དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་གྲུབ་འབྲས་གསར་པའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཅེས་སྐྱོང་ཟབ་མོར་དྲིན་ལན་འཇལ་དགོས་ཞེས་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་3ཚེས་9ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་རང་ལྗོངས་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་རྒྱུན་འཁྱོངས་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་ཧུར་ཐག་བྱས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་གྲུབ་འབྲས་གསར་པའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཅེས་སྐྱོང་ཟབ་མོར་དྲིན་ལན་འཇལ་དགོས་ཞེས་ནན་བཤད་གནང་བ་རེད།

        ཁྲེན་ཆོན་གོས་ཙུང་ལི་དབུན་ཅ་པའོ་ཡིས་གནང་བའི 《སྲིད་གཞུང་གི་ལས་དོན་སྙན་སྒྲོན 》དེ་ཁྱོན་ཡོངས་ལ་དམིགས་པ་དང་། བརྗོད་བྱ་གཙོ་བོ་གསལ་པོ། ནང་དོན་ཕུན་སུམ་ཚོགས་པོ། བབ་ཆགས་པ། མི་སེམས་འགུལ་བ་བཅས་ཀྱི་སྒོ་ནས་གྲུབ་འབྲས་ལ་ཕྱོགས་སྡོམ་གནང་སྐབས་དངོས་ཐོག་བདེན་འཚོལ་དང་། དུས་བབ་ལ་དབྱེ་ཞིབ་གནང་སྐབས་ཕྱི་རོལ་ཡུལ་དང་འཕྱུགས་པ་མེད་པ།

        ལས་འགན་བཀོད་སྒྲིག་གནང་སྐབས་ཚན་རིག་དང་མཐུན་ལ་ཁ་གསལ་ཡིན་པ། ལས་ཀའི་བྱ་ཐབས་འདོན་གནང་སྐབས་ཏན་ཏིག་ནུས་ལྡན་བཅས་རེད། སྙན་སྒྲོན་ཧྲིལ་པོར་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་བླང་བྱ་ལག་ལེན་བསྟར་བ་དང་། བརྗོད་བྱ་གཙོ་བོ་དང་གཙོ་རྐང་ཁྱབ་པ། བརྟན་པོའི་ཁྲོད་ཡར་རྒྱས་དོན་གཉེར་བྱེད་པའི་ལས་ཀའི་སྤྱིའི་དོན་སྙིང་མཚོན་པ་བཅས་བྱས་པས་མི་རྩ་བར་འཛིན་པ་དང་དམངས་ཆེད་སྲིད་སྐྱོང་གི་སྙན་སྒྲོན་ཡག་པོ་དང་། དམ་པ་དོན་གཉེར་དང་སྒྱུར་བཅོས་གསར་གཏོད་ཀྱི་སྙན་སྒྲོན་ཡག་པོ། མི་སེམས་ལ་སྐུལ་མ་གཏོང་བའི་སྙན་སྒྲོན་ཡག་པོ་བཅས་ཤིག་རེད། འདས་ཟིན་པའི་ལོ་གཅིག་ནང་རྒྱལ་སྤྱིའི་ཪྙོག་འཛིང་ཆེ་ལ་འགྱུར་ལྡོག་ཀྱང་ཆེ་བའི་ཆབ་སྲིད་དང་དཔལ་འབྱོར་གྱི་ཁོར་ཡུག་དང་རྒྱལ་ནང་གི་དཀའ་ཚེགས་ཆེ་ཞིང་ལྕི་བའི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལས་འགན་མདུན་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཟིགས་རྒྱང་རིང་པོའི་ངང་རྒྱལ་སྤྱི་དང་རྒྱལ་ནང་གི་ཁྱོན་ཡོངས་གཉིས་གཅིག་གྱུར་འཆར་འགོད་ཀྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྣེ་འཁྲིད་དེ་མཐུན་སྒྲིལ་འབད་འཐབ་དང་འགག་སྒྲོལ་དཀའ་སེལ་བྱེད་པར་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པས་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ལ་ཁ་གཏད་བཅོག་པའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་དཔལ་འབྱོར་བརྟན་ལ་མྱུར་ཙམ་གྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས་དཔལ་འབྱོར་གྱི་གྲུབ་ཆ་ཐབས་ཇུས་རང་བཞིན་ངང་ལེགས་སྒྲིག་བྱེད་པར་ཚད་བརྒལ་བྱུང་བ་དང་། མི་དམངས་ཀྱི་འཚོ་བ་ལེགས་སུ་སོང་བ། ཕྱོགས་བསྡུས་རྒྱལ་ཤུགས་ཆེས་ཆེ་རུ་སོང་བ། རྒྱལ་སྤྱིའི་ཐོག་ཡོད་པའི་གནས་བབ་དང་ཤུགས་རྐྱེན་མངོན་གསལ་དོད་པོས་ཆེ་རུ་སོང་བ་བཅས་བྱས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”འགོ་ཡག་པོ་ཞིག་འཛུགས་ཐུབ་ཡོད།

        དེ་ནི་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་དང་འགོ་ཁྲིད་ཡང་དག་གནང་བའི་འབྲས་བུ་ཞིག་རེད་ཅེས་གསུངས་པ་རེད།

        ཁྲེན་ཆོན་གོས་འདས་ཟིན་པའི་ལོ་གཅིག་ནང་བོད་འདི་ཉིད་རྒྱལ་ཡོངས་དང་འདྲ་བར་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རྒྱབ་སྐྱོར་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ནས་2011ལོར་རྒྱལ་ཡོངས་ཀྱི “ཚོགས་འདུ་གཉིས ”འཚོག་རིང་སྤྱི་ཁྱབ་ཧྲུའུ་ཅི་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་བཏོན་གནང་བའི “ཏན་ཏན་ཏིག་ཏིག་བཞི ”ཡི་བླང་བྱ་གཞིར་བཟུང་ཏང་ཀྲུང་དབྱང་གིས་གསལ་སྟོན་གནང་བའི “ལྟེ་བ་གཅིག ”དང་། “དོན་ཆེན་གཉིས ”“འགན་ལེན་བཞི ”བཅས་ལ་དམིགས་ཏེ་སྐབས་རིམ་བྱུང་གི་ཏང་ཨུད་དང་སྲིད་གཞུང་གིས་བཏིང་བའི་ལས་ཀའི་རྨང་གཞི་བཟང་པོའི་ཐོག་བྱ་ཐབས་སྔར་བས་སྤྱད་དེ་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་སྣེ་ཁྲིད་ཀྱིས་ལས་ཀའི་ཚན་ཁག་གཉིས་བཙུགས་ནས་དོན་ཆེན་གཉིས་ཡིན་པའི་འཕེལ་རྒྱས་དང་བརྟན་ལྷིང་ལ་དམ་འཛིན་ནན་པོ་བྱེད་པ་དང་། ཕྱོགས་གཉིས་ཐད་ཀྱི་གཞི་འཛིན་ས་གདམ་གསེས་ཡག་པོ་བྱེད་པ། ཕུགས་ཕན་གྱི་ལམ་སྲོལ་གཉིས་བཟོ་བ་བཅས་ཀྱི་ཐོག་ནས་རང་སྐྱོང་ལྗོངས་ནས་ས་ཁུལ་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་བར་རིམ་པ་རེ་རེ་བཞིན་དམ་འཛིན་དང་རིམ་པ་རེ་རེ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་འགན་འཁྲིའི་མ་ལག་ཅིག་བཙུགས་པ་དང་ལྗོངས་ཡོངས་ཀྱི་རིམ་པ་གོང་འོག་ཚང་མས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་འབད་བརྩོན་ཆེན་པོས་སྐུལ་འདེད་གཏོང་བའི་འཕེལ་ཕྱོགས་བཟང་པོ་ཞིག་ཆགས་ཡོད། གྲུབ་འབྲས་དེ་དག་ནི་སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་དང་འགོ་ཁྲིད་སྲ་བརྟན་གནང་བ་ལས་ཐོབ་པ་ཞིག་རེད་ཅེས་གསུངས་པ་རེད།

        ཁྲེན་ཆོན་གོས་2012ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་སྔ་འཛིན་ཕྱི་མཐུད་བྱེད་པའི་གལ་ཆེའི་ལོ་ཞིག་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བའི་འགག་རྩའི་ལོ་ཞིག་རེད། ང་ཚོས་ཡང་འབད་བསྐྱར་འབད་བྱས་ནས་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་བློ་བརྟན་འགྱུར་མེད་ངང་བརྟན་ལྷིང་འགན་ལེན་བྱེད་པ་དང་། འཕར་རྒྱུར་སྐུལ་མ་གཏོང་བ། ཟོག་གོང་ཚོད་འཛིན་བྱེད་པ། སྒྱུར་བཅོས་ལ་དམ་འཛིན་བྱེད་པ། སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་བ། དམངས་འཚོར་ཕན་འདོགས་པ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་12%ཡན་དང་། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཀྱི་ཡོང་འབབ་15%ཡན། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་བཀོལ་སྤྱོད་ཐུབ་པའི་ཆ་སྙོམས་ཡོང་འབབ་7.5%ཡན། ཞིང་འབྲོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་13%ཡན་བཅས་འཕར་རྒྱུའི་བརྩོན་ལེན་བྱེད་པ་དང་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་རྒྱུན་འཁྱོངས་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ད་རེས་ཀྱི་ཚོགས་འདུའི་རིང་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོའི་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱེད་པ་དང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་ཏང་ཀྲུང་དབྱང་གིས་གསལ་བཏོན་གནང་བའི “ལྟེ་བ་གཅིག ”དང་། “དོན་ཆེན་གཉིས ”“འགན་ལེན་བཞི ”བཅས་སྔར་བས་དོན་འཁྱོལ་ཡག་པོ་བྱེད་པ་དང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་སྔར་བས་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་གྲུབ་འབྲས་གསར་པའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཅེས་སྐྱོང་ཆེ་མོར་དྲིན་ལན་འཇལ་བ་དང་གྲུབ་འབྲས་ཕུལ་བྱུང་གི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།