ཚེས་10ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པའི་བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་ཨུ་ཡོན་ཀྲང་ཝུའུ་པང་གོས་གནང་བའི 《རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན 》ལ་གྲོས་ཞིབ་བྱས་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་བྱམས་པ་ཕུན་ཚོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་པད་མ་འཕྲིན་ལས་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་བཅས་ཡིན་པའི་ལེགས་མཆོག་ཚོགས་འདུར་ཕེབས་ཡོད་པ་རེད།
འཐུས་མི་ཚོས་གྲོས་ཞིབ་གནང་སྐབས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་། བསམ་ཕྱོགས་ཁ་གསལ་བ། གཙོ་གནད་མངོན་གསལ་དོད་པ། བཀྲག་མདངས་འཚེར་ས་མང་བ་བཅས་ཡོད་པས་ས་གནས་ཀྱི་མི་དམངས་འཐུས་ཚོགས་ལས་དོན་ལ་མཛུབ་ཁྲིད་རང་བཞིན་ཧ་ཅང་ཆེན་པོ་ལྡན་པ་དང་རྩོམ་སྲོལ་བབ་ཆགས་པ་དང་བཅས་དམ་པ་དོན་གཉེར་གྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པའི་ངོས་འཛིན་གནང་བ་རེད། འཐུས་མི་ཚོས་འདས་ཟིན་པའི་ལོ་གཅིག་ནང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་གནང་བའི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་བཏོན་གནང་བའི “ཏན་ཏན་ཏིག་ཏིག་བཞིའི ”བླང་བྱ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པའི་བཀོད་སྒྲིག་ལ་གཞིགས་ནས་ལས་དོན་ཁག་ཏན་ཏིག་དང་ནུས་ལྡན་ངང་སྤེལ་ཏེ་བཅའ་ཁྲིམས་ཐད་འགན་ལེན་བྱ་རྒྱུར་དམིགས་ནས་ས་གནས་ཀྱི་ཁྲིམས་འཛུགས་ལ་ཏན་ཏིག་ངང་དམ་འཛིན་ཡག་པོ་བྱེད་པ་དང་། ལྗོངས་ཡོངས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུར་དམིགས་ཏེ་ལྟ་སྐུལ་ལས་དོན་ཏན་ཏིག་ངང་སྤེལ་བ། འཐུས་མིའི་ནུས་པ་འདོན་སྤེལ་བྱ་རྒྱུར་དམིགས་ནས་ཞབས་ཞུའི་ཆུ་ཚད་ཏན་ཏིག་ངང་མཐོ་རུ་གཏོང་བ། ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལེགས་ཆ་འདོན་སྤེལ་ཏན་ཏིག་བྱེད་པ། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུར་དམིགས་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་བཅས་བྱས་ཏེ་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་པའི་ངོས་འཛིན་གནང་བ་རེད།
འཐུས་མི་ཚོས་འདི་ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་པའི་གོང་འོག་མཐུད་འབྲེལ་གྱི་གལ་ཆེའི་ལོ་ཞིག་དང་རང་ལྗོངས་ཀྱིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པ་དང་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོག་རྒྱུ་ཡིན་པས་དུས་སྐབས་གསར་པའི་འོག་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་བབ་གསར་པ་དང་མི་དམངས་མང་ཚོགས་ཀྱི་འདུན་པ་གསར་པ་དང་འཚམས་པ་བྱེད་པ་དང་ངེས་པར་དུ་ཁྲིམས་འཛུགས་ཀྱི་ས་གནས་ཀྱི་ཁྱད་ཆོས་སྔར་བས་མངོན་པ་དང་། ལྟ་སྐུལ་ལས་དོན་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་བ། འཐུས་མིའི་གྲོས་འགོའི་ལས་དོན་སྒྲུབ་པའི་སྤུས་ཚད་མཐོ་རུ་གཏོང་བ། རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འགོ་ཁྲིད་དང་། མི་དམངས་མང་ཚོགས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཅས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་པ། ལས་དོན་སྔར་བས་ལེགས་སུ་གཏོང་བ་བཅས་བྱས་ཏེ་འགན་ནུས་སྒྲུབ་ནུས་རྒྱུན་ཆད་མེད་པར་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།