ཟླ་2ཚེས་28ཉིན་གྱི་སྔ་དྲོར་ལྗོངས་ཡོངས་སུ་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་གྲོང་གསེབ་ཀྱི་ཆུ་བེད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུའི་ཆེད་དོན་བྱ་སྤྱོད་སྤེལ་འགོ་ཚུགས་པའི་མཛད་སྒོའི་བཪྙན་འཕྲིན་ཁ་པར་ཚོགས་འདུ་དེ་ལྷ་སར་འཚོགས་པ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་དབྱིང་ཅེས་ལྗོངས་ཡོངས་སུ་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་གྲོང་གསེབ་ཀྱི་ཆུ་བེད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུའི་ཆེད་དོན་བྱ་སྤྱོད་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཅིན་ཧྲུའུ་པའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་གཞོན་པ་སུང་ཧྲན་ལི་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྐལ་བཟང་ཚེ་རིང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཆིང་ཧུའེ་བཅས་ཕེབས་ཡོད།
ཝུའུ་དབྱིང་ཅེས་སྔོན་གཏོད་ལེགས་བརྩོན་བྱེད་སྒོ་སྤེལ་ཚུན་གྲོང་ཚོར་བཅའ་སྡོད་རིམ་ཁག་ལས་དོན་རུ་ཁག་གིས་རང་སོའི་ལེགས་ཆ་བཏོན་ནས་མང་ཚོགས་ཀྱི་འདུན་པ་ཆེ་བ་དང་། སྤྱི་ཚོགས་ཐོག་དོ་སྣང་ཆེ་བ། ཐོན་སྐྱེད་ཐད་དགོས་གཏུགས་ཆེ་བ། འཚོ་བའི་ཐད་དགོས་ངེས་ཡིན་པའི་དཀའ་གནད་ཁག་གཅིག་བསལ་བས་མི་སེར་གྱི་དགའ་བསུ་ཆེན་པོ་ཐོབ་ཡོད། ཆུ་བེད་ནི་དེང་རབས་ཞིང་ལས་འཛུགས་སྐྲུན་ལ་མེད་དུ་མི་རུང་བའི་ཆ་རྐྱེན་དང་པོ་དེ་ཡིན་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་རྨང་གཞི་ཞིག་ཀྱང་ཡིན། རང་ལྗོངས་སུ་ཆུ་བེད་བྱ་གཞག་སྒྱུར་བཅོས་དང་འཕེལ་རྒྱས་མགྱོགས་སུ་གཏོང་བ་དེས་ཞིང་འབྲོག་ལས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་། ཞིང་འབྲོག་པར་འབབ་འཕར་ཡོང་བ། འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བཅས་བྱས་ནས་རང་ལྗོངས་སུ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་དངོས་པོའི་རྨང་གཞི་བརྟན་པོ་ཞིག་བཏིང་བས་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ཐོན་ཡོད། ཡིན་ནའང་ས་བབ་ཀྱི་ཁྱད་པར་དང་ལོ་རྒྱུས་ཀྱིས་རྐྱེན་པས་བོད་ཀྱི་ཞིང་འབྲོག་པ་ཚོར་འཐུང་ཆུ་དང་གློག་དཀོན་པའི་དཀའ་གནད་སྔར་བཞིན་མངོན་གསལ་དོད་པོ་ཡོད། དེར་བརྟེན་རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་། ནོར་སྲིད་ཐིང་། ཆུ་བེད་ཐིང་བཅས་དང་མཉམ་དུ་ལྗོངས་ཡོངས་སུ “སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་གྲོང་གསེབ་ཀྱི་ཆུ་བེད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུའི་ཆེད་དོན་བྱ་སྤྱོད ”སྤེལ་རྒྱུའི་ཐག་བཅད་ཡོད། བྱེད་སྒོ་འདི་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་དང་། རང་ལྗོངས་སུ་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་སྤེལ་བའི་ནང་དོན་གལ་ཆེན་ཞིག ཞིང་འབྲོག་མང་ཚོགས་ལ་ཕན་འདོགས་པའི་དམངས་འཚོའི་འདུ་འགོད་ཅིག ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་མཚོན་ཞིང་སྟོབས་ཤུཌ་གཅིག་ཏུ་འགྲིལ་བའི་དམངས་སེམས་འདུ་འགོད་ཅིག་བཅས་ཡིན་པས་རིམ་ཁག་སྡེ་ཚན་གྱིས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་གྲོང་གསེབ་ཀྱི་ཆུ་བེད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུའི་ཆེད་དོན་བྱ་སྤྱོད་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ལེགས་པར་བྱས་ཏེ་འདུ་འགོད་དེ་ཉིད་འཆར་འགོད་དང་། བཀོད་སྒྲིག ལག་བསྟར་བཅས་ཡག་པོ་ཡོང་བ་བྱེད་དགོས་ཞེས་གསུངས།
ཝུའུ་དབྱིང་ཅེས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་གྲོང་གསེབ་ཀྱི་ཆུ་བེད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུའི་ཆེད་དོན་བྱ་སྤྱོད་ནི་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་སེལ་བའི་བྱ་བ་དངོས་དང་བྱ་བ་བཟང་པོ་ཞིག་ཡིན་པས་རིམ་ཁག་སྡེ་ཚན་གྱིས་ཚད་མཐོའི་མཐོང་ཆེན་དང་། སྒྲིག་འཛུགས་ནན་ཏན། འབྲེལ་བ་དང་གཞོགས་འདེགས་ཡག་པོ་བྱས་ནས་བྱ་བ་དངོས་དང་བྱ་བ་བཟང་པོ་ལེགས་པར་སྒྲུབ་དགོས་པ་དང་། དྲིལ་བསྒྲགས་བྱ་ཤུགས་ཆེ་རུ་བཏང་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོར་ཆེད་དོན་བྱ་སྤྱོད་དངོས་ཤེས་པ་དང་དེར་རྒྱབ་སྐྱོར་དང་ནང་དུ་ཞུགས་སུ་བཅུག་ནས་གུང་ཁྲན་ཏང་ཡག སྤྱི་ཚོགས་རིང་ལུགས་ཡག མི་རིགས་མཐུན་སྒྲིལ་ཡག་པ་དང་། སེམས་གཏིང་ནས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དངོས་ཚོར་བ་བྱས་ཏེ་ཏང་གི་རྗེས་སུ་འབྲངས་པའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཡོང་བ་བྱེད་དགོས་པ། ཆུ་བེད་སྡེ་ཚན་གྱིས་གྲོང་གསེབ་ཀྱི་ཆུ་བེད་འཛུགས་སྐྲུན་རྣམ་གྲངས་ལ་དོ་དམ་ཏན་ཏིག་བྱས་ནས་དོ་དམ་སྒྲིག་གཞི་འཛུགས་པ་དང་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་རྣམ་གྲངས་ཀྱི་ཕན་འབྲས་དང་མང་ཚོགས་ལ་དངོས་ཕན་སྔ་ཙམ་ཐོན་ཐུབ་པ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། ` ཅིན་ཧྲུའུ་པའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་རིང་། ཁོང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཚོགས་འདུའི་བླང་བྱ་ལྟར་འགོ་ཁྲིད་ལ་ཤུགས་སྣོན་དང་། སྒྲིག་འཛུགས་ཞིབ་ཚགས། དོན་འཁྱོལ་ནན་ཏན་བཅས་ཀྱི་ཐོག་ནས་རང་ལྗོངས་སུ་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་གྲོང་གསེབ་ཀྱི་ཆུ་བེད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུའི་ཆེད་དོན་བྱ་སྤྱོད་ནང་གཏན་ལ་ཕབ་པའི་དམིགས་ཚད་ལས་འགན་དུས་བཀག་ནང་བདེ་བླག་འགྲུབ་རྒྱུ་འགན་ལེན་བྱེད་དགོས་པ་དང་། རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་རིམ་ཁག་འགོ་ཁྲིད་ཚོགས་ཆུང་དང་དེའི་གཞུང་དོན་ཁང་གིས་ཆུ་བེད་དང་། འཕེལ་སྒྱུར། ནོར་སྲིད་སོགས་སྡེ་ཚན་དང་གཞོགས་འདེགས་གང་ལེགས་བྱས་ཏེ་འཆར་གཞི་དང་། གཙོ་གནད། གོ་རིམ་བཅས་ཡོད་པའི་སྒོ་ནས “ཆེད་དོན་བྱ་སྤྱོད ”ནང་གཏན་ལ་ཕབ་པའི་ལས་དོན་ཁག་གི་ནང་དོན་དོན་འཁྱོལ་ཡོང་བ་བྱེད་དགོས་པ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་སོ་སོས་བཅའ་སྡོད་གྲོང་ཚོའི (སྡེ་ཁུལ )དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལས་ཀའི་དམིགས་ཚད་དང་ལས་ཀའི་བྱ་ཐབས་ཞིབ་ཕྲ་བཟོ་བ་དང་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མ་རྩ་བཏང་བར་ཕན་འབྲས་ཐོན་ཐུབ་པ་བྱས་ཏེ་ལྗོངས་ཡོངས་སུ་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་གྲོང་གསེབ་ཀྱི་ཆུ་བེད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུའི་ཆེད་དོན་བྱ་སྤྱོད་བདེ་བླག་ཡོང་རྒྱུར་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།