དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བཪྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་3ཚེས་1ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བཪྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་གནང་བའི་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལེགས་པར་བསྒྲུབ་རྒྱུའི་སྐོར་གྱི་གལ་ཆེའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་བྱས་པ་དང་། དུས་མཚམས་གོང་མའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་བསྒྲུབས་ཚུལ་བརྡ་ཁྱབ་བཏང་བ། དེང་སྐབས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་སྒྲིག་བྱས་པ་རེད།

        ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧའོ་ཕུང་ལྷ་སའི་ཚོགས་ར་གཙོ་བོའི་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་མགོན་པོ་བཀྲ་ཤིས་ཀྱིས་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་གནང་བའི་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལེགས་པར་བསྒྲུབ་རྒྱུའི་སྐོར་གྱི་གལ་ཆེའི་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བློ་བཟང་རྒྱལ་མཚན་དང་། ཅིན་ཧྲུའུ་པོ། ཆིན་དབྱི་ཀྲི ཆེ་དགྲ་ལྷ། ཏེང་ཞའོ་ཀང་། ནོར་བུ་དོན་གྲུབ། ཏུང་ཡུན་ཧུའུ་བཅས་ཡན་ལག་ཚོགས་ར་གཙོ་བོའི་ཚོགས་འདུར་ཕེབས་ཡོད་པ་རེད།

        ཧའོ་ཕུང་གིས་གསུང་བཤད་གནང་སྐབས་འདི་ལོ་ཚུན་དུ་ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་འབྲེལ་ཡོད་ཕྱོགས་ཁག་གིས་སེམས་ཤུགས་གཅིག་སྒྲིལ་དང་གྲ་སྒྲིག་ཨང་བསར་གྱིས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་འགན་ལེན་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྣམས་དགའ་སྤྲོའི་དཔལ་ལ་རོལ་བའི་ངང་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཏོང་ཐུབ་པའི་འགན་ལེན་བྱས་ཡོད། གྲུབ་འབྲས་དེ་དག་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་བླང་བྱ་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་དང་བཀོད་པ་ལུང་དུ་འགྲོ་བ་བྱས་པར་བརྟེན་ནས་བྱུང་བ་དང་། རིམ་ཁག་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཆེད་དོན་ཚན་ཁག་གིས་རང་འགན་གཙང་སྒྲུབ་དང་ཕན་ནུས་ལྡན་པའི་བཀོད་འདོམས་བྱས་པར་བརྟེན་ནས་བྱུང་བ། རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་སྒྲིག་ཁྲིམས་ནན་སྲུང་དང་ས་སྲུང་གི་འགན་འཁྲི་འཁུར་བར་བརྟེན་ནས་བྱུང་བ། ལས་སྒྲུབ་དཔུང་སྡེ་དང་སྲིད་ཁྲིམས་བརྟན་ལྷིང་སྲུང་སྐྱོང་ལས་ཁུངས་དང་ཁོངས་གཏོགས་བདེ་སྲུང་གིས་དཔུང་པ་མཉམ་གཤིབ་ངང་དམག་འཐབ་དང་ལག་གདང་སྦྲེལ་ནས་མཉམ་སྲུང་བྱས་པར་བརྟེན་ནས་བྱུང་བ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཀུན་སེམས་གཅིག་སྒྲིལ་དང་མཉམ་ཤུགས་ཆགས་པ་བྱས་པར་བརྟེན་ནས་བྱུང་བ་བཅས་ཡིན་ཞེས་མཛུབ་སྟོན་གནང་བ་དང་། ཁོང་གིས་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱི་ཚབ་གནང་ནས་ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་དང་། བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོར་བསྟུད་མར་འབད་འཐབ་བྱེད་མཁན་དྲག་ཆས་ཉེན་རྟོག་དཔོན་དམག སྲིད་ཁྲིམས་བརྟན་ལྷིང་སྲུང་སྐྱོང་གི་ལས་བྱེད་པ་དང་ཉེན་རྟོག་པ་བཅས་དང་དེ་བཞིན་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།

        ཧའོ་ཕུང་གིས་མིག་སྔར་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཐད་འཕྲད་པའི་དུས་བབ་ནི་ཛ་དྲག་ལ་ཪྙོག་འཛིང་ཆེ་བ་ཞིག་ཡོད་པས་ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་དང་། རིམ་ཁག་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ། ཕྱོགས་ཁག་གི་ལས་སྒྲུབ་དཔུང་སྡེ། རིམ་ཁག་དགོན་སྡེ་དང་གྲོང་ཚོར་བཅའ་སྡོད་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་བཅས་ཀྱིས་ཧྲུའུ་ཅི་ཁྲེན་ཆོན་གོས་བཏོན་གནང་བའི “བརྟན་ལྷིང་སྲུང་སྐྱོང་གི་དོགས་ཟོན་བྱེད་ཤུགས་ཆེ་རུ་དང་སླར་ཡང་ཆེ་རུ་གཏོང་དགོས་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ནན་དུ་དང་སླར་ཡང་ནན་དུ་གཏོང་དགོས་པ། བརྟན་ལྷིང་སྲུང་སྐྱོང་གི་སྒྲིག་ཁྲིམས་ནན་པོ་ཡོང་བ་དང་སླར་ཡང་ནན་པོ་ཡོང་བ་བྱེད་དགོས་པ། བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་དོན་འཁྱོལ་དང་སླར་ཡང་དོན་འཁྱོལ་བྱེད་དགོས་པ། བརྟན་ལྷིང་སྲུང་སྐྱོང་གི་དམིགས་ཚད་འགན་ལེན་དང་སླར་ཡང་འགན་ལེན་བྱེད་དགོས་པ་བཅས ”ཕྱོགས་5ཐད་ཀྱི་བླང་བྱར་ནན་པོར་གཞིགས་ནས་སྔར་ལས་ལྷག་པའི་ངང་བསམ་བློར་བཅིངས་འགྲོལ་གཏོང་བ་དང་རིག་པ་དྭངས་གསལ་གྱི་སྒོ་ནས་རང་ལྗོངས་སུ་འཕྲད་པའི་ཡུན་རིང་དང་། ཪྙོག་འཛིང་། རྣོ་ངར་བཅས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་གསལ་ཤེས་ཐུབ་པ་བྱས་ནས་ཡིད་ཆེས་དང་དཔའ་སེམས་སྔར་བས་ཆེ་རུ་གཏོང་དགོས་པ་དང་། གལ་ཆེའི་དུས་མཚམས་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་པ་དང་། གཙོ་གནད་ཁུལ་དུ་དོགས་ཟོན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ཁོངས་གཏོགས་ས་ཆར་དོ་དམ་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་དགོས་པ། གཞི་རིམ་བརྟན་ལྷིང་ཡོང་རྒྱུར་དམ་འཛིན་ཏན་ཏིག་བཅས་བྱས་ནས་ཁུག་ཀྱོག་མི་ལུས་པ་བྱེད་པ། སློབ་གསོ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་དགོན་སྡེའི “འཛུགས་སྐྱོང་དྲུག ”གི་ལས་དོན་དང་། “གཅིག་དྲུག ”གི་བྱེད་སྒོ། “ཡོད་པ་དགུའི ”འདུ་འགོད་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། སྒྲིག་ཁོངས་ནང་གི་གྲྭ་བཙུན་གྱི་རྒན་གསོ་དང་སྨན་བཅོས་འགན་ལེན་གྱི་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱེད་དགོས་པ། དགོན་སྡེའི་གྲྭ་བཙུན་ལ་རང་རྟོགས་ངང་ཁྲིམས་སྲུང་སྡོམ་སྲུང་དང་ཞི་མཐུན་དཔེ་བཟང་དགོན་སྡེ་གཏོད་པའི་བརྩོན་ལེན་བྱེད་རྒྱུར་ཁྲིད་སྟོན་བྱེད་དགོས་པ། རིག་པ་དྭངས་གསལ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ནས་སྔོན་ཚུད་ནས་ཤེས་རྟོགས་དང་སྔོན་འགོག་ཐུབ་པ་བྱེད་དགོས་པ། མང་ཚོགས་ཀྱི་ལས་དོན་ཏན་ཏིག་ངང་ལེགས་པར་བསྒྲུབས་ནས་འགལ་ཟླ་དང་རྩོད་གཞི་དང་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། མི་སེམས་གཅིག་ཏུ་སྡུད་པ་དང་། མི་སེམས་བརྟན་པོ་ཡོང་བ་བྱེད་དགོས་པ། མི་སེམས་ལ་དྲོ་སྐྱིད་སྦྱིན་པ་བཅས་ལ་གཞི་ཚུགས་པ། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་ནན་པོ་བཅས་བྱས་ཏེ་མང་ཚོགས་ལ་བྱ་བ་དངོས་མང་ཙམ་སྒྲུབ་པ་དང་དཀའ་གནད་བསལ་ནས་མི་རིགས་ཁག་གི་མང་ཚོགས་ཚོར་ཏང་དང་སྲིད་གཞུང་གིས་དྲོ་སྐྱིད་སྦྱིན་ལུགས་ཚོར་ཐུབ་པ་བྱེད་དགོས་པ། དྲང་ཕྱོགས་ནས་དྲིལ་བསྒྲགས་བྱེད་རྒྱུར་སྐུལ་འདེད་གཏོང་བ་དང་། བསམ་བློའི་འགོག་སྲུང་ར་བ་བརྟན་དུ་གཏོང་དགོས། ཏང་ཨུད་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམངས་འཚོ་ལེགས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡོང་བ་བྱེད་པ། ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་པ་བཅས་ཀྱི་སྲིད་ཇུས་བཟང་པོ་དང་བྱེད་ཐབས་བཟང་པོ་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས་པ་དང་མི་རིགས་ཁག་གི་མང་ཚོགས་ཚོའི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་དང་ལྗོངས་ཡོངས་ཀྱི་བྱ་གཞག་ཁག་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་མི་རྣམས་དགའ་འོས་པའི་རྣམ་པ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་དགའ་འོས་པ་དང་ཞི་མཐུན་གྱི་སྤྱི་ཚོགས་ཀྱི་རྣམ་པ་ཧུར་ཐག་གཏོད་དགོས་པ། ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་དགོས་པ་དང་། འགན་འཁྲི་བདའ་འདེད་གཏོང་རྒྱུར་དམ་འཛིན་ནན་པོ་བྱེད་དགོས་པ། སྔར་ལས་ལྷག་པའི་ངང་བརྟན་ལྷིང་སྲུང་སྐྱོང་དམ་འཛིན་བྱེད་དགོས་པའི་ཆེད་དོན་ཚན་ཁག་གི་འགན་འཁྲི་དང་ལས་འགན་དོན་འཁྱོལ་ཡོང་བ་བྱེད་དགོས་པ། ལྗོངས་དང་། ས་ཁུལ། རྫོང་། ཤང་བཅས་རིམ་པའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་ལམ་སྲོལ་དོན་འཁྱོལ་ཡོང་བ་བྱེད་དགོས་པ། རིམ་ཁག་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་ལས་གནས་གཅིག་དང་འགན་འཁྲི་གཉིས་དོན་འཁྱོལ་ཡོང་བ་བྱེད་དགོས་པ་དང་། བྱ་དགའ་དང་ཆད་གཅོད་ཁ་གསལ་ཡོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

        ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་ཡོང་བ་བྱེད་རྒྱུའི་ཐད་ཝུའུ་དབྱིང་ཅེས་ས་ཁུལ་དང་གྲོང་ཁྱེར་དང་རྫོང་དང་སྡེ་ཚན་ཁག་གིས་ཚོགས་འདུ་གྲོལ་རྗེས་འཕྲལ་དུ་ཚོགས་འདུའི་དགོངས་དོན་ཤང་གྲོང (ཁྲོམ་གཞུང་དོན་གཅོད་ཁྲུའུ )དང་གྲོང་ཚོ (ཡུལ་མི་ཨུ་ལྷན )ཁག་དང་དགོན་སྡེའི་དམངས་བདག་ཨུ་ལྷན་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་ལ་བརྒྱུད་བསྒྲགས་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་ཧྲུའུ་ཅི་ཁྲེན་ཆོན་གོའི་གལ་ཆེའི་མཆན་བཀོད་མཛུབ་སྟོན་དང་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་གི་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་དགོས་པ་དང་། ལས་དོན་ཁག་བཀོད་སྒྲིག་བྱེད་རྒྱུ་དོན་འཁྱོལ་ནན་ཏན་ཐུབ་པ་བྱེད་དགོས་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཏན་ཏིག་ངང་ལེགས་པར་སྒྲུབ་དགོས་པ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་རྒྱུན་མཐུད་དང་བརྟན་ལྷིང་ཡོང་བ་བཅས་བྱས་ནས་འདི་ལོ་བརྟན་ལྷིང་ཡོང་རྒྱུ་དང་ཁྱོན་ཡོངས་ནས་བརྟན་ལྷིང་ཡོང་རྒྱུར་རྨང་གཞི་བརྟན་པོ་བཏིང་ཐོག་བོད་ལྗོངས་ཞི་མཐུན་བརྟན་ལྷིང་གི་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོག་རྒྱུར་ཕྱག་རྟགས་འབུལ་དགོས་ཞེས་ནན་གསུངས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།