དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ནོར་བུ་དོན་གྲུབ་ཀྱིས་དགེ་འདུན་པའི་འཐུས་མི་དང་མི་ཧྲེང་རྒན་རྒོན་ལ་གཟིགས་པ་དང་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉེ་ཆར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཆབ་མདོ་ས་ཨུད་ཀྱི་ཧྲུའུ་ཅི་ནོར་བུ་དོན་གྲུབ་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་བསྣམས་ནས་བྱམས་པ་གླིང་དགོན་དུ་ཕེབས་ཏེ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཆབ་མདོ་ས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྫོང་ལོ་བྱམས་པ་མཁས་གྲུབ་ལ་ལོ་གསར་གྱི་འཚམས་འདྲི་གནང་བ་མ་ཟད། ལོ་གསར་གྱི་རྟེན་འབྲེལ་ཡང་ཞུས་གནང་བ་དང་ཆབ་མདོ་རྫོང་གི་རྒན་གསོ་ཁང་དུ་ཕེབས་ནས་མི་ཧྲེང་རྒན་རྒོན་ཚོར་གཟིགས་པ་དང་འཚམས་འདྲིའང་གནང་བ་མ་ཟད་ད་དུང་དུས་ཆེན་གྱི་འཚམས་འདྲིའི་དངུལ་ཡང་སྤྲད་གནང་བ་རེད།

        བྱམས་པ་གླིང་དགོན་དུ་ནོར་བུ་དོན་གྲུབ་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ཏེ་རྫོང་ལོ་བྱམས་པ་མཁས་གྲུབ་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་དང་དུས་ཡུན་རིང་པོའི་ནང་ཆབ་མདོའི་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། མཐུན་སྦྱོར་དང་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། དམངས་གཙོ་ལེགས་བཅོས་བཅས་ཐད་གལ་ཆེའི་ལེགས་སྐྱེས་འབུལ་གནང་བར་ཐུགས་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་དང་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་གནང་བ་རེད།

        ནོར་བུ་དོན་གྲུབ་ཀྱིས་དགོན་སྡེའི་དགེ་འདུན་པ་ཚོས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། ལས་དོན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ། ཤུགས་རྐྱེན་ཕོག་ཤུགས་དང་འབོད་སྐུལ་ནུས་པ་ཤུགས་ཆེ་བའི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ་སྔར་རྒྱུན་བཞིན་ཆབ་མདོའི་ལས་དོན་ཁག་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་རྒྱུ་དང་ལས་གནས་བརྟན་སྲུང་དང་རང་འགན་གཙང་སྒྲུབ་ཀྱིས་དགོན་སྡེའི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་ཁྲིམས་ལྟར་དོ་དམ་བྱེད་པ་དང་དགོན་སྡེའི་སྒྲིག་ལམ་ལ་སྲུང་བརྩི་ནན་པོ་ཞུས་ནས་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་ཁག་ཁྲིམས་ལྟར་སྲུང་སྐྱོང་བྱས་ཐོག་དད་ལྡན་མང་ཚོགས་ཀྱི་ཆོས་དད་རང་མོས་ལ་བརྩི་འཇོག་བྱེད་དགོས། “འཛུགས་སྐྱོང་དྲུག ”དང “གཅིག་དྲུག ”གི་ལས་དོན་ཏན་ཏིག་ངང་དོན་འཁྱོལ་ཡག་པོ་བྱེད་པ་དང “ཡོད་པ་དགུའི ”ལས་གྲྭ་འཛུགས་སྐྲུན་གྱི་ལས་དོན་དོན་འཁྱོལ་ཡག་པོ་བྱས་ནས་རྒྱལ་གཅེས་ཆོས་གཅེས་དང་མི་རིགས་མཐུན་སྒྲིལ་གྱི་མིག་དཔེ་ཡག་པོ་ཞིག་བྱེད་དགོས། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་མཐུན་སྦྱོར་ཡོང་རྒྱུར་སྐུལ་མ་ཧུར་ཐག་བཏང་ནས་དགོན་སྡེའི་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་པའི་ཐུགས་རེ་གནང་བ་རེད།

        ཆབ་མདོ་རྫོང་གི་རྒན་གསོ་ཁང་དུ་ནོར་བུ་དོན་གྲུབ་ཀྱིས་བྱམས་བརྩེའི་ངང་མི་ཧྲེང་རྒན་རྒོན་ཚོ་དང་ཅི་འཕྲོས་མོལ་འཕྲོས་གནང་བ་རེད། ནོར་བུ་དོན་གྲུབ་ཀྱིས་ཁྱེད་ཚོ་ནི་ཆབ་མདོའི་ལོ་རྒྱུས་ཀྱི་དཔང་པོ་ཞིག་ཡིན་པ་དང་ཁྱེད་ཚོས་བོད་ཪྙིང་པའི་སྐྱིད་སྡུག་ཤེས་ཚོར་གཏིང་ཟབ་བྱུང་ཡོད་ལ་བོད་གསར་པའི་བདེ་སྐྱིད་དེ་བས་ངོས་འཛིན་གཏིང་ཟབ་ཐུབ་ཡོད། ཁྱེད་ཚོས་རང་ཉིད་ཀྱི་བརྒྱུད་མྱོང་བའི་ལོ་རྒྱུས་དངོས་ལ་བརྟེན་ནས་གཞོན་སྐྱེས་མི་རབས་ཚོར་བོད་གསར་པ་དང་། འཕེལ་རྒྱས་གསར་པ། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་མྱོང་ཚོར་ཐུབ་པ་བྱེད་དགོས་པའི་སློབ་གསོ་གཏོང་བ་དང་གཞོན་སྐྱེས་མི་རབས་ཚོར་སློབ་སྦྱོང་ཡག་པོ་བྱེད་པ་དང་ལས་ཀ་ཡག་པོ་བྱས་ཏེ་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། བོད་གསར་པར་དགའ་ཞེན་བཅས་བྱེད་པའི་བརྩེ་དུང་སྔར་བས་ཟབ་ཏུ་གཏོང་དགོས་པའི་སློབ་གསོ་བརྒྱབ་ནས་ཆབ་མདོ་འདི་ཉིད་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་པ་དང་ལོ་རྒྱུས་ཀྱི་དོན་དངོས་ཀྱི་ཐོག་ནས་ཏཱ་ལའི་ཆབ་སྲིད་ཐད་ཀྱི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐད་ཀྱི་གཡོ་རྫུས་རང་བཞིན། བྱ་ཐབས་ཐད་ཀྱི་མགོ་སྐོར་རང་བཞིན་བཅས་ལ་ཐེར་འདོན་དགག་རྒྱག་དང་ཀྲུང་གོ་གུང་ཁྲན་ཏང་ཁོ་ནའི་འགོ་ཁྲིད་འོག་བོད་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་ཐུབ་པ་དང་གཞི་ནས་འོད་སྟོང་འཕྲོ་བའི་མདུན་ལམ་ཡོད་པའི་བདེན་དོན་གསལ་སྟོན་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།