དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཆིན་དབྱི་ཀྲིས་གངས་འགོག་གེགས་སེལ་གྱི་དངོས་ཟོག་གྲ་སྒྲིག་དང་དབོར་འདྲེན་བྱས་ཚུལ་ལ་ཞིབ་བཤེར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཚེས་13ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཆིན་དབྱི་ཀྲིས་ལྗོངས་དམངས་སྲིད་ཐིང་གི་གེགས་སེལ་དངོས་ཟོག་མཛོད་ཁང་དང་རང་སྐྱོང་ལྗོངས་ཀྱི་གེགས་སེལ་གཞུང་དོན་ཁང་གི་གེགས་འགོག་གེགས་སེལ་དངོས་ཟོག་མཛོད་ཁང་དུ་གངས་འགོག་གེགས་སེལ་གྱི་དངོས་ཟོག་གྲ་སྒྲིག་དང་དབོར་འདྲེན་བྱས་ཚུལ་ལ་ཞིབ་བཤེར་མཛུབ་ཁྲིད་གནང་བར་སྔ་རྗེས་སུ་ཕེབས་ཡོད།

        རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་དྲུང་ཆེ་ཀའོ་དབྱང་ལྷན་དུ་ཕེབས་ཡོད།

        ལྗོངས་དམངས་སྲིད་ཐིང་གི་གེགས་སེལ་དངོས་ཟོག་མཛོད་ཁང་དང་རང་སྐྱོང་ལྗོངས་གེགས་འགོག་གེགས་སེལ་དངོས་ཟོག་མཛོད་ཁང་ནང་ཆིན་དབྱི་ཀྲིས་དེ་གའི་དྲོད་སྲུང་གྱོན་ཆས་དང་། མལ་ཆས། གུར་སོགས་གེགས་སེལ་དངོས་ཟོག་དང་ཕྱུགས་ཟོག་གི་གཟན་རྩྭ་གྲ་སྒྲིག་བྱས་ཚུལ་དང་དབོར་ཚུལ་ལ་ཞིབ་ཕྲ་གཟིགས་པ་རེད།

        ཆིན་དབྱི་ཀྲིས་ད་ཆ་གེགས་ཁུལ་དུ་གེགས་སེལ་དངོས་ཟོག་སྣ་ཚོགས་འཕྲལ་མཁོ་ཆེ་བས་དམངས་སྲིད་དང་། ནོར་སྲིད། ཞིང་འབྲོག་སོགས་སྡེ་ཚན་གྱིས་མུ་མཐུད་འབད་འཐབ་བྱེད་པ་དང་དཀའ་ངལ་ལ་མི་སྐྲག་པའི་སྙིང་སྟོབས་དར་སྤེལ་བཏང་ནས་གེགས་སེལ་དངོས་ཟོག་དབོར་རྒྱུར་ལྷོད་གཡེང་སྤུ་ཙམ་མི་གཏོང་བ་དང་གེགས་སེལ་བཀའ་རྒྱར་བརྩི་བ་དང་རྒྱབ་ཕྱོགས་འཐབ་ས་མདུན་མར་བརྩིས་ནས་གེགས་ཁུལ་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ཏེ་གེགས་སེལ་དངོས་ཟོག་འཕྲལ་དུ་གེགས་ཁུལ་དུ་དབོར་བ་དང་དངོས་ཟོག་རྣམས་གེགས་ཁུལ་མང་ཚོགས་ལ་གང་མགྱོགས་འབྱོར་བ་བྱས་ནས་ཧྲུའུ་ཅི་ཁྲེན་ཆོན་གོས་བཏོན་གནང་བའི “གེགས་བར་བྱུང་བའི་མང་ཚོགས་ལ་སྡོད་སའི་ཁང་པ་ཡོད་པ་དང་། ཁ་ལག་བཟའ་རྒྱུ་ཡོད་པ། གྱོན་ཆས་གྱོན་རྒྱུ་ཡོད་པ། ཆུ་འཐུང་རྒྱུ་ཡོད་པ། དྲོད་ལེན་སྒྲིག་ཆས་ཡོད་པ། ན་དུས་སྨན་བཅོས་ཡོད་པ་བཅས་བྱེད་དགོས་པའི ”བླང་བྱ་དོན་འཁྱོལ་བྱེད་པ་དང་འབྲེལ་ད་ཆ་འབྲོག་ཁུལ་དུ་ལུག་གུ་སྐྱེ་བསུའི་དུས་སུ་འཁེལ་ཁར་གངས་རླུང་གི་གནོད་འཚེ་བྱུང་བས་འདི་ལོ་འབྲོག་ལས་ཐོན་སྐྱེད་བདེ་བླག་ཡོང་བའི་འགན་ལེན་བྱ་ཕྱིར་འབྲེལ་ཡོད་སྡེ་ཚན་གྱིས་སྒྲིག་འཛུགས་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཐབས་བརྒྱ་ཇུས་སྟོང་གིས་གཟན་རྩྭ་དབོར་ནས་ཕྱུགས་རིགས་བསྐྱབས་ནས་གངས་རླུང་གི་གནོད་འཚེར་ཁ་གཏད་གཅོག་ཅིང་དཔྱིད་དུས་བདེ་བླག་སྒྲོལ་རྒྱུ་འགན་ལེན་ཡོང་བ་བྱས་ནས་གནོད་འཚེའི་གྱོང་གུན་གང་ཆུང་ཆུང་ཡོང་བར་རང་ནུས་ཅི་ཡོད་བཏོན་ཏེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་གེགས་ཁུལ་མང་ཚོགས་ཀྱི་སེམས་གཏིང་ལ་ཚོར་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།