དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བློ་མཐུན་ཅིན་ཧྲུའུ་ཕིང་ལ“ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་གཟི་བརྗིད་མཚན་སྙན་རྗེས་སྤྲོད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བློ་མཐུན་ཅིན་ཧྲུའུ་ཕིང་གི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱས་ནས་དུས་རབས་གསར་པའི་གུང་ཁྲན་ཏང་ཡོན་གྱི་ལས་བཀུར་ལས་བརྩོན་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་བླ་ན་མེད་པའི་སྙིང་སྟོབས་དར་སྤེལ་གཏོང་ཆེད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཉེ་ཆར་བློ་མཐུན་ཅིན་ཧྲུའུ་ཕིང་ལ “ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན ”གྱི་གཟི་བརྗིད་མཚན་སྙན་རྗེས་སྤྲོད་གནང་བ་རེད།

        ཅིན་ཧྲུའུ་ཕིང་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གི་དེ་སྔའི་ཞིབ་དཔྱོད་དཔོན་ཡིན་པ་དང་། 2011ལོའི་ཟླ་8ཚེས་2ཉིན་གྱོད་དོན་སྙན་སེང་གསན་པའི་བརྒྱུད་རིམ་ནང་ཅིན་ཧྲུའུ་ཕིང་གློ་བུར་དུ་ཀླད་ཁྲག་ཤོར་བ་དང་ཕྱོགས་མང་པོའི་ཐད་ནས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཟླ་9ཚེས་5ཉིན་གྲོངས་པ་དང་གྲོངས་དུས་ལོ་48་ཡིན་པ་རེད། བློ་མཐུན་ཅིན་ཧྲུའུ་ཕིང་གི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱས་ནས་དུས་རབས་གསར་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་ལས་བཀུར་ལས་གཅེས་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་བླ་ན་མེད་པའི་སྙིང་སྟོབས་དར་སྤེལ་གཏོང་ཆེད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བློ་མཐུན་ཅིན་ཧྲུའུ་ཕིང་ལ “ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན ”གྱི་གཟི་བརྗིད་མཚན་སྙན་རྗེས་སྤྲོད་གནང་བ་རེད། ལས་ཀར་ཞུགས་ནས་ལོ་29་སོང་ཚུན་བློ་མཐུན་ཅིན་ཧྲུའུ་ཕིང་གིས་སྔ་ཕྱི་བར་གསུམ་དུ་གཞི་རིམ་དུ་རྩ་བ་བཙུགས་ནས་མིང་བསྒྲགས་མེད་པར་ལེགས་སྐྱེས་འབུལ་བ་དང་། སྤྱི་དོན་ཁོ་ན་ལས་སྒེར་དོན་མི་བསམ་པ། ཁེ་གྲགས་སྤོང་བ་བཅས་ཀྱིས་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་གཏན་ནས་མིན་པའི་བྱས་རྗེས་བཏོད་ཡོད། བློ་མཐུན་ཅིན་ཧྲུའུ་ཕིང་གི་ཕུགས་བསམ་དང་དད་སེམས་བརྟན་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་ལ་བློ་དཀར་སེམས་དཀར། མེས་རྒྱལ་ལ་བློ་དཀར་སེམས་དཀར། མི་དམངས་ལ་བློ་དཀར་སེམས་དཀར། བཅའ་ཁྲིམས་ལ་བློ་དཀར་སེམས་དཀར་བཅས་བྱེད་པའི་རང་གཤིས་རྒྱུན་འཁྱོངས་ཐུབ་པ་བྱས་ཡོད། ཁོང་གིས་ལུས་ཀྱི་ན་ཟུག་ལ་མ་བལྟོས་པར་ལས་ཀ་བྱས་ཏེ་རང་གི་ཚེ་སྲོག་མ་རྫོགས་བར་ཞིབ་དཔྱོད་ལས་ལ་གཞོལ་ཡོད། ཁོང་གིས་གཙོ་གཉེར་དང་། ཞུགས་པ། སྣེ་འཁྲིད་དེ་སྒྲུབ་པ་བཅས་ཀྱི་གྱོད་དོན་ཁག་3000ལྷག་ཙམ་ཟིན་པའི་ནང་ཁྲིམས་ཐག་གཅོད་ནོར་ཤོར་བའི་གྱོད་གཞི་གཅིག་ཀྱང་ཐོན་མེད། ཁོང་གིས་རྩ་དོན་མཐའ་འཁྱོངས་དང་། སྲིད་གཙང་སྤྱོད་གཙང་། དྲང་པོ་དྲང་གཞག་ངང་གྱོད་དོན་སྒྲུབ་པ་བཅས་བྱས་པས་ལས་བྱེད་པ་དང་ཉེན་རྟོག་པ་དང་གྱོད་དོན་གྱི་དོ་བདག་བཅས་ཀྱི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་ཡོད། ཁོང་གིས་བོད་ལ་དགའ་ཞེན་གྱིས་བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ་བྱས་ཤིང་། 1989ལོའི་ལྷ་སའི་ཟིང་ཆའི་དོན་རྐྱེན་དང་2008ལོའི་ལྷ་སའི “3·14”རྡུང་གཅོག་འཕྲོག་སྲེག་གི་ཚབས་ཆེའི་གཏུམ་སྤྱོད་ཉེས་གསོག་དོན་རྐྱེན་ཁྲོད་ཚེ་སྲོག་གི་ཉེན་ཁར་མ་འཛེམས་པར་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་དང་པོར་བསྐྱོད་དེ་རྒྱལ་ཁབ་ཀྱི་རྒྱུ་ནོར་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་བྱེད་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ཁོང་གིས་དམངས་ལ་སྙིང་ཉེ་བ་དང་དམངས་ལ་བརྩེ་བ་ཟབ་མོ་བཅངས་པ་དང་། ལས་བྱེད་ཉེན་རྟོག་པའི་སྣེ་འཁྲིད་དེ་ཡུལ་མི་སྡེ་ཁུལ་དང་། ཞིང་འབྲོག་ཁུལ། སློབ་གྲྭ་བཅས་སུ་ཐེངས་མང་བསྐྱོད་ནས་བོད་རྒྱ་སྐད་རིགས་གཉིས་ཀྱི་ཐོག་ནས་སྡེ་ཁུལ་གྱི་ཡུལ་མི་དང་། ཞིང་འབྲོག་མང་ཚོགས། གཞོན་ནུ་ལོ་ཆུང་བཅས་ལ་ཁྲིམས་ལུགས་ཤེས་བྱ་དྲིལ་བསྒྲགས་བྱས་པ་དང་མང་ཚོགས་ལ་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཏེ་ཞིབ་དཔྱོད་བྱ་གཞག་ཆེད་སྟོབས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་ནམ་འཚོའི་བར་དུ་ཞབས་ཞུར་བརྩོན་པ་དང་སེམས་ཤུགས་ཆེན་པོའི་ཐོག་ནས་དམངས་ལ་ལྷག་བསམ་རྣམ་དག་དང་སྤྱོད་གཙངགཞུང་དྲང་་གི་རིན་ཐང་ལྟ་བ་བཏོད་ཡོད། བློ་མཐུན་ཅིན་ཧྲུའུ་ཕིང་སྐུ་འཚོ་བཞུགས་སྐབས་སྔོན་ཐོན་མི་སྒེར་དང་། དཔའ་མོ་བྱས་རྗེས་འཇོག་མཁན་མིག་དཔེ། ཕུལ་བྱུང་ཏང་དོན་ལས་དོན་པ་བཅས་ལ་ཐེངས་མང་བདམས་མྱོང་བ་དང་འབྲེལ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་མཚན་སྙན་གྱི་བྱས་རྗེས་གཟེངས་རྟགས་ཀྱང་སྤྲད་པ་དང་། ཁོང་གི་ཁྱིམ་ཚང་ནི “བཟང་པོ་ལྔའི་ཁྱིམ་ཚང ”ལ་བདམས་ཡོད། ཁོང་ནི་ཞིབ་དཔྱོད་ལས་བྱེད་པའི་སེམས་གཏིང་གི་དཔེ་བཟང་བ་ཞིག་དང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་སློབ་སྦྱོང་བྱེད་སའི་མིག་དཔེ་ཞིག་རེད།

        ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ཚོར་བློ་མཐུན་ཅིན་ཧྲུའུ་ཕིང་གི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་ནན་ཏན་བྱེད་པ་དང་། ཏང་ལ་བློ་དཀར་སེམས་དཀར་བྱེད་པ་དང་འགན་འཁྲིའི་མདུན་དུ་རང་སྲོག་ལེགས་སྐྱེས་སུ་འབུལ་བའི་ཁོང་གི་ཆབ་སྲིད་ཀྱི་ཀུན་སྤྱོད་ལ་སློབ་སྦྱོང་། གཞི་རིམ་དུ་གཞི་ཚུགས་པ་དང་། ལེགས་སྐྱེས་འབུལ་རྒྱུར་དགའ་བ། ངལ་བ་དང་འཁང་ར་གཉིས་བཟོད་བཅས་ཀྱི་ཁོང་གི་བླ་ན་མེད་པའི་བསམ་ཚུལ་ལ་སློབ་སྦྱོང་། ཁོང་གིས་དམངས་ལ་སྙིང་ཉེ་བ་དང་དམངས་ལ་བརྩེ་བ་ཟབ་མོ་བཅངས་པ་དང་། མང་ཚོགས་དང་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་དང་། ཁྱིམ་ཆུང་དོར་ནས་ཚང་མར་ཟོལ་མེད་བརྩེ་སེམས་བཅངས་པ་བཅས་ལ་སློབ་སྦྱོང་། གཞུང་དྲང་སྤྱོད་གཙང་དང་རང་ལུགས་ཚུལ་ལྡན་གྱིས་དབུལ་ཕོངས་ཉུང་དུ་གཏོང་བའི་ཁོང་གི་ལས་རིགས་སྤྱོད་ལམ་ལ་སློབ་སྦྱོང་། ཚེ་འདི་མ་རྫོགས་བར་དུ་འཐབ་འཛིང་བྱེད་མཚམས་མི་འཇོག་པའི་ཁོང་གི་ཞུམ་པ་མེད་པའི་སྙིང་སྟོབས་ལ་སློབ་སྦྱོང་། འགག་རྩའི་དུས་སུ་མདུན་ཕྱོགས་སུ་སྐྱོད་པ་དང་། རང་སྲོག་འཛེམས་མེད། ལུས་སྲོག་བློས་གཏོང་བྱ་རྒྱུར་མི་སྐྲག་པ་བཅས་ཀྱི་ཁོང་གི་དཔའ་བོའི་བརྗིད་ཉམས་ལ་སློབ་སྦྱོང་བཅས་བྱེད་དགོས་པ་དང་། བློ་མཐུན་ཅིན་ཧྲུའུ་ཕིང་མིག་དཔེར་འཛིན “དུས་དང་རྣམ་པ་ཀུན་ཏུ་མཐོང་ཐུབ་པ་དང་། འགག་རྩའི་དུས་སུ་ལངས་ཐུབ་པ། ཉེན་ཁའི་དུས་སུ་གང་ལའང་མི་འཛེམས་པ ”བཅས་བྱེད་ཐུབ་པ་དང་། དཀའ་སྡུག་སྔོན་ལ་མྱོང་བ་དང་། སྐྱིད་པོ་རྗེས་སུ་བྱེད་པ། འགན་འཁྲི་ཕྲག་ཐོག་ཏུ་འཁུར་ཐུབ་པ་དང་དེང་རབས་ཀྱི་གདོང་ལེན་པ་ཞིག་བྱེད་པ། ཕུལ་བྱུང་གི་གུང་ཁྲན་ཏང་ཡོན་ཞིག་བྱེད་པ་བཅས་ཀྱི་ཐོག་ནས་ཏང་དང་མི་དམངས་ཀྱི་བློ་དཀར་སེམས་དཀར་གྱི་སྲུང་དམག་ཅིག་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།