དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཆོན་གོས་བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་དང་སྐོང་ཚོགས་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་ལྗོངས་འཐུས་མི་ཚོགས་པའི་ཚོགས་གཙོ་ཁྲེན་ཆོན་གོས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་དང་སྐོང་ཚོགས་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་རེད།

        ཁྲེན་ཆོན་གོས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོགས་རིང་ལོ་20བསྟུད་མར་བོད་ལྗོངས་འཐུས་མི་ཚོགས་པའི་འཐུས་མིར་གཟིགས་པར་ཕེབས་ནས་དགོངས་འཆར་གསན་པ་དང་། རྒྱལ་ཁབ་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་མོལ་གནང་བ་དང་འབྲེལ་གལ་ཆེའི་མཛུབ་སྟོན་གནང་བ་དེ་ཐོག་ནས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་བ་གང་ལེགས་མཚོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྩེ་སེམས་ཟབ་མོ་འཆང་བ་གང་ལེགས་མཚོན་པ་དང་། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་སྦྱིན་ཡོད་པས་ང་ཚོར་ལྕག་སྐུལ་ཟབ་མོ་ཐེབས་པ་དང་། སེམས་ཤུགས་ལྷག་པར་འཕེལ་བ། དྲོ་སྐྱིད་ཟབ་མོ་ཚོར་བ་བཅས་བྱུང་ཡོད། ལྗོངས་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བསམ་བློའི་ཐོག་ནས་མངོན་པ་དང་། བྱ་སྤྱོད་ཐོག་དོན་འཁྱོལ་བྱེད་པ། ལས་དོན་ཁག་ནང་ལག་བསྟར་བཅས་བྱས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

        དེའང་གཅིག་ནས་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གལ་ཆེའི་གསུང་བཤད་ནང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་ཀྱི་ཐོག་ནས་འདས་ཟིན་པའི་ལོ་གཅིག་ནང་གི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཡོད་པ་དང་འབྲེལ “མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་ལྔའི ”ཐོག་ནས་བོད་ཀྱི་སླད་ཕྱིན་གྱི་འཕེལ་རྒྱས་དང་བརྟན་ལྷིང་སོགས་ལས་དོན་ཁག་ལ་བླང་བྱ་ཁ་གསལ་དང་རེ་བ་ནན་པོ་བཅོལ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གལ་ཆེའི་གསུང་བཤད་ནི་གཟིགས་རྒྱང་རིང་བ་དང་། ནང་དོན་ཕུན་སུམ་ཚོགས་པ། གསུང་ཚིག་ནན་ལ་ཐུགས་ཁུར་ཆེ་བ་བཅས་ཡོད་པ་དང་། དེ་ལས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་དགོངས་དོན་གང་ལེགས་མངོན་ཞིང་། དེ་ནི་བོད་ཀྱི་དོན་དངོས་དང་ཡོངས་སུ་འཚམས་ལ་མཛུབ་ཁྲིད་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད་པས་བོད་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འཕྲལ་མ་ཉིད་དུ་བརྡ་ཐོ་བཏང་ནས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོར་སྤྱི་ཁྱབ་ཧྲུའུ་ཅིའི་གལ་ཆེའི་གསུང་བཤད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་དུས་ཚོད་གཅིག་སྡུད་དང་། སློབ་སྦྱོང་ནན་ཏན། ལག་བསྟར་གཏིང་ཟབ་བཅས་བྱས་ནས་བསམ་བློ་སྤྱི་ཁྱབ་ཧྲུའུ་ཅིའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ཐོག་སྔར་བས་གཅིག་གྱུར་ཡོང་བ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་སྔར་བས་གཅིག་གྱུར་ཡོང་བ་བྱས་ཏེ་རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        གཉིས་ནས་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས་ཤིང་། འཐུས་མི་ཚོས་རང་ངོས་ཀྱི་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་། རིམ་ཁག་གསར་འགྱུར་དྲིལ་བསྒྲགས་སྡེ་ཚན་གྱིས་རླུང་འཕྲིན་དང་། བཪྙན་འཕྲིན། ཚགས་པར་དང་དུས་དེབ། དྲ་བ་བཅས་ཀྱི་ཐོག་ཆེད་དོན་ལེ་ཚན་བཏོད་པ་སོགས་ཀྱི་རྣམ་པ་སྣ་ཚོགས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་དང་བྱམས་བརྩེའི་ཐུགས་ཁུར་ལྗོངས་ཡོངས་ཀྱི་སྤྱི་ལེ་ངོས་གྲུ་120ཡི་ས་གཞི་ཆེན་པོའི་ཐོག་བརྒྱུད་བསྒྲགས་བྱེད་པ་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་300ལ་བརྒྱུད་བསྒྲགས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མི་སེམས་ལ་གཏིང་ཟབ་ཟུག་པ་དང་ཁྱིམ་ཚང་ཀུན་གྱིས་ཤེས་ཐུབ་པ་བྱེད་དགོས་པ།

        གསུམ་ནས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས་ཤིང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་བྱེད་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི “བདུན་གཅིག ”གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་བྱེད་རྒྱུ་དང་ཟུང་འབྲེལ་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་ཀྱི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་བསྟར་བྱེད་རྒྱུ་དང་ཟུང་འབྲེལ་བྱེད་པ། ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་བྱེད་རྒྱུ་དང་ཟུང་འབྲེལ་བྱེད་པ། “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་ཟུང་འབྲེལ་བྱེད་པ། ས་ཁུལ་དེ་ག་དང་། སྡེ་ཚན་དེ་ག ཚན་པ་དེ་ག་བཅས་ཀྱི་དངོས་ཡོད་ལས་དོན་ཡག་པོ་སྒྲུབ་རྒྱུ་དང་ཟུང་འབྲེལ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་གལ་ཆེའི་གསུང་བཤད་ཀྱི་བླང་བྱ་གཞིར་བཟུང “མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་ལྔའི ”ཐད་ཤུགས་བརྒྱབ་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་གི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

        གཅིག་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་མུ་མཐུད་ཤུགས་སྣོན་རྒྱག་དགོས་ཤིང་། གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་ཡག་པོ་བྱེད་པ་དང་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཚན་རྩལ་ཡར་ཐོན་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ། སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ་བཅས་བྱེད་དགོས་པ་དང་།

        གཉིས་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུའི་ཐད་མུ་མཐུད་ཤུགས་སྣོན་རྒྱག་དགོས་ཤིང་། བདེ་སྡོད་ལས་གྲྭའི་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱེད་པ་དང་། ཞིང་འབྲོག་ཁུལ་གྱི་ཆ་རྐྱེན་ལེགས་སུ་གཏོང་བ། ཟོག་གོང་མུ་མཐུད་བརྟན་པོའི་ངང་ཚོད་འཛིན་བྱེད་པ། ལས་ཞུགས་རྒྱ་ཆེར་ཧུར་ཐག་གཏོང་བ། སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་མཐོ་རུ་གཏོང་བ། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ། སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་གཏོང་བ། རིག་གནས་དམངས་ཕན་ལ་སྐུལ་འདེད་གཏོང་བ། དབུལ་སྐྱོར་གསར་སྤེལ་བྱེད་མགྱོགས་སུ་གཏོང་བ། གེགས་འགོག་གེགས་སེལ་དང་བདེ་འཇགས་ཐོན་སྐྱེད་དམ་འཛིན་ཡག་པོ་བཅས་བྱེད་དགོས་པ།

        གསུམ་ནས་སྣོད་བཅུད་སྲུང་སྐྱོང་ཐད་མུ་མཐུད་ཤུགས་སྣོན་རྒྱག་དགོས་ཤིང་། གཙོ་གནད་སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་ནུས་པ་ཆེ་རུ་གཏོང་བ། འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། སྣོད་བཅུད་སྲུང་སྐྱོང་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གངས་ལྗོངས་ས་མཐོའི་རྩྭ་དང་རྩི་ཤིང་དང་རི་ཀླུང་ཀུན་སྲུང་སྐྱོང་ཏན་ཏིག་བྱས་ནས་རྒྱལ་ཁབ་དང་། མི་དམངས། མི་རབས་རྗེས་མ་བཅས་ལ་བདེ་སྐྱིད་བསྐྲུན་དགོས་པ།

        བཞི་ནས་སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་སྲུང་སྐྱོང་ཐད་མུ་མཐུད་ཤུགས་སྣོན་རྒྱག་དགོས་ཤིང་། རྨང་གཞི་བརྟན་དུ་གཏོང་དགོས་པ་སྟེ། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། གཞོན་ནུ་ལོ་ཆུང་གི་བསམ་བློ་དང་ཆབ་སྲིད་སློབ་གསོར་ཤུགས་སྣོན་རྒྱག་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་བྱེད་སྒོ་གཏིང་ཟབ་སྤེལ་བ་བཅས་བྱེད་པ་དང་། འགག་རྩ་དམ་འཛིན་བྱེད་དགོས་པ་སྟེ། དགོན་སྡེའི་དོ་དམ་ལ་སྔར་བས་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་། “གཅིག་དྲུག ”བྱེད་སྒོ་གཏིང་ཟབ་སྤེལ་བ། ལྗོངས་ཡོངས་ཀྱི་སྒྲིག་ཁོངས་ནང་ཡོད་པའི་གྲྭ་བཙུན་གྱི་སྨན་བཅོས་དང་རྒན་གསོའི་འགན་བཅོལ་ཕྱོགས་ཡོངས་ནས་ཁྱབ་རྒྱུ་དོན་འཁྱོལ་བྱེད་པ། “ཡོད་པ་དགུའི ”འདུ་འགོད་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་མིའི་གྲྭ་བཙུན་ལ་གཅིག་སྡུད་བཅོས་སྒྲིག་དང་ཆོས་ལུགས་བྱེད་སྒོ་གཙང་བཤེར་དང་ཚད་ལྡན་ཡོང་བ་བྱེད་པ། བོད་ཀྱི་ནང་བསྟན་སློབ་གླིང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཡང་སྲིད་ངོས་འཛིན་གྱི་དོ་དམ་ལ་ཤུགས་སྣོན་དང་ཚད་ལྡན་ཡོང་བ་བཅས་བྱེད་དགོས་པ། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་པ་སྟེ། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སྐྲུན་མགྱོགས་སུ་གཏོང་བ་དང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ལ་དྲ་མིག་ཅན་གྱི་དོ་དམ་ཕྱོགས་ཡོངས་ནས་ཁྱབ་རྒྱུ་མངོན་འགྱུར་ཡོང་བ་བྱེད་དགོས་པ། གཙོ་གནད་ས་ཁུལ་གྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་དགོས་པ་སྟེ། སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་ལ་ཤུགས་སྣོན་རྒྱག་པ་དང་། ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་དང་བསྐྲུན་དགོས་པ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་རྦད་དེ་བདེ་འཇགས་ཡོང་རྒྱུའི་འགན་ལེན་བྱས་ནས་གླེང་ཕྱོགས་ཀྱི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས་པ། དོ་དམ་བྱེད་སྟངས་གསར་གཏོད་བྱེད་པ་དང་། གསར་དར་སྨྱན་སྦྱོར་དོ་དམ་ལ་ཤུགས་སྣོན་རྒྱག་པ། ལག་ཁྱེར་ཁ་པར་དང་། གཏན་འཇགས་ཁ་པར། དྲ་བ་བཅས་ཀྱི་ཐོབ་ཐང་ངོ་མ་ཐོ་འགོད་བྱེད་རྒྱུ་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ་སྤྱི་པའི་ཁེ་ཕན་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས་པ། འགན་འཁྲི་དོན་འཁྱོལ་བྱེད་དགོས་པ་སྟེ། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་དང་འགན་འཁྲི་བདའ་འདེད་གཏོང་བའི་ལམ་ལུགས་འཛུགས་པ། ཏང་སྲིད་དམག་ཉེན་དམངས་བཅས་མཐུན་སྦྱོར་དང་མཉམ་སྐུལ་བྱེད་པའི་འཕྲལ་སྡོམ་ལམ་སྲོལ་བཙུགས་ཏེ་ཐོལ་བྱུང་གི་དོན་རྐྱེན་ཐོན་མ་ཐག་འཕྲལ་མ་ཉིད་དུ་མགྱོགས་མྱུར་ཁ་གཏད་གཅོག་པ་དང་བློ་ཐག་ཆོད་པོས་ཐག་གཅོད་བྱེད་ཐུབ་པའི་འགན་ལེན་བཅས་བྱེད་དགོས་པ།

        ལྔ་ནས “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དར་སྤེལ་གཏོང་རྒྱུའི་ཐད་མུ་མཐུད་ཤུགས་སྣོན་རྒྱག་དགོས་ཤིང་། ཆབ་སྲིད་ཐད་སྔར་བས་བློ་བརྟན་འགྱུར་མེད་ཡོང་བ་བྱེད་དགོས་པ་སྟེ། ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཐད་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། བསམ་བློའི་ཐད་སྔར་བས་ཉམས་ཟད་ཐེག་ཐུབ་པ་བྱེད་དགོས་པ་སྟེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་མར་ཁེ་སི་རིང་ལུགས་ཀྱི་མེས་རྒྱལ་གྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་དང་། དངོས་གཙོ་སྨྲ་བ་དང་ལྷ་མེད་སྨྲ་བའི་བསམ་བློ་བརྟན་པོ་བཙུགས་ནས་རྩ་དོན་གལ་ཆེན་ཡིན་པའི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནད་དོན་ཐད་ངེས་པར་དུ་ལངས་ཕྱོགས་བརྟན་པོ་དང་། ངོས་འཛིན་གཅིག་གྱུར། ཁ་ཞེ་གཉིས་མེད། རྣམ་འགྱུར་བརྟན་པོ། གོམ་སྟབས་གཅིག་གྱུར་བཅས་བྱེད་དགོས་པ། རྩ་འཛུགས་ཐད་སྔར་བས་སྲ་བརྟན་ཡོང་བ་བྱེད་དགོས་པ་སྟེ། ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་མཁན། ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་མཁན། ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་ཕོད་མཁན་བཅས་ཀྱི་ཕུལ་བྱུང་བོད་རིགས་ལས་བྱེད་པ་དང་གྲངས་ཉུང་མི་རིགས་གཞན་དག་གི་ལས་བྱེད་པ་དང་དུས་ཡུན་རིང་པོའི་ནང་བོད་ལ་ལས་ཀ་བྱེད་མཁན་ཕུལ་བྱུང་རྒྱ་རིགས་ལས་བྱེད་པ་གསོ་སྐྱོང་དང་། གདམ་གསེས། བེད་སྤྱོད་བཅས་བྱ་རྒྱུར་སྣང་ཆེན་བྱེད་པ་དང་། ས་ཁུལ (གྲོང་ཁྱེར )དང་། རྫོང (གྲོང་ཁྱེར་དང་ཆུས ) ཤང་གྲོང་བཅས་ཀྱི་ཏང་སྲིད་ཀྱི་འགོ་ཁྲིད་རྒན་པའི་དཔུང་ཁག་འཛུགས་སྐྱོང་གི་འདུ་འགོད་ལག་བསྟར་བྱེད་དགོས་པ། སྤྱོད་ཚུལ་ཐད་དེ་བས་ཏན་ཏིག་ཡོང་བ་བྱེད་དགོས་པ་སྟེ། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་བཏང་ནས་གནས་ཚུལ་དངོས་ལ་རྟོག་ཞིབ་བྱེད་པ་དང་། སྐད་ཆ་དྲང་པོ་ཤོད་པ། བྱེད་ཐབས་དངོས་འདོན་པ་བཅས་མཐའ་འཁྱོངས་ཀྱིས་སྐད་ཆ་ཉུང་ཙམ་ཤོད་པ་དང་ལས་ཀ་མང་ཙམ་བྱེད་པ། བཤད་ཚད་སྒྲུབ་དགོས་པ་དང་། སྒྲུབ་ཐུབ་པ། ཡག་པོ་སྒྲུབ་ཐུབ་པ་བཅས་བྱས་ནས་སེམས་ནུས་གཅིག་སྡུད་ཀྱིས་འཕེལ་རྒྱས་དམ་འཛིན་དང་། བརྟན་ལྷིང་འགན་ལེན། མཐུན་སྦྱོར་ལ་སྐུལ་འདེད། དམངས་འཚོར་ཕན་འདོགས་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོར་བྱ་བ་དངོས་སྒྲུབ་པ་དང་། བྱ་བ་བཟང་པོ་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱེད་དགོས་པ། བླང་བྱའི་ཐད་དེ་བས་ནན་པོ་ཡོང་བ་བྱེད་དགོས་པ་སྟེ། རིམ་ཁག་ཏང་ཡོན་ལས་བྱེད་པ་དང་ལྷག་དོན་དུ་འགོ་ཁྲིད་ལས་བྱེད་པ་ཚོར་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། དཔལ་འབྱོར་གྱི་སྒྲིག་ཁྲིམས། མང་ཚོགས་ལས་དོན་གྱི་སྒྲིག་ཁྲིམས་བཅས་ནན་པོ་བསྲུང་རྒྱུའི་བླང་བྱ་བཏོན་ཏེ་ཏང་ཡོན་ལས་བྱེད་པས་ཏཱ་ལའི་རུ་ཚོགས་ལ་སྟོང་བསམ་འཆང་བ་དང་། ཏཱ་ལའི་རུ་ཚོགས་ཀྱི་རྗེས་སུ་འབྲངས་ནས་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་དང་མེས་རྒྱལ་གཅིག་གྱུར་ལ་གནོད་འཚེ་གཏོང་བ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ནན་ལ་ལྕི་བའི་སྒོ་ནས་ཞིབ་བཤེར་ཐག་གཅོད་བྱེད་པ་དང་། སློབ་གསོ་དང་། ལྟ་ཞིབ། སྔོན་འགོག ཆད་གཅོད་བཅས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་རྒྱུན་བསྲིང་ལྷོད་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་དགོས།

        ཁྲེན་ཆོན་གོས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་ཀྲུང་དབྱང་གིས་གསལ་སྟོན་གནང་བའི “ལྟེ་བ་གཅིག ”དང་། “དོན་ཆེན་གཉིས ”“འགན་ལེན་བཞི ”བཅས་ལ་དམ་པོར་དམིགས་ནས་མཐུན་སྒྲིལ་འབད་འཐབ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་གྲུབ་འབྲས་གསར་པའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་གཅེས་སྐྱོང་ཟབ་མོར་དྲིན་ལན་འཇལ་བ་དང་། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།