དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བས་ང་ཚོར་སྐུལ་མ་ཆེན་པོ་ཐེབས་བྱུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        མིག་སྔར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིང་ལིན་གྱིས་གཞིས་རྩེ་དང་མངའ་རིས་ཀྱི་ཁ་བ་བུ་ཡུག་ཆེན་པོའི་གེགས་བར་གྱི་ཉེན་སྐྱོབ་གེགས་སེལ་ལས་དོན་སྤེལ་རྒྱུའི་ཐད་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་ནས་གེགས་བར་ཁྲོད་ལུས་པའི་མང་ཚོགས་ཀྱི་མི་ལུས་བདེ་འཇགས་ལ་འགན་ལེན་བྱས་ནས་གེགས་བར་བྱུང་བའི་མང་ཚོགས་བཀོད་སྒྲིག་ཡག་པོ་བྱེད་པ་དང་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་བཀོད་སྒྲིག་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་དང་འབྲེལ་གེགས་བར་བྱུང་བའི་མང་ཚོགས་དང་གེགས་སེལ་ནང་ཞུགས་མཁན་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་དང་ཐུགས་རྗེ་ཆེའང་ཞུས་པ་རེད། གནས་ཚུལ་ཁྱབ་རྗེས་གཞིས་རྩེ་ས་ཁུལ་གྱི་མྱུར་སྐྱོབ་གེགས་སེལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་ལས་དོན་མི་སྣ་དང་གེགས་བར་བྱུང་བའི་མང་ཚོགས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད་པ་རེད།

        “ཀྲུའུ་ཞི་ཅ་ཆིང་ལིན་གྱིས་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ་དེས་ང་ཚོའི་ལས་དོན་ལ་གདེང་འཇོག་ཆེ་ཤོས་གནང་བས་ང་ཚོ་དཀའ་ལས་ག་ཚོད་ཁ་ཡང་འོས་པ་ཞིག་རེད ”ཅེས་གཞུང་ལམ་ཤར་གཏོང་གི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་ཡོད་པའི་སྐྱིད་གྲོང་རྫོང་འགྲིམ་འགྲུལ་ཅུས་ཀྱི་ཅུས་ཀྲང་བཀྲ་རྡོར་གྱིས་བཤད་པ་རེད། ཟླ་2ཚེས་7ཉིན་ཁ་བ་བུ་ཡུག་འཚུབ་པ་ནས་བཟུང་བཀྲ་རྡོར་གྱིས་མི་སྣེ་ཁྲིད་དེ་བསྟུད་མར་ཉིན་ཤས་རིང་གཞུང་ལམ་ཤར་གཏོང་གི་འཐབ་ས་དང་པོར་འབད་འཐབ་བྱས་པ་དང་ལས་དུས་འཕར་སྣོན་གྱིས་གཞུང་ལམ་ཤར་གཏོང་ཐུབ་པ་བྱས་ཡོད་པ་རེད། ཟླ་2ཚེས་15ཉིན་སྐྱིད་གྲོང་རྫོང་དུ་སླར་ཡང་ཁ་བ་ཆེན་པོ་བབས་ནས་གཞུང་ལམ་ཤར་གཏོང་ཐུབ་པའི་རྒྱལ་ལམ་318ཀྱི་ལམ་སྐྱོང་ས་ཚིགས་60ནས་སྐྱིད་གྲོང་རྫོང་གྲོང་བར་གྱི་གཞུང་ལམ་གངས་སྐྱོན་གྱི་རྐྱེན་པས་འགག་སྟབས་བཀྲ་རྡོར་གྱིས་སླར་ཡང་གཞུང་ལམ་ཤར་གཏོང་གི་འཐབ་ས་དང་པོར་བསྐྱོད་ནས་བསྟུད་མར་ཆུ་ཚོད་20ལྷག་ཙམ་ལས་ཀ་བྱས་པ་རེད། རྫོང་གི་བློ་མཐུན་གྱིས་ཁོང་ལ་ཀྲུང་དབྱང་འགོ་ཁྲིད་ཀྱིས་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་ལས་དོན་མི་སྣར་འཚམས་འདྲི་ཞུས་གནང་བའི་སྐོར་ཤོད་སྐབས་བཀྲ་རྡོར་གྱིས་སེམས་འགུལ་ཆེན་པོ་ཐེབས་པའི་ངང་སྐད་ཤུགས་ཆེན་པོས་མི་ཚང་མར་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་ནས “ཏང་ཀྲུང་དབྱང་གིས་ང་ཚོའི་གནས་ཚུལ་མཁྱེན་པ་དང་ང་ཚོས་ལེགས་སྐྱེས་ཕུལ་བ་མཁྱེན་འདུག་པས་ངེས་པར་དུ་ལས་དུས་འཕར་སྣོན་བྱས་ནས་གང་མགྱོགས་གཞུང་ལམ་ཤར་གཏོང་ཐུབ་པ་བྱས་ཏེ་གེགས་སེལ་དངོས་ཟོག་གང་མགྱོགས་སྐྱིད་གྲོང་རྫོང་དུ་དབོར་ཐུབ་པ་བྱེད་དགོས ”ཅེས་བཤད་པ་རེད།

        བཟང་མོའི་ཁྱིམ་ནི་གཉའ་ལམ་རྫོང་གྲོང་དུ་གནས་ཡོད་པ་དང་གངས་སྐྱོན་ཁྲོད་ཁོ་མོའི་ཁྱིམ་གངས་ཀྱིས་མནན་ནས་ནང་མི་ཚང་མས་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ལ་སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད།

        ཟླ་2ཚེས་15ཉིན་ཁོང་ཚོར་གེགས་བར་བྱུང་བའི་གནས་ཚུལ་ཀྲུང་དབྱང་འགོ་ཁྲིད་ཀྱིས་ཀྱང་མཁྱེན་པ་དང་འབྲེལ་ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བ་བཪྙན་འཕྲིན་ནང་ནས་མཐོང་སྐབས་བཟང་མོའི་ནང་མིར་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་རེད། བཟང་མོས “ད་ཡག་པོ་བྱུང་སོང་། ཏང་ཀྲུང་དབྱང་གིས་ཐུགས་ཁུར་གནང་ཚེ་གེགས་བར་ཆེན་པོ་ག་ཚོད་བྱུང་ཡང་མི་སྐྲག ”ཅེས་བཤད་པ་རེད། ཁོ་མོའི་ཁང་པ་བརྡིབས་རྗེས་རྫོང་གི་ལས་བྱེད་པས་འཕྲལ་མར་ཡོང་ནས་ཁོང་ཚོར་བཟའ་སྡོད་ཀྱི་གནས་ཚུལ་ཐག་གཅོད་བྱེད་རོགས་བྱས་ཡོད་པ་རེད། ཀྲུང་དབྱང་འགོ་ཁྲིད་ཀྱིས་གེགས་རྗེས་བསྐྱར་སྐྲུན་བཀོད་སྒྲིག་ཡག་པོ་བྱེད་དགོས་པ་གསལ་བཏོན་གནང་བ་དེས་ད་ཆ་ཁོ་མོར་སྔ་ཙམ་ཁྱིམ་གཞིས་སླར་གསོ་བསྐྱར་སྐྲུན་ཡོང་རྒྱུར་ཡིད་ཆེས་ཀྱིས་ཁེངས་ཡོད་པ་རེད།

        གཞིས་རྩེ་ས་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་རྣམ་རྒྱལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཚེས་15ཉིན་གྱི་ཕྱི་དྲོ་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱི 《ཁ་བ་བུ་ཡུག་ཆེན་པོའི་གེགས་བར་གྱི་ཉེན་སྐྱོབ་གེགས་སེལ་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་ཀྲུའུ་ཞི་ཅ་ཆིང་ལིན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་མཆན་འགོད་མཛུབ་སྟོན 》འབྱོར་རྗེས་གཞིས་རྩེ་ས་ཁུལ་གྱིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་བརྒྱུད་བསྒྲགས་དང་། སློབ་སྦྱོང་། ལག་བསྟར་དོན་འཁྱོལ་བཅས་བྱས་ཡོད་པ་རེད། མིག་སྔར་ས་ཁུལ་ཡོངས་ཀྱི་གེགས་བར་བྱུང་བའི་རྫོང་ཁག་དང་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུའུ་ཞི་ཅ་ཆིང་ལིན་དང་། ཧྲུའུ་ཅི་ཁྲེན་ཆོན་གོ ཀྲུའུ་ཞི་པད་མ་འཕྲིན་ལས་བཅས་ཀྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གཞིགས་ནས་ཉེན་སྐྱོབ་གེགས་སེལ་གྱི་ལས་དོན་ཁག་ཏན་ཏིག་ངང་སྤེལ་ཏེ་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་ཁག་འཆར་འགོད་དང་བཀོད་སྒྲིག་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།