒྱལ་སྤྱིའི་ཐོག་གི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་ཤུགས་རྐྱེན་བཟང་པོ་ནུས་ལྡན་ངང་རྒྱ་ཆེར་བཏང་ནས་འཕེལ་རྒྱས་དང་བརྟན་ལྷིང་གི་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་པ་བཅས་རེད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།