དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བསམ་བློ་བཅིངས་འགྲོལ་དང་བསམ་ཕྱོགས་གསར་གཏོད་བྱས་ཏེ་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པའིན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེས་15ཉིན་གྱི་སྔ་དྲོ 《རིག་གནས་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེ་མོ་དང་དར་རྒྱས་ཆེ་མོར་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས 》ལག་བསྟར་བྱ་རྒྱུའི་བསམ་འཆར་གྱི་མ་ཟིན་བཟོ་བའི་འགོ་ཁྲིད་ཚོགས་ཆུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས 《རིག་གནས་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེ་མོ་དང་དར་རྒྱས་ཆེ་མོར་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས 》ལག་བསྟར་བྱ་རྒྱུའི་བསམ་འཆར་ལ་གྲོས་བསྡུར་དང་ཞིབ་འཇུག་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧའོ་ཕུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཏུང་ཡུན་ཧུའུ་དང་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཅིན་ཧྲི་ཞུན་རྣམ་གཉིས་ཚོགས་འདུར་ཕེབས་ཡོད་པ་རེད།

        བསམ་འཆར་གྱི་མ་ཟིན་བཟོ་བའི་འགོ་ཁྲིད་ཚོགས་ཆུང་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་གྱི་གཏམ་བཤད་གསན་རྗེས་ཧའོ་ཕུང་གིས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་རང་རེའི་ཏང་གིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་དང་། རིག་གནས་སྒྱུར་བཅོས་དང་འཕེལ་རྒྱས་གཏོང་བའི་གལ་ཆེའི་དུས་མཚམས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ཞིང་། ཚོགས་འདུའི་ཐོག 《རིག་གནས་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོར་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའི་གཏན་འབེབས 》བཟོས་ནས་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་རིག་གནས་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལས་དོན་ཐད་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་པ་ནི་རིག་གནས་སྒྱུར་བཅོས་འཕེལ་རྒྱས་སྐོར་གྱི་རང་རེའི་ཏང་གི་རྩ་གནད་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པས་ཚང་འཛོམས་གྲོས་ཚོགས་དང 《གཏན་འབེབས 》ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་རང་ལྗོངས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོར་སྐུལ་འདེད་མགྱོགས་སུ་གཏོང་རྒྱུ་ནི་མི་རིགས་ཁག་གི་ལས་བྱེད་དང་མང་ཚོགས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་རྒྱུར་ཕན་པ་ཡོད་པ་དང་མི་རིགས་ཁག་གི་མང་ཚོགས་ཚོས་ཀྲུང་ཧྭ་མི་རིགས་ཀྱི་གཏོགས་སེམས་དང་དེ་བཞིན་ཀྲུང་ཧྭ་རིག་གནས་ཀྱི་མོས་སེམས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་རྒྱུར་ཕན་པ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་རིག་གནས་འཛུགས་སྐྱོང་ལ་མཐོང་ཆེན་ཚད་མེད་བྱེད་ཀྱི་ཡོད་ལ་ལྷག་དོན་དུ་ཉེ་བའི་ལོ་ཤས་རིང་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་བྱ་ཐབས་རབ་དང་རིམ་པ་བཏོན་ཏེ་རིག་གནས་བྱ་གཞག་འཛུགས་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བས་རིག་གནས་བྱ་གཞག་གི་འཕེལ་རྒྱས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་མོད། འོན་ཀྱང་དེ་དང་དུས་མཚུངས་མིག་སྔར་རང་ལྗོངས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ཆུ་ཚད་དེ་ད་དུང་རང་ལྗོངས་ཀྱི་ཕུན་སུམ་ཚོགས་ལ་ཁྱད་ཆོས་དམིགས་བསལ་ལྡན་པའི་རིག་གནས་ཀྱི་ཐོན་ཁུངས་གནས་བབ་དང་ཧེ་བག་ཧ་ཅང་ཆེན་པོ་ཡོད་པའི་དབང་གིས་ད་དུང་མི་རིགས་ཁག་གི་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བསམ་པའི་རིག་གནས་དགོས་མཁོ་གང་ལེགས་སྐོང་ཐུབ་ཀྱི་མེད། གོ་སྐབས་དང་འགྲན་སློང་འཕྲད་སྐབས་ང་ཚོས་ངེས་པར་དུ་རིག་གནས་སྒྱུར་བཅོས་འཕེལ་རྒྱས་བཏང་ནས་རང་ལྗོངས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོར་སྐུལ་འདེད་གཏོང་བའི་གལ་ཆེའི་སྙིང་དོན་ལ་ངོས་འཛིན་གང་ལེགས་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་གལ་ཆེ་ལྡན་པའི་རིག་གནས་སྲུང་སྐྱོང་ཁུལ་བསྐྲུན་རྒྱུར་དམིགས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་དང་འབྲེལ་བའི་མཐོ་ཚད་ཐོག་ནས་རིག་གནས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གལ་ཆེའི་རང་བཞིན་དང་། དགོས་གཏུག་རང་བཞིན། དམིགས་བསལ་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་ཐུབ་པ་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

        ཧའོ་ཕུང་གིས་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་མངོན་འགྱུར་བྱེད་དགོས་ན་འབྲེལ་ཡོད་ཕྱོགས་དེའི་ནང་ཧུར་ཐག་ཞུགས་པ་དང་གཞོགས་འདེགས་དམ་ཟབ་བྱེད་དགོས་ཤིང་། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་སྔར་བས་ཆེ་རུ་བཏང་ནས་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་གི་དགོངས་དོན་ཐོག་གཅིག་གྱུར་ཐུབ་པ་བྱེད་པ་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཐུབ་པ་བྱས་ཏེ་རིག་གནས་འཛུགས་སྐྱོང་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་ལས་འགན་རང་འགུལ་ངང་འཁུར་དགོས། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་དང་འགན་ནུས་སྡེ་ཚན་ཁག་གིས་སྔར་བས་བསམ་བློ་བཅིངས་འགྲོལ་དང་། བསམ་ཕྱོགས་གསར་གཏོད། ལམ་སྲོལ་གསར་གཏོད་བཅས་བྱས་ཏེ་རིག་གནས་འཛུགས་སྐྱོང་ལ་རྒྱབ་སྐྱོར་ཤུགས་ཆེན་དང་། རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་རོགས་སྐྱོར་བྱེད་པའི་སྲིད་ཇུས་དང་བྱ་ཐབས་ཁག་གཏན་འབེབས་ཧུར་ཐག་བྱེད་པ། དེ་བས་ཞིབ་ཕྲ་དང་། དེ་བས་སྟོབས་ཤུགས་ལྡན་པ། བཀོལ་སྤྱོད་རང་བཞིན་ཆེ་བ་བཅས་ཀྱི་སྲིད་ཇུས་བྱ་ཐབས་ཤིག་ཆགས་པ་བྱེད་པ། ཤེས་ཡོན་ཅན་གསོ་སྦྱོང་དང་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། ནོར་སྲིད་ཀྱི་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་ད་ཡོད་ཀྱི་ལས་ཀའི་རྨང་གཞིའི་ཐོག་ཚད་བརྒལ་གསར་པ་ཡོང་རྒྱུར་བརྩོན་ལེན་བྱས་ཏེ་རིག་གནས་འཛུགས་སྐྱོང་གི་མཉམ་ཤུགས་སྟོབས་ལྡན་ཞིག་ཆགས་པ་བཅས་བྱས་ནས་རང་ལྗོངས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་གོམ་སྟབས་གསར་པ་ཞིག་སྤོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

        དེང་སྐབས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་རིག་གནས་ལས་དོན་གྱི་གཙོ་གནད་སྐོར་ཧའོ་ཕུང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་བདེ་བླག་ངང་སྐོང་ཚོགས་ཐུབ་པར་བསུ་བ་ཞུ་རྒྱུ་བརྗོད་དོན་གཙོ་བོ་བྱེད་པ་དང་བོད་ཀྱི་ལོ་གསར་དགའ་གཏོང་བྱ་རྒྱུ་ལྟེ་བར་བྱས་ནས་རང་ལྗོངས་ཀྱི་འདས་ཟིན་པའི་ལོ་གཅིག་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་སོགས་ཀྱི་ཐད་ལ་ཐོབ་པའི་གལ་ཆེའི་གྲུབ་འབྲས་དང་དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་བོད་ཀྱི་ལོ་གསར་དགའ་གཏོང་བྱེད་པའི་དགའ་སྤྲོའི་རྣམ་པ་དྲིལ་བསྒྲགས་གཏིང་ཟབ་བྱེད་དགོས་པ་དང་མང་ཚོགས་རང་བཞིན་གྱི་རིག་གནས་རོལ་རྩེད་བྱེད་སྒོ་རྒྱ་ཁྱབ་སྤེལ་ནས་དགའ་སྤྲོ་དང་བཀྲ་ཤིས་པའི་དུས་ཆེན་གྱི་རྣམ་པ་བཏོད་དེ་ལྗོངས་ཡོངས་ཀྱི་དུས་བབ་བརྟན་ལྷིང་ཡོང་ཆེད་བྱས་རྗེས་གསར་པ་དེ་བས་ཆེ་བ་བཞག་སྟེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཐུགས་གྲ་ལེགས་འགྲིག་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།