དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་སྔོན་གཏོད་ལེགས་བརྩོན་བྱེད་སྒོའི་ཁྲོད་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོ་སྤེལ་བའི་བཪྙན་འཕྲིན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་2ཚེས་7ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་སྔོན་གཏོད་ལེགས་བརྩོན་བྱེད་སྒོའི་ཁྲོད་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོ་སྤེལ་བའི་ཚོགས་འདུ་འཚོགས་ཏེ་བྱེད་སྒོའི་ལས་དོན་ཁག་སྐུལ་སློང་དང་བཀོད་སྒྲིག་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྗོངས་ཏང་ཨུད་ཀྱི་ཏང་གི་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧའོ་ཕུང་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

        ཧའོ་ཕུང་གིས་སྔོན་གཏོད་ལེགས་བརྩོན་བྱེད་སྒོའི་ཁྲོད་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོ་སྤེལ་རྒྱུ་དེ་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་བཏོན་པའི་གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལས་འགན་ཁག་དོན་འཁྱོལ་བྱེད་པའི་བཀོད་སྒྲིག་གལ་ཆེན་དང་། སྔོན་གཏོད་ལེགས་བརྩོན་བྱེད་སྒོ་གཏིང་ཟབ་ཏུ་གཏོང་རྒྱུའི་གཞི་རྟེན་ནུས་ལྡན། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་གལ་ཆེན་བཅས་ཡིན་པ་དེས་རང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོར་སྔར་བས་དམ་འཛིན་ཡག་པོ་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་པའི་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་གང་ཐུབ་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་ཆེ་རུ་གང་ཐུབ་གཏོང་བ། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་གང་ཐུབ་བཅས་བྱས་ཐོག་ཏང་གི་སྲིད་སྐྱོང་རྨང་གཞི་སྔར་བས་བརྟན་དུ་གཏོང་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་ཁྱོན་ཡོངས་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཆེ་རུ་བཏང་ནས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློ་གཡོ་འགུལ་མི་གཏོང་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཞིར་བཟུང “རྩ་འཛུགས་སྟོབས་ཆེར་གཏོང་བ་དང་། གསོན་ཤུགས་འཕེལ་བ་བྱེད་པ། སྔོན་གཏོད་ལེགས་བརྩོན་ལ་བརྟེན་ནས་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་བ ”བཅས་བརྗོད་བྱ་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་བྱེད་སྒོ་ཁག་དམ་འཛིན་ཏན་ཏིག་ཡག་པོ་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། མི་སེམས་གཅིག་ཏུ་བསྡུས་པ། ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གཞི་རིམ་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས་པ་བསྟན་གནང་བ་རེད།

        ཧའོ་ཕུང་གིས་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་ནི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་དམ་འཛིན་བྱེད་ས་གཙོ་བོ་ཡིན་པ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོ་ནི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོའི་ནང་དོན་གལ་ཆེན་ཞིག་རེད། རིམ་ཁག་ཏང་རྩ་འཛུགས་ཀྱིས་ལྗོངས་ཡོངས་ཀྱིས་སྤེལ་བཞིན་ཡོད་པའི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ “དོན་འཁྱོལ་དམ་འཛིན་དང་། ཁྱོན་ཡོངས་ལ་ཁྱབ་པ། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ། ཚད་བརྒལ་དོན་གཉེར་བྱེད་པ། དགའ་བསུ་ཐོབ་པར་བྱེད་པ ”བཅས་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་རྨང་གཞི་བརྟན་གཏོང་དང་། དམངས་འཚོར་ཕན་འདོགས་པའི་བྱེད་སྒོ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་བྱས་ཐོག་བྱེད་སྒོར་དངོས་ཕན་ཐོབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

        ཧའོ་ཕུང་གིས་ས་ཆ་ཁག་དང་སྡེ་ཚན་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འདི་ལོའི་སྔོན་གཏོད་ལེགས་བརྩོན་བྱེད་སྒོའི་གཙོ་གནད་དུ་བྱས་ཏེ་བཀོད་སྒྲིག་ཚགས་ཚུད་པོ་དང་སྒྲིག་འཛུགས་ཞིབ་ཚགས་བྱེད་དགོས་པ་དང་། རིམ་ཁག་ཏང་ཨུད་ཀྱི་འགོ་ཁྲིད་གཙོ་བོས་འགན་འཁྲི་འཁུར་མཁན་དང་པོ་ཡིན་པའི་འགན་འཁྲི་ནན་ཏན་བསྒྲུབས་ཏེ་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་སྣེ་འཁྲིད་དེ་དམ་འཛིན་བྱེད་དགོས་པ། འགོ་ཁྲིད་ཚན་ཁག་གི་ཁོངས་མིས་ལས་བགོས་དང་ཟུང་འབྲེལ་བྱས་ཏེ་གཞི་རིམ་གྱི་ཏང་འཛུགས་སྐྱོང་དམ་འཛིན་བྱེད་པའི་ལས་འགན་ནན་ཏན་སྒྲུབ་དགོས་པ། རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་ལས་དོན་གྱི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྐུལ་གཏོང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་དོན་ཁག་ལ་དངོས་ཕན་ཐོབ་པར་འགན་ལེན་བྱེད་དགོས། རིམ་ཁག་འགོ་ཁྲིད་ཚན་ཁག་དང་ལས་ཁུངས་ཀྱི་ལས་བྱེད་པས་མང་ཚོགས་ལ་ཐད་ཀར་འབྲེལ་གཏུག་གིས་ཞབས་ཞུ་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པ་དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་དམ་འཛིན་བྱེད་རོགས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། “རིམ་གསུམ་གྱིས་མཉམ་འབྲེལ་ཐོག་ལས་འགན་སྒྲུབ་ཚུལ་གསལ་ཞུ་དང་། དཔྱད་བསྡུར། ཞིབ་དཔྱད ”བཅས་བྱེད་པའི་ལམ་ལུགས་བཟོས་ཏེ་ས་ཁུལ་དང་། རྫོང་། ཤང་བཅས་རིམ་གསུམ་གྱི་ཏང་ཨུད་ཧྲུའུ་ཅིས་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་དམིགས་ནས་གོང་རིམ་གྱི་ཏང་ཨུད་ལ་ཆེད་དོན་ལས་འགན་སྒྲུབ་ཚུལ་གསལ་ཞུ་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་དང་། ཏང་ཡོན། མང་ཚོགས་ཀྱི་འཐུས་མི་བཅས་སྒྲིག་འཛུགས་ཀྱིས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་ཏང་རྩ་འཛུགས་ཀྱི་ཏང་གི་འཛུགས་སྐྱོང་ལས་དོན་དམ་འཛིན་བྱས་ཚུལ་ཐད་དཔྱད་བསྡུར་བྱེད་དགོས་པ་མ་ཟད་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་དམ་འཛིན་བྱས་ཚུལ་དེ་ས་ཁུལ་དང་། རྫོང་། ཤང་བཅས་ཏང་ཨུད་དང་སྡེ་ཚན་གྱི་ཏང་ཙུའི (ཏང་ཨུད )འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར་དཔྱད་ཞིབ་བྱེད་པའི་ནང་དོན་གལ་ཆེན་ལ་བརྩིས་ནས་ལས་འགན་སྒྲུབ་ཚུལ་གསལ་ཞུ་བྱེད་སྐབས་ཏང་གི་འཛུགས་སྐྱོང་ལས་དོན་གསལ་ཞུ་བྱེད་པ་དང་། དཔྱད་བསྡུར་བྱེད་སྐབས་ཏང་གི་འཛུགས་སྐྱོང་ལ་དཔྱད་བསྡུར་བྱེད་པ། དཔྱད་ཞིབ་བྱེད་སྐབས་ཏང་གི་འཛུགས་སྐྱོང་ལ་དཔྱད་ཞིབ་བཅས་ཏན་ཏིག་བྱེད་ཐུབ་པ་དགོས། རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་རྒྱ་ཁྱབ་ངང་སྐུལ་སློང་བྱས་ཏེ་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལོའི་ལས་དོན་ཁག་ཏན་ཏིག་ཡག་པོ་བསྒྲུབས་ཏེ་བསམ་པའི་ཉམས་འགྱུར་བཟང་པོ་དང་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།