དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་ལྗོངས་ཀྱི་སྡེ་ཚན་ཁག་གིས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་སྐོར་གྱི་བཪྙན་འཕྲིན་ཚོགས་འདུ་དང་ལྗོངས་ཐད་གཏོགས་དང་ཀྲུང་དབྱང་ཐད་གཏོགས་སྡེ་ཚན་གྱི་འགན་འཁུར་བའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་2ཚེས་7ཉིན་རང་སྐྱོང་ལྗོངས་ཀྱི་སྡེ་ཚན་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་ཚོགས་འདུ་འཚོགས་ནས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་སྐོར་གྱི་བཪྙན་འཕྲིན་ཚོགས་འདུ་དང་ལྗོངས་ཐད་གཏོགས་དང་ཀྲུང་དབྱང་ཐད་གཏོགས་སྡེ་ཚན་གྱི་འགན་འཁུར་བའི་འཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཁར་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཚོགས་འདུའི་དགོངས་དོན་དང་ལས་དོན་ཁག་བཀོད་སྒྲིག་དང་ལག་བསྟར་དོན་འཁྱོལ་བྱས་ཤིང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་གནད་དོན་ཆེ་འབྲིང་མི་ཐོན་པ་བྱེད་པ་དང་གནད་དོན་ཆུང་ཙག་ཀྱང་མི་ཐོན་པའི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།

        ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་སྐོར་གྱི་བཪྙན་འཕྲིན་ཚོགས་འདུ་དང་ལྗོངས་ཐད་གཏོགས་དང་ཀྲུང་དབྱང་ཐད་གཏོགས་སྡེ་ཚན་གྱི་འགན་འཁུར་བའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་སྐབས་ལྗོངས་རྩིས་བཤེར་ཐིང་གི་ལས་བྱེད་པ་དང་ལས་བཟོ་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཞིབ་ཕྲའི་བླང་བྱ་དང་བཀོད་སྒྲིག་གཞིར་བཟུང་གྲ་སྒྲིག་ཨང་བསར་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱེད་པ་དང་ལས་གནས་བརྟན་སྲུང་དང་འགན་འཁྲི་གཙང་སྒྲུབ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ལས་རེས་དང་ལས་སྣེ་ཁྲིད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ལས་སྒྲུབ་མཉམ་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་པའི་ནང་ཁུལ་གྱི་བདེ་འཇགས་སྲུང་སྐྱོང་བྱེད་ཐབས་དོན་འཁྱོལ་བྱེད་པ། གྲོང་ཚོར་བཅའ་སྡོད་ལས་དོན་གྱི་བརྟན་ལྷིང་སྲུང་སྐྱོང་གི་འཕྲལ་སྡོམ་ལམ་སྲོལ་ཧུར་ཐག་གཏོད་པ་སོགས་ལས་ཀའི་ཐད་འབད་བརྩོན་བྱེད་པ་དང་ལེགས་སྐྱེས་ཧུར་ཐག་ཕུལ་ནས་གནད་དོན་ཆེ་འབྲིང་མི་ཐོན་པ་བྱེད་པ་དང་གནད་དོན་ཆུང་ཙག་ཀྱང་མི་ཐོན་པའི་འགན་ལེན་གྱིས་རང་ལྗོངས་ཀྱི་མང་ཚོགས་ཚོས་བོད་ཀྱི་ལོ་གསར་དགའ་གཏོང་བྱེད་པར་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་ཡིན་ཞེས་བརྗོད་པ་རེད།

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ཏང་ཨུད་ཀྱིས་ལས་བྱེད་པ་དང་ལས་བཟོ་ཡོངས་ལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས་ངོས་འཛིན་མཐོར་གཏོང་དང་བསམ་བློ་གཅིག་གྱུར་ཡོང་བ་བྱེད་པ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཆེ་རུ་བཏང་སྟེ་བསམ་བློ་དེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ནས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་པ་དང་།

        སྨྱན་སྦྱོར་ཁག་གིས་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཐོག་ནུས་ཤུགས་ཡོད་རྒུས་གསར་འགྱུར་གྱི་འཕྲལ་སྡོམ་གནས་ཚུལ་གཏོང་སྤེལ་ལས་དོན་ཡག་པོ་བསྒྲུབས་ཏེ་དགའ་སྤྲོ་དང་འཆམ་མཐུན་གྱི་དུས་ཆེན་རྣམ་པ་ཞིག་ཧུར་ཐག་གཏོད་པ། སྡེ་ཚན་ཁག་གིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ལས་ཁུངས་ནང་ཁུལ་གྱི་བདེ་འཇགས་སྲུང་སྐྱོང་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པ། རང་སྐྱོང་ལྗོངས་ཏང་ཨུད་གཞུང་ལས་ཐིང་དང་སྲིད་གཞུང་གཞུང་ལས་ཐིང་གི་བརྡ་ཐོའི་བླང་བྱ་གཞིར་བཟུང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཏུ་འགན་འཁུར་བློ་མཐུན་གང་གི་དུས་སུའང་ལས་གནས་ཐོག་ཡོད་པ་དང་མི་སྣ་འདང་ངེས་འཐབ་ས་དང་པོར་བཅའ་སྲུང་ཐུབ་པའི་འགན་ལེན་བྱེད་པ་དང་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ཨང་དང་པོ་དོན་འཁྱོལ་བྱས་ནས་གཞི་རིམ་གྱི་བདེ་འཇགས་བརྟན་ལྷིང་འགན་ལེན་བྱེད་པ། ལས་དོན་ཁག་ལ་གཅིག་འདོམས་ཀྱིས་གསར་འགྱུར་དྲིལ་བསྒྲགས་དང་། ཚགས་པར་ལས་རིགས་ཀྱི་འཕེལ་རྒྱས། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་བདེ་འཇགས་ཀྱི་བྱ་བ་ཆེན་པོ་གསུམ་ཡག་པོ་བསྒྲུབས་ནས་ལྗོངས་ཡོངས་ཀྱི་མཆོང་སྐྱོང་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།

        རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་ལས་བྱེད་པ་དང་ལས་བཟོའི་ཚོགས་ཆེན་ཐོག་མིག་སྔའི་སྤྱི་ཚོགས་བདེ་འཇགས་དུས་བབ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། རྒྱ་ཆེའི་ལས་བྱེད་པ་དང་ཉེན་རྟོག་པའི་བསམ་བློའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ནས་སྦྱངས་པ་གོ་ཆོད་དང་སྤྱོད་གོར་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཚོགས་འདུའི་དགོངས་དོན་གྱིས་ཁྲིམས་འཛིན་སྲིད་འཛིན་ལས་དོན་ལ་གཅིག་འདོམས་བྱེད་པ་དང་འགན་འཁྲི་ཧུར་ཐག་བསྒྲུབས་ནས་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་ལས་དོན་ཁག་སྔར་བས་ཡག་པོ་བསྒྲུབས་པ། ལས་ཀའི་དོན་དངོས་ལ་གཞི་ཚུགས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཐད་ངོས་འཛིན་གསར་པ་དང་། འཕེལ་རྒྱས་གསར་པ། གྲུབ་འབྲས་གསར་པ་བཅས་ཡོང་བར་འབད་བརྩོན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

        རང་སྐྱོང་ལྗོངས་ས་གཤིས་རྩད་ཞིབ་ཅུས་ཀྱིས་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུ་འཚོགས་ཏེ་ཅུས་དེ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོར་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཡུན་རིང་རང་བཞིན་དང་། ཪྙོག་འཛིང་རང་བཞིན། དཀའ་ཚེགས་རང་བཞིན་བཅས་ཀྱི་ངོས་འཛིན་མཐོར་གཏོང་གིས་བསམ་བློ་དང་བྱ་སྤྱོད་དེ་ལྗོངས་ཏང་ཨུད་ཀྱི “དུས་ཆེན་ཆེན་པོ་གསུམ ”རིང་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་ལས་རེས་དང་ལས་སྣེ་ཁྲིད་པའི་ལས་དོན་བཀོད་སྒྲིག་ཏན་ཏིག་བྱེད་པ་དང་ལས་ཁུངས་ཀྱི་གློག་མཁོ་འདོན་གྱི་སྐུད་ལམ་དང་གཙོ་གནད་ཁུལ་སོགས་ནང་ཁུལ་གྱི་བདེ་སྲུང་ལས་དོན་ཐད་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ནས་དུས་ཐོག་ཏུ་མི་མངོན་པའི་རྐྱེན་ངན་དང་སྐྱོན་གཞི་བསལ་ནས་དུས་ཆེན་གྱི་བདེ་འཇགས་འགན་ལེན་བྱེད་པ། ལམ་འགྲམ་དུ་ཡོད་པའི་ཁང་པ་དང་ཕྱོགས་མིའི་ཐོ་འགོད་ལས་དོན་ཡག་པོ་སྒྲུབ་པ། འགལ་བ་གྲལ་བཤེར་ཡག་པོ་བྱས་ཏེ་མི་མང་ཁྱུ་སྒྲིག་གིས་གོང་གཏུག་ཞུ་བར་ཡོང་བའི་དོན་རྐྱེན་ཐོན་རྒྱུ་སྔོན་འགོག་བྱེད་པ། བོད་ཀྱི་ལོ་གསར་རིང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་འཚམས་འདྲི་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་པ། སྒྲིག་ཁྲིམས་ནན་པོ་ཡོང་བ་བྱེད་པ་དང་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་ཏན་བྱས་ནས་གང་གསུངས་དེ་སྒྲུབ་ཐུབ་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་བདེ་བླག་ངང་སྐོང་ཚོགས་བྱ་རྒྱུར་ས་གཤིས་མི་སྣས་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།

        རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་ཚོར་གཅིག་ནས་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོར་གཏོང་བྱས་ནས་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོ་འཛུགས་པ་དང་། གཉིས་ནས “རང་སོ་སོའི་མིར་དོ་དམ་ཡག་པོ་བྱེད་པ་དང་། རང་སོ་སོའི་སྒོ་ཡག་པོ་སྲུང་བ། རང་སོ་སོའི་བྱ་བ་ཡག་པོ་སྒྲུབ་པ ”བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་ནང་ཁུལ་གྱི་བདེ་སྲུང་ལས་དོན་གྱི་འགན་འཁུར་བ་དང་ལས་ཀའི་འགན་འཁྲི་སྔར་བས་ཁ་གསལ་བཟོ་བ་དང་། བོགས་གཏོང་དང་ཚོང་ཟོག་ཁང་པ་དང་ཕྱོགས་མིའི་དོ་དམ་ལ་ཤུགས་སྣོན་རྒྱག་པ། སྒོ་ར་སྲུང་མཁན་རུ་ཁག་དང་བཟོ་གྲྭ་སྲུང་མཁན་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཉིན་མཚན་མེད་པར་སྐོར་ཞིབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་འབྲེལ་མེད་མི་སྣ་གཞུང་ལས་ས་ཁོངས་དང་གནས་གཙོ་བོར་ཡོང་རྒྱུ་བཀག་འགོག་ནན་ཏན་བྱེད་པ་བཅས་བྱས་ཏེ་ཚན་པའི་ནང་ཁུལ་གྱི་བདེ་འཇགས་ཉེན་ཟོན་ལ་སྔར་བས་ཤུགས་སྣོན་རྒྱག་པ། གསུམ་ནས་གྲོང་ཚོར་བཅའ་སྡོད་ལས་དོན་དམ་འཛིན་ཡག་པོ་བྱས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་ས་ཚིགས་ཁག་ཏུ་མི་སྣ་ལས་གནས་ཐོག་ཡོད་པའི་འགན་ལེན་གྱིས་དབུལ་སྐྱོར་ས་ཚིགས་ཀྱི་རོགས་སྐྱོར་ལས་ཀ་ཡག་པོ་བསྒྲུབ་དགོས་ལ་དུས་བཀག་ནང་འཚམས་འདྲི་དང་བརྟག་དཔྱད་ཀྱི་ལས་དོན་སྤེལ་ནས་འགལ་བ་དང་མི་མངོན་པའི་རྐྱེན་ངན་དུས་ཐོག་ཏུ་གྲལ་བཤེར་བྱས་ཏེ་ཕྱོགས་གཅིག་གི་བདེ་འཇགས་སྲུང་སྐྱོང་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བ། བཞི་ནས་བླང་བྱ་ཁ་གསལ་བཟོ་བ་དང་སྒྲིག་ཁྲིམས་ནན་པོ་ཡོང་བ་བྱས་ཏེ་ལས་གནས་ཐོག་གི་འགོ་ཁྲིད་ཀྱི་གྲངས་འབོར་དང་འགྲིམ་འགྲུལ་ལས་དོན་བདེ་བླག་སྤེལ་རྒྱུར་འགན་ལེན་གྱིས “གནད་དོན་ཆེ་འབྲིང་མི་ཐོན་པ་དང་གནད་དོན་ཆུང་ཙག་ཀྱང་མི་ཐོན་པ ”བྱེད་ཐུབ་པ་བྱེད་པ། ལྔ་ནས་འགྲིམ་འགྲུལ་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གཙོ་གནད་དམ་འཛིན་བྱེད་པ། དྲུག་ནས་བོད་ཀྱི་ལོ་གསར་བསུ་བའི་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབ་སྟེ་དགའ་སྤྲོ་དང་འཆམ་མཐུན་གྱི་དུས་ཆེན་གྱི་རྣམ་པ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།

        རང་སྐྱོང་ལྗོངས་སྤུས་ཚད་ལྟ་སྐུལ་ཅུས་ཀྱིས་ལས་བྱེད་པ་དང་ལས་བཟོ་ཡོངས་ཀྱི་ཚོགས་ཆེན་འཚོགས་ཏེ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་འབྲེལ་ལྗོངས་ཡོངས་ཀྱི་སྤུས་ཚད་ལྟ་སྐུལ་ཁོངས་གཏོགས་ཀྱིས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་ཞིབ་ཕྲ་བྱས་ཤིང་། ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་སྤུས་ཚད་ལྟ་སྐུལ་ཁོངས་གཏོགས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་པ་དང་། ནང་ཁུལ་གྱི་བདེ་འཇགས་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ། ལས་རེས་དང་ལས་སྣེ་ཁྲིད་པའི་ལམ་ལུགས་དོན་འཁྱོལ་ནན་ཏན་བཅས་བྱས་ཏེ་རང་སོ་སོའི་སྒོ་ཡག་པོ་སྲུང་བ་དང་། རང་སོ་སོའི་མིར་དོ་དམ་ཡག་པོ་བྱེད་པ། རང་སོ་སོའི་བྱ་བ་ཡག་པོ་སྒྲུབ་པ་བཅས་དངོས་འབྲེལ་བྱེད་ཐུབ་པ་བྱས་ནས་འཕྱུགས་པ་གཏན་ནས་མེད་པའི་འགན་ལེན་བྱེད་པ་དང་། བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པས་ལྗོངས་ཡོངས་ཀྱི་སྤུས་ཚད་ལྟ་སྐུལ་ཁོངས་གཏོགས་ཀྱིས་བཟའ་བཅའ་དང་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་དམ་འཛིན་ཏན་ཏིག་བྱེད་པ། ས་ཁུལ (གྲོང་ཁྱེར )ཁག་གི་སྤུས་ཚད་ལྟ་སྐུལ་ཅུས་ཀྱིས་ཆེད་དོན་ཞིབ་བཤེར་བྱེད་རྒྱུ་དེ་མིག་སྔའི་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་ལས་དོན་ཁྲོད་ཀྱི་གལ་ཆེའི་ནང་གི་དོན་ཆེན་དུ་བརྩིས་ཏེ་བཀོད་སྒྲིག་ཞིབ་ཚགས་བྱེད་པ་དང་། སྒྲིག་འཛུགས་ཞིབ་ཚགས་བྱེད་པ། བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ། ཁུག་ཆ་མ་ལུས་པ་བཅས་བྱས་ནས་དུས་ཆེན་རིང་གི “བདེ་འཇགས་ཆེན་པོ་གཉིས ”ཀྱི་ལས་དོན་ཐད་གནད་དོན་གང་ཡང་མི་ཐོན་པའི་འགན་ལེན་གྱིས་བོད་ཀྱི་ལོ་གསར་ལ་བདེ་འཇགས་སྤུས་ཚད་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།