དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བཪྙན་འཕྲིན་ཁ་པར་ཚོགས་འདུ་དང་ལྗོངས་དང་ཀྲུང་དབྱང་ཐད་གཏོགས་སྡེ་ཚན་གྱི་འགན་འཁུར་བའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་ཉེ་དུས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཐད་གནང་བའི་གལ་ཆེའི་མཆན་བཀོད་མཛུབ་སྟོན་རབ་དང་རིམ་པ་ལྟར་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་སྔར་བས་ཞིབ་ཕྲ་དང་དོན་འཁྱོལ་གྱིས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་ཆེད་ཟླ་2ཚེས་6ཉིན་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བཪྙན་འཕྲིན་ཁ་པར་ཚོགས་འདུ་དང་། ལྗོངས་དང་ཀྲུང་དབྱང་ཐད་གཏོགས་སྡེ་ཚན་གྱི་འགན་འཁུར་བའི་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧའོ་ཕུང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

        ཧའོ་ཕུང་གིས་ཉེ་དུས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་གཅིག་གྱུར་བཀོད་འདོམས་འོག་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་གྲ་སྒྲིག་ཨང་བསར་དང་དཔུང་གཤིབ་དམག་འཐབ་བྱེད་པ་དང་། རིམ་ཁག་ཏང་སྲིད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་ལས་གནས་བརྟན་སྲུང་དང་འགན་འཁྲི་གཙང་སྒྲུབ་བྱེད་པ་མ་ཟད། བློ་མཐུན་མི་ཉུང་བ་ཞིག་གིས་དུས་ཆེན་རིང་གི་ངལ་གསོའི་དུས་ཚོད་དོར་ནས་བརྟན་ལྷིང་སྲུང་སྐྱོང་ལ་ཤུགས་སྣོན་དང་སྣེ་ཁྲིད་བྱས་ཏེ་ལས་རེས་བྱེད་པ་དང་། ཁོངས་གཏོགས་ས་ཆའི་མཉམ་འགོག་མཉམ་འཛིན་སྒྲིག་འཛུགས་བྱེད་པ། ཚན་པའི་ནང་ཁུལ་གྱི་བདེ་སྲུང་བྱེད་ཐབས་དོན་འཁྱོལ་བྱེད་པ། བརྟན་ལྷིང་དང་འབྲེལ་བ་ཡོད་པའི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གཙང་བཤེར་བྱེད་པ་སོགས་ཀྱི་ལས་དོན་ཐད་དཀའ་སྤྱད་འབད་བརྩོན་བྱས་ཏེ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བ་དང་གནད་དོན་ཆེ་འབྲིང་ཆུང་གསུམ་མི་ཐོན་པ་དང་ལྗོངས་ཡོངས་རྒྱུན་མཐུད་བརྟན་ལྷིང་ཡོང་བའི་འགན་ལེན་གྱིས་མི་རིགས་ཁག་གི་མང་ཚོགས་ཚོས་དཔྱིད་གསར་དུས་ཆེན་དགའ་གཏོང་བྱེད་ཆེད་ཁོར་ཡུག་བཟང་པོ་བཏོད་ཡོད་པས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དེའི་ཐད་ཁས་ལེན་གང་ལེགས་བྱེད་ཀྱི་ཡོད་ཅེས་མཛུབ་སྟོན་གནང་བ་རེད།

        ཧའོ་ཕུང་གིས་འདི་ལོ་ནི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་འགོད་ལག་བསྟར་བྱེད་པའི་སྔ་འཛིན་ཕྱི་མཐུད་ཀྱི་འགག་རྩའི་ལོ་ཞིག་ཡིན་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་པ་དང་ལྗོངས་ཡོངས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་དམིགས་བསལ་དོན་སྙིང་ལྡན་པའི་ལོ་ཞིག་ཀྱང་ཡིན་པས་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ལེགས་པར་བསྒྲུབ་པར་འགན་འཁྲི་ལྕི་བ་དང་ལས་འགན་དཀའ་ཚེགས་ཆེ་བ་ཞིག་ཡོད། དེར་བརྟེན་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ཚོས་དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་ཧ་ཅང་གལ་འགངས་ཆེ་བའི་རང་བཞིན་དང་འཕྲད་པའི་ཛ་དྲག་གི་དུས་བབ་ལ་ངོས་འཛིན་གང་ལེགས་ཐུབ་པ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་གནང་བའི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་དང་། ལྗོངས་ཏང་ཨུད་དང་ལྷག་དོན་དུ་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་གནང་བའི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་གལ་ཆེའི་བཀོད་སྒྲིག་རབ་དང་རིམ་པའི་ཐོག་གཅིག་གྱུར་ཡོང་བ་བཅས་བྱས་ནས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཏན་ཏིག་བསྒྲུབས་ཏེ་གནད་དོན་ཆེ་འབྲིང་མི་ཐོན་པ་དང་གནད་དོན་ཆུང་གྲས་ཀྱང་མི་ཐོན་པ་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་དང་དམངས་འཚོ་རྒྱུན་མཐུད་ངང་ལེགས་སུ་གཏོང་རྒྱུར་ཆ་རྐྱེན་བཟང་པོ་གཏོད་པ་དང་རྒྱལ་ཡོངས་བརྟན་ལྷིང་གི་ཁྱོན་ཡོངས་ཆེད་འབུལ་འོས་པའི་ལེགས་སྐྱེས་ཕུལ་ཐོག་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བ་དང་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རྒྱབ་སྐྱོར་ལ་དྲིན་གསོ་དགོས་ཞེས་ནན་གསུངས་གནང་བ་རེད།

        གོམ་སྟབས་རྗེས་མའི་ཞིབ་ཕྲའི་ལས་དོན་ཐད་ཧའོ་ཕུང་གིས་གཅིག་ནས་ངེས་པར་དུ་འཕེལ་རྒྱས་དང་བརྟན་ལྷིང་གི་ཁྱོན་ཡོངས་ལ་གཅིག་གྱུར་འཆར་འགོད་བྱེད་དགོས། “ཕྱོགས་གཉིས་དམ་འཛིན་བྱེད་པ་དང་ཕྱོགས་གཉིས་ཀར་དམ་འཛིན་ནན་པོ་བྱེད་པའི ”བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་བརྟན་ལྷིང་སྲུང་སྐྱོང་གི་དཀའ་གནད་ཐག་གཅོད་བྱེད་པ་དང་ཞི་མཐུན་དང་བརྟན་ལྷིང་འགན་ལེན་བྱེད་པའི་ཁྲོད་འཕེལ་རྒྱས་མགྱོགས་པོ་གཏོང་བའི་ཆ་རྐྱེན་ཧུར་ཐག་གཏོད་དགོས་པ་དང་། གཉིས་ནས་སྤྱི་ཚོགས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། དོགས་ཟོན་ཆེར་བསྐྱེད་བྱེད་པ་དང་། ལས་སྒྲུབ་དང་མཉམ་འགོག་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གཙོ་གནད་ས་ཁུལ་དང་གནས་སུ་དོ་དམ་དང་ཚོད་འཛིན་ནན་པོ་བྱེད་པ། ཚུལ་ལྡན་ངང་ལས་སྒྲུབ་དང་ཁྲིམས་ལྟར་བྱ་བ་སྒྲུབ་པ་བཅས་བྱེད་དགོས་པ། གསུམ་ནས་ཚན་པའི་ནང་ཁུལ་གྱི་བདེ་སྲུང་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། སྣེ་འཁྲིད་དེ་ལས་རེས་བྱེད་པའི་ལམ་ལུགས་མཐའ་འཁྱོངས་བྱེད་པ་དང་། ནང་ཁུལ་གྱི་བདེ་སྲུང་གི་སྔོན་ཇུས་བྱེད་ཐབས་བཟོ་བ་དང་དོན་འཁྱོལ་བྱེད་པ། ཆུ་དང་། གློག སྣུམ། སོལ་རླངས་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་བདེ་འཇགས་ལ་གྲལ་བཤེར་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། ཁོངས་གཏོགས་ནང་གི་བོགས་གཏོང་ཁང་པར་གཙང་བཤེར་བྱེད་པའི་ལས་དོན་ཏན་ཏིག་ངང་ཡག་པོ་སྤེལ་བ། མཐིལ་རྟོགས་གཙང་མ་དང་དོ་དམ་ནན་པོ་ཡོང་བའི་འགན་ལེན་བྱེད་པ། ཚན་པའི་ནང་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ལས་རིགས་དང་ཁོངས་གཏོགས་ཀྱི་བརྟན་ལྷིང་འགན་ལེན་བྱེད་པ་བཅས་བྱེད་དགོས་པ། བཞི་ནས་ཁོངས་གཏོགས་ཀྱི་འབྲེལ་བ་མི་དབྱེ་བར་ལྷ་ས་གྲོང་ཁྱེར་གྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལེགས་པར་བསྒྲུབ་རྒྱུར་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་དང་སྤྱི་ཚོགས་ལ་དོ་དམ་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ཐད་ལྗོངས་དང་ཀྲུང་དབྱང་ཐད་གཏོགས་སྡེ་ཚན་གྱིས་རང་རྟོགས་ངང་ཁོངས་གཏོགས་ས་ཆར་དོ་དམ་བྱེད་རྒྱུ་དང་ལེན་བྱེད་པ་དང་སྤྱི་ཚོགས་ལ་དོ་དམ་དང་ཕྱོགས་བསྡུས་བཅོས་སྐྱོང་དང་ཁོངས་གཏོགས་ས་ཆའི་བརྟན་ལྷིང་སྲུང་སྐྱོང་ལ་དོ་དམ་བྱེད་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས་པ། ལྔ་ནས་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ཀྱི་ལས་དོན་སྒྲིག་འཛུགས་དང་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་སེམས་ཁུར་བྱེད་དགོས། གྲོང་ཚོར་བཅའ་སྡོད་ལས་དོན་གྱི་བརྟན་ལྷིང་སྲུང་སྐྱོང་ལམ་སྲོལ་ཧུར་ཐག་བཙུགས་ནས་དགོན་སྡེའི་བདེ་འཇགས་འགོག་སྲུང་གི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་དང་གཞི་རིམ་གྱི་བརྟན་ལྷིང་སྲུང་སྐྱོང་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་དང་འགལ་ཟླ་དང་མི་མངོན་པའི་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱས་ནས་གཞི་རིམ་ཞི་མཐུན་དང་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་པ་དང་། འཚོ་བའི་ཐད་དཀའ་ངལ་ཡོད་པའི་ཞིང་འབྲོག་པ་མང་ཚོགས་དང་དགོན་སྡེའི་གྲྭ་བཙུན་ལ་ཡོངས་ཁྱབ་ཏུ་འཚམས་འདྲི་བྱས་ནས་ཁོང་ཚོར་དཀའ་གནད་སེལ་རོགས་དང་བྱ་བ་བཟང་པོ་སྒྲུབ་དགོས་པ་མ་ཟད། དུས་ཆེན་རིང་ཁོང་ཚོས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས་པ། དྲུག་ནས་སྒྲིག་ཁྲིམས་ཐད་ཀྱི་སྤྱོད་ཚུལ་གྱི་བླང་བྱ་ཁ་གསལ་ཡོང་བ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་བདའ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཚོས་དོགས་ཟོན་ཆེར་བསྐྱེད་དང་། ལས་གནས་བརྟན་སྲུང་། དོགས་ཟོན་ནན་པོ། འགན་འཁྲི་དོན་འཁྱོལ། དུས་རྒྱུན་དུ་ལྟ་ཞིབ་དང་མངོན་གསལ་དུ་ཞིབ་བཤེར་དང་མངོན་མེད་ཞིབ་བཤེར་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པ་དང་ཏང་གི་ཆབ་སྲིད་སྒྲིག་ལམ་དང་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་སྒྲིག་ལམ་ལས་འགལ་བའི་གནད་དོན་ཤེས་རྟོགས་ཐུབ་རིམ་བཞིན་བརྡ་ཁྱབ་ཐེངས་རེ་གཏོང་བ་དང་ཐག་གཅོད་ཐེངས་རེ་བྱེད་དགོས་པ་ལས་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་བ། བདུན་ནས་ཞི་མཐུན་དང་དགའ་སྤྲོའི་དཔལ་ལ་རོལ་བའི་དུས་ཆེན་གྱི་རྣམ་པ་ཞིག་གཏོད་དགོས། ཚན་པ་ཁག་གིས་ལས་འཁྱུར་དང་ལས་བྲལ་ངལ་གསོ་རྒྱག་མཁན་ལས་བྱེད་པ་དང་ལས་བཟོ་དང་། བཅའ་སྡོད་ཁུལ་ཉེ་འཁོར་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ། ལས་སྒྲུབ་བྱེད་མཁན་དཔོན་དམག་བཅས་ལ་འཚམས་འདྲི་བྱེད་པའི་བྱེད་སྒོ་ཏན་ཏིག་སྤེལ་དགོས་པ་དང་དཔོན་དམག་དང་མི་དམངས་ཉེན་རྟོག་པ་དང་མཉམ་དུ་ཐོལ་བྱུང་གནས་ཚུལ་ལ་ཁ་གཏད་གཅོག་པ་དང་། དམངས་ལ་ཕན་འདོགས་པ་དང་ཞབས་འདེགས་ཞུ་བ། བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་དོགས་ཟོན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ། རིམ་ཁག་གསར་འགྱུར་སྨྱན་སྦྱོར་ཚན་པས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བོད་ཀྱི་ལོ་གསར་དགའ་གཏོང་བྱེད་པའི་བྱེད་སྒོའི་རྣམ་པ་རྒྱ་ཁྱབ་ངང་གཏོང་སྤེལ་བྱས་ནས་བརྟན་ལྷིང་དང་མཐུན་སྒྲིལ་ནི་བདེ་སྐྱིད་དང་ཁ་ཕྲལ་དང་ཟང་ཟིང་ནི་ཆག་སྒོ་ཡིན་པའི་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        ཆེ་དགྲ་ལྷས་ལྗོངས་དང་ཀྲུང་དབྱང་ཐད་གཏོགས་སྡེ་ཚན་གྱི་འགན་འཁུར་བའི་ཚོགས་འདུའི་ཐོག་ཉེ་དུས་ལྷ་ས་གྲོང་ཁྱེར་གྱིས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་དེ་བཞིན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་ཀའི་གནས་ཚུལ་བརྡ་ཁྱབ་བཏང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།