དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ཀྱི་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་2ཚེས་13ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཆན་བཀོད་མཛུབ་སྟོན་གནང་ཞིང་། ཁོང་གིས་ལྗོངས་ཡོངས་ཀྱི་བསམ་བློ་དང་། རིག་གནས། དྲིལ་བསྒྲགས་བཅས་ཀྱི་འཐབ་ཕྱོགས་ཀྱིས་དར་ཆ་མཐོན་པོར་སྒྲེང་བ་དང་། སྤྱི་ཡོངས་ལ་དམིགས་པ། མི་དམངས་ལ་ཞབས་འདེགས་ཞུ་བ། སྒྱུར་བཅོས་གསར་གཏོད་བྱེད་པ་བཅས་ཀྱི་ཐོག་ནས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་བཞི ”བཅས་ལ་དམ་པོར་དམིགས་ནས་ལས་དོན་ཁག་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

        ཁྲེན་ཆོན་གོའི་མཆན་བཀོད་མཛུབ་སྟོན་ནང་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ནི་ཏང་གི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། འདས་ཟིན་པའི་ལོ་གཅིག་རིང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའི་མཛུབ་ཁྲིད་ཞིབ་ཚགས། ལྗོངས་ཏང་ཨུད་ཀྱི་མཐོང་ཆེན་དང་སྐུལ་འདེད་བཅས་ཀྱི་འོག་ལྗོངས་ཡོངས་ཀྱི་བསམ་བློ་དང་། རིག་གནས། དྲིལ་བསྒྲགས་བཅས་ཀྱི་འཐབ་ཕྱོགས་ཀྱིས་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་ཇུས་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་བཞི ”བཅས་ལ་དམ་པོར་དམིགས་ནས་ལས་དོན་ཁག་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཐོག་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་སྟོབས་དང་ལྡན་པའི་བསམ་བློའི་འགན་ལེན་དང་། བསམ་པའི་སྒུལ་ཤུགས། གླེང་ཕྱོགས་ཀྱི་རྒྱབ་སྐྱོར། རིག་གནས་ཀྱི་ཆ་རྐྱེན་བཅས་མཁོ་འདོན་བྱས་ཡོད། ལག་ལེན་དངོས་ཀྱི་ཐོག་ནས་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ལས་དོན་གྱི་དཔུང་ཁག་ནི་གསར་གཏོད་བྱེད་ཕོད་པ་དང་། ལེགས་སྐྱེས་འབུལ་ཕོད་པ། དམག་འཐབ་དྲག་པོ་བྱེད་ཕོད་པ། ཏང་དང་མི་དམངས་ཚོས་ཡིད་ཆེས་བྱེད་འོས་པ་བཅས་ཀྱི་དཔུང་ཁག་ཅིག་ཡིན་པ་ར་སྤྲོད་བྱུང་ཡོད། ངས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་འཐབ་ཕྱོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་ཚོར་བྱམས་བརྩེའི་འཚམས་འདྲི་ཞུ་རྒྱུ་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

        ཁྲེན་ཆོན་གོས་འདི་ལོའི་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་པར་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་འཐབ་ཕྱོགས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། བློ་མཐུན་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་སྔར་བས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་བློ་མཐུན་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ། རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་གི་ལས་དོན་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་བློ་མཐུན་ལི་ཁྲང་ཁྲུན་དང་ལིའུ་ཡུན་ཧྲན་གཉིས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ། ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་བཞི ”བཅས་ལ་དམ་པོར་དམིགས་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་བཀོད་སྒྲིག་གཞིར་བཟུང་དར་ཆ་མཐོན་པོར་སྒྲེང་བ་དང་། སྤྱི་ཡོངས་ལ་དམིགས་པ། མི་དམངས་ལ་ཞབས་འདེགས་ཞུ་བ། སྒྱུར་བཅོས་དང་གསར་གཏོད་བྱེད་པ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་འགག་རྩའི་ལྷུ་ཚིགས་དམ་འཛིན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་གི་སྣེ་ཁྲིད་ནུས་པ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་དམག་འཐབ་ནུས་པ། གླེང་ཕྱོགས་དང་སྨྱན་སྦྱོར་གཙོ་བོའི་ཁྱབ་སྤེལ་ནུས་པ། སྤྱི་པའི་རིག་གནས་ཞབས་ཞུའི་ཁྱབ་འགྱེད་ནུས་པ། ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་འགྲན་རྩོད་ནུས་པ། བསམ་པའི་རིག་གནས་ཐོན་རྫས་ཀྱི་མཁོ་སྤྲོད་ནུས་པ་བཅས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་སྟོབས་དང་ལྡན་པའི་བསམ་བློའི་འགན་ལེན་དང་། བསམ་པའི་སྒུལ་ཤུགས། གླེང་ཕྱོགས་ཀྱི་རྒྱབ་སྐྱོར། རིག་གནས་ཀྱི་ཆ་རྐྱེན་བཅས་མཁོ་འདོན་གྱིས་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་སྟེ།

        གཅིག་ནས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་དགོས། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་བཅས་ཀྱི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོར་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་བརྟན་འགྱུར་མེད་ངང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་གྱིས་དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པོའི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་ཞུགས་པ་དང་རང་རྟོགས་ངང་མེས་རྒྱལ་གོང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་དགོས།

        གཉིས་ནི་ཡང་དག་པའི་གླེང་ཕྱོགས་མཐའ་འཁྱོངས་བརྟན་པོ་བྱེད་དགོས། ཡང་དག་པའི་གླེང་ཕྱོགས་དེ་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ཀྱི་ལས་ཀའི་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་མཐུན་སྒྲིལ་བརྟན་ལྷིང་ལ་སྐུལ་མ་གཏོང་རྒྱུ་གཙོ་བོ་དང་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་གཙོ་བོར་བཟུང་ནས་གུང་ཁྲན་ཏང་ཡག་དང་། སྤྱི་ཚོགས་རིང་ལུགས་ཡག སྒྱུར་བཅོས་སྒོ་དབྱེ་ཡག རླབས་ཆེན་མེས་རྒྱལ་ཡག མི་དམངས་དམག་དཔུང་ཡག མི་རིགས་ཁག་གི་མང་ཚོགས་ཡག་བཅས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་བ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་ཆབ་སྲིད་ཀྱི་ལས་འགན་གལ་ཆེར་བརྩི་བ་དང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་གསལ་པོར་བཏོན་གནང་བའི “ལྟེ་བ་གཅིག ”དང་། “དོན་ཆེན་གཉིས ”“འགན་ལེན་བཞི ”བཅས་ཀྱི་བླང་བྱ་དང་། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་བཅས་ལ་དམ་པོར་གཞིགས་ནས་དེ་བས་རང་རྟོགས་རང་འགུལ་དང་དེ་བས་གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་ལས་དོན་ཁག་ལེགས་པར་བསྒྲུབས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱེད་ཆེད་དང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་ཆེད་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས།

        གསུམ་ནི་ཏཱ་ལར་ཐེར་འདོན་དགག་རྒྱག་བྱེད་པའི་རྣམ་འགྱུར་བརྟན་པོ་ཞིག་ཡོད་དགོས། ཀྲུང་དབྱང་གིས་ཏཱ་ལའི་རུ་ཚོགས་ལ་འཛིན་པའི་ངོ་བོ་གཏན་འཁེལ་གྱི་ཞིབ་གླེང་དང་། འཐབ་རྩོད་ཀྱི་བྱེད་ཕྱོགས། འཐབ་ཇུས་བཅས་ལ་ནན་པོར་གཞིགས་ནས་དར་ཆ་གསལ་སྟོན་དང་བྱ་ཐབས་ནུས་ལྡན་གྱི་སྒོ་ནས་ཏཱ་ལའི་རུ་ཚོགས་ཀྱི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་དགྲ་ཡའི་ཕྱོགས་གཏོགས་ཀྱིས་ཏཱ་ལའི་རུ་ཚོགས་སྤྱད་ནས་རང་རྒྱལ་ཚོད་འཛིན་དང་བཀག་སྡོམ་བྱེད་པའི་མ་རུང་ཁོག་བཅངས་གསལ་པོར་རྟོགས་པ་བྱ་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་བསམ་བློའི་རྨང་གཞི་བརྟན་པོ་འཛུགས་དགོས།

        བཞི་ནི་རིག་གནས་བདེ་འཇགས་རྦད་དེ་འགན་ལེན་བྱེད་དགོས། དར་ཆ་གསལ་སྟོན་དང་མདུང་རྩེ་ཁ་སྤྲོད་དང་། བྱ་ཐབས་ནུས་ལྡན་སྤྱོད་པ་དང་རང་འགུལ་དབང་ཆ་ཁོང་དུ་ཆུད་པ། བོད་འབྲེལ་གྱི་གླེང་ཕྱོགས་འཐབ་རྩོད་ཀྱི་སྐད་ཆ་ཤོད་དབང་དང་གཙོ་ཁྲིད་ཀྱི་དབང་ཆ་ནན་པོ་འཛིན་ཐུབ་པ་བྱེད་དགོས། གཙོ་རྒྱུན་དང་སྲོལ་རྒྱུན་གྱི་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་གྱི་རྒྱ་སྟོབས་ཆེ་རུ་དང “སྐད་གཉིས ”ཀྱི་བརྒྱུད་གཏོང་ལ་སྐུལ་མ་ཧུར་ཐག་གཏོང་བ་དང “བོད་ཤིན་འདུ་འགོད ”དང “འཆལ་རྡུང་ལོག་སེལ ·ཇོ་རིའི་འདུ་འགོད ”ལག་ལེན་ཤུགས་ཆེན་བསྟར་ཏེ་རང་ལྗོངས་སུ་དྲ་སྦྲེལ་དང་ལག་ཁྱེར་ཁ་པར་གྱི་ཐོབ་ཐང་ངོ་མ་ཐོ་འགོད་བྱེད་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་དྲ་སྦྲེལ་གྱི་ཆ་འཕྲིན་ལྟ་སྐུལ་དོ་དམ་འཐུས་ཚང་དུ་བཏང་ནས་བར་སྣང་དང་། ས་ངོས། དྲ་སྦྲེལ་བཅས་ཀྱི་སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་སྔོན་འགོག་ཚོད་འཛིན་མ་ལག་བརྟན་པོ་ཞིག་བཙུགས་ནས་ལྗོངས་ཡོངས་ཀྱི་ས་རྒྱ་སྤྱི་ལེ་གྲུ་བཞི་མ་120ཡི་ཐོག་ཏང་ཀྲུང་དབྱང་གི་གསུང་སྒྲ་དང་གཟུགས་བཪྙན་ཐོས་ཐུབ་པ་དང་མཐོང་ཐུབ་པ་བྱེད་པ་དང་དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་ཀྱི་སྐད་སྒྲ་དང་གཟུགས་བཪྙན་ཐོས་མི་ཐུབ་པ་དང་མཐོང་མི་ཐུབ་པ་བྱས་ནས་འདུ་ཤེས་འཛིན་སྟངས་དང་རིག་གནས་ཁྱབ་ཁོངས་རྦད་དེ་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས།

        ལྔ་ནི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ས་ཁུལ (གྲོང་ཁྱེར )གྱི་དཔེ་མཛོད་ཁང་དང་། མང་ཚོགས་སྒྱུ་རྩལ་ཁང་། གྲངས་འཛིན་གློག་བཪྙན་ཁང་བཅས་དང་། རྫོང་གྲོང་གི་ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས་དང་། གློག་བཪྙན་ཁང་། ཤིན་ཧྭ་དཔེ་ཚོང་ཁང་། དམངས་ཁྲོད་སྒྱུ་རྩལ་ཚོགས་པ། ཤང་དང་གྲོང་རྡལ་གྱི (ཞིང་ར་དང་ནགས་ར )ཕྱོགས་བསྡུས་རིག་གནས་ས་ཚིགས། གྲོང་ཚོ་རིམ་པའི་རིག་གནས་བྱེད་སྒོ་ཁང་བཅས་འཛུགས་སྐྲུན་མགྱོགས་པོ་བྱེད་པ་དང་རླུང་འཕྲིན་དང་བཪྙན་འཕྲིན་དུད་ཚང་ཚང་མར་ཁྱབ་པ་དང་དགོན་སྡེ་ཚང་མར་ཁྱབ་པ་སོགས་ཀྱི་རིག་གནས་དམངས་ཕན་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ཏེ་ཏང་གི་ལངས་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དུས་ཐོག་ཏུ་དུད་ཚང་ཁྲི་སྟོང་མང་པོར་ཁྱབ་པ་དང་མི་རིགས་ཁག་གི་མང་ཚོགས་དང་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་གྱི་སེམས་ནང་ཁྱབ་པར་བྱེད་དགོས།

        དྲུག་ནི་རིག་གནས་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་དགོས། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ་འཛུགས་སྐྲུན་མགྱོགས་པོ་བྱེད་པ་དང་རིག་གནས་གསར་གཏོད་དང་། རིག་གནས་ཡུལ་སྐོར། གློག་བཪྙན་བཪྙན་འཕྲིན་བཟོ་བ། འཁྲབ་སྟོན་རོལ་རྩེད། དཔེ་སྐྲུན་འགྲེམས་སྤེལ། མི་རིགས་ལག་ཤེས་བཟོ་ལས། ས་མཐོའི་འགྲན་སློང་ལུས་རྩལ་སོགས་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་གོང་འཕེལ་ཤུགས་ཆེན་བཏང་ནས་ལྗོངས་ཡོངས་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་བ་བྱེད་དགོས།

        བདུན་ནི་ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཀྲུང་དབྱང་གི 《དུས་བབ་གསར་པའི་འོག་བོད་འབྲེལ་གྱི་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར 》ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱས་ནས་བོད་འདི་དྲང་ཕྱོགས་ནས་དྲིལ་བསྒྲགས་དང་ཏཱ་ལའི་རུ་ཚོགས་ལ་ཐེར་འདོན་དགག་རྒྱག་བྱེད་པའི་ལས་འགན་གཉིས་པོར་དམིགས་ཏེ་བོད་འབྲེལ་གྱི་གླེང་ཕྱོགས་འཐབ་རྩོད་ཧུར་ཐག་བྱེད་པ་དང “གདན་དྲངས་པ་དང་ཕྱིར་གཏོང་བའི ”ལས་དོན་རང་འགུལ་ངང་ལེགས་པར་བསྒྲུབས་ཏེ་མཐའ་འཁོར་རྒྱལ་ཁབ་དང་མཐའ་མཚམས་ཀྱི་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་ཀྱིས “འགྲོ་བ་མིའི་ཐོབ་ཐང་དང་། དམངས་གཙོ། ཆོས་ལུགས། རིག་གནས། མི་རིགས། ཁོར་ཡུག་སྲུང་སྐྱོང ”སོགས་ཀྱི་དར་རྟགས་འཕྱར་ནས་ཀྲུང་གོར་བཀག་སྡོམ་དང་། ནུབ་ཕྱོགས་ཅན་དུ་འགྱུར་བ། ཁ་ཕྲལ་དུ་གཏོང་བ་བཅས་བྱེད་པ་དང “བོད་རང་བཙན ”ཡོང་རེ་བྱེད་པའི་ལྐོག་གཡོའི་མཐིལ་རྟོལ་ནས་ཇི་མ་ཇི་བཞིན་དང་། ཞི་མཐུན། འཕེལ་རྒྱས་འགྲོ་བ། མི་རིགས་ཁག་གི་མི་དམངས་བདེ་སྡོད་ལས་བརྩོན་ཡིན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛམ་གླིང་ལ་ངོ་སྤྲོད་བྱེད་དགོས།

        བརྒྱད་ནི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་དང་བཀོད་སྒྲིག་ཡག་པོ་བྱེད་དགོས། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་བ། དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ལ་རྒྱུས་མངའ་ཡོད་པ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ཪྙོག་འཛིང་ཆེ་བའི་དུས་བབ་སྟངས་འཛིན་བྱེད་ཐུབ་པ་བཅས་ཀྱི་ལས་བྱེད་པ་རིམ་པ་ཁག་གི་འགོ་ཁྲིད་ལས་གནས་ཐོག་གནས་སྤོར་བྱེད་དགོས། “ཁག་གཅིག་བཞིའི ”ཤེས་ལྡན་མི་སྣ་གསོ་སྦྱོང་གི་འདུ་འགོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཆབ་སྲིད་གོ་རྟོགས་མཐོ་བ་དང་། ལས་སྒོ་ལེགས་པ། སྤྱོད་ཚུལ་དྲང་བ། སྒྲིག་ལམ་ནན་པ་བཅས་ཀྱི་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་པ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ནང་འདྲེན་བྱེད་ཤུགས་ཆེ་རུ་བཏང་སྟེ་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ཀྱི་་ཁྱབ་ཁོངས་སུ་ཕུལ་བྱུང་ཤེས་ལྡན་མི་སྣ་དང་སྣེ་ཁྲིད་མི་སྣ་ཁག་གཅིག་གསོ་སྦྱོང་བྱས་ནས་ལྗོངས་ཡོངས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱེད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།