དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • པད་མ་འཕྲིན་ལས་ཀྱིས་ལྗོངས་སྤྱི་བདེ་ཐིང་བཀོད་འདོམས་ལྟེ་གནས་སུ་སྡོད་བྱ་བྱེད་མཁན་ལ་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་2ཚེས་20ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་བཀོད་འདོམས་ལྟེ་གནས་སུ་ཕེབས་ནས་དེར་སྡོད་བྱ་བྱེད་མཁན་ལས་དོན་པར་འཚམས་འདྲི་གནང་ཞིང་། ཁོང་གིས་ངོས་འཛིན་གཅིག་གྱུར་དང་། བློ་སེམས་གཅིག་སྒྲིལ། གོམ་སྟབས་གཅིག་གྱུར། གཞོགས་འདེགས་དམ་ཟབ་བཅས་ཀྱི་སྒོ་ནས་རང་ལྗོངས་ཀྱི་སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        བཀོད་འདོམས་ལྟེ་གནས་ཚོམས་ཆེན་དུ་པད་མ་འཕྲིན་ལས་ཀྱིས་སྡོད་བྱ་བྱེད་མཁན་ལས་དོན་པ་མི་རེ་ངོ་རེར་ཕྱག་བཏང་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་བཅས་ཀྱི་ཚབ་ཞུས་ཏེ་ཁོང་ཚོ་དང་དེ་བཞིན་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་མདུན་མར་ལས་ཀ་བྱེད་མཁན་ལས་བཟོ་བ་དང་། སྤྱི་བདེའི་ཉེན་རྟོག་པ་བཅས་དང་དེ་བཞིན་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག མཐའ་སྲུང་། མེ་ཟོན་དཔོན་བཅས་ཀྱི་དཔོན་དམག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་ཤིང་། ཁོང་གིས་དུས་ཡུན་རིང་པོའི་ནང་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལས་གནས་བརྟན་སྲུང་དང་རང་འགན་གཙང་སྒྲུབ་བྱས་ནས་ཞི་མཐུན་བརྟན་ལྷིང་གི་དུས་བབ་བཟང་པོ་སྲ་བརྟན་དང་དུས་བདེ་འཆམ་མཐུན་གྱི་སྤྱི་ཚོགས་རྣམ་པ་ཞིག་གཏོད་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ད་ཆ་རང་ལྗོངས་སུ་ཁ་ཕྲལ་ལ་ངོ་རྒོལ་འཐབ་རྩོད་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་དུས་བབ་ཛ་ཧ་ཅང་དྲག་པའི་སྐབས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པ་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་བསམ་བློ་དང་བྱ་སྤྱོད་དེ་རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་ཀར་འཛིན་པའི་ཀྲུང་དབྱང་གི་བླང་བྱ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་དང་འཚོགས་མ་ཐག་པའི་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་སྐོར་གྱི་བཪྙན་འཕྲིན་ཚོགས་འདུའི་བླང་བྱ་ཁག་ལག་བསྟར་དོན་འཁྱོལ་བྱས་ནས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་དོན་ཆེན་འགན་ལེན་དང་མི་རིགས་ཁག་གི་མང་ཚོགས་རྣམས་བཀྲ་ཤིས་འཆམ་མཐུན་ལྡན་པའི་བོད་ཀྱི་ལོ་གསར་ཞིག་གཏོང་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

        ཧའོ་ཕུང་གིས་རང་ལྗོངས་སུ་བརྟན་ལྷིང་སྲུང་སྐྱོང་བྱས་ཚུལ་བརྡ་ཁྱབ་བཏང་ཞིང་། ཁོང་གིས་ལས་ཀ་སྒྲུབ་ཤུགས་ཆེ་རུ་བཏང་ནས་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་བྱ་ཐབས་ཁག་ཞིབ་ཅིང་ཕྲ་བ་དང་དོན་ཐོག་གནད་སྨིན་ཡོང་བ་དང་བརྟན་ལྷིང་སྲུང་སྐྱོང་ནུས་ཤུགས་ཡོད་རྒུས་ཡོང་བ་བྱས་ཏེ་བཀྲ་ཤིས་འཆམ་མཐུན་གྱི་དུས་ཆེན་ཞིག་བཏོད་ནས་རྒྱ་ཆེའི་ལས་བྱེད་དང་མང་ཚོགས་ཚོར་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་དངོས་འབྲེལ་ཚོར་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

        ལྗོངས་ཏང་ཨུད་ཀྱི་སྲིད་ཁྲིམས་ཨུ་ལྷན་དང་ལྗོངས་དམངས་སྲིད་ཐིང་སོགས་ཀྱི་འབྲེལ་ཡོད་འགན་འཁུར་བའང་མཉམ་དུ་ཕེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།