དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • མགོན་པོ་བཀྲ་ཤིས་ཀྱིས་གཙུག་ལག་ཁང་དུ་དགོན་སྡེར་བཅའ་སྡོད་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་2ཚེས་2ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས་ཀྱིས་གཙུག་ལག་ཁང་དོ་དམ་ཨུ་ཡོན་ལྷན་ཁང་དང་། དགོན་སྡེར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་ལས་བྱེད་པ། དགེ་འདུན་པའི་འཐུས་མི་བཅས་ལ་གཟིགས་པ་དང་འཚམས་འདྲི་ཞུ་བར་ཕེབས་ནས་དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་གསན་པ་དང་འབྲེལ་ས་གནས་ས་ཐོག་ཏུ་དགོན་སྡེར་བཅའ་སྡོད་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་ཀྱང་གནང་བ་རེད།

        དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་དང་དགེ་འདུན་པའི་འཐུས་མིའི་གཏམ་བཤད་གསན་རྗེས་མགོན་པོ་བཀྲ་ཤིས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱི་ཚབ་ཞུས་ནས་གཙུག་ལག་ཁང་གི་དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང་དང་། དགོན་སྡེར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་ཁོངས་མི། གྲྭ་དམངས་བཅས་ལ་བྱམས་བརྩེའི་འཚམས་འདྲི་ཞུས་པ་དང་གཙུག་ལག་ཁང་གི་དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང་དང་དགོན་སྡེར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ་དགེ་འདུན་པ་དང་དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང་ལ་འཚམས་འདྲིའི་དངུལ་ཡང་གནང་བ་རེད།

        དགོན་སྡེར་བཅའ་སྡོད་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་མགོན་པོ་བཀྲ་ཤིས་ཀྱིས་ནན་བཤད་གནང་དོན་དུ། དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང་དང་དགོན་སྡེར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་ལས་བྱེད་པས་དགོན་སྡེར་བཅའ་སྡོད་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ཐད་ཧྲུའུ་ཅི་ཁྲེན་ཆོན་གོས་གནང་བའི་གལ་ཆེའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་། གོ་བ་གཏིང་ཟབ་བླངས་ཏེ་ཡང་འབད་བསྐྱར་འབད་ངང “འཛུགས་སྐྱོང་དྲུག ”དང “དྲུག་གཅིག ”གི་བྱེད་སྒོ་ཡག་པོ་སྤེལ་བ་དང་། “ཡོད་པ་དགུའི ”འཛུགས་སྐྱོང་ལས་དོན་ཏན་ཏིག་ངང་དམ་འཛིན་ཡག་པོ་བྱེད་པ། དགོན་སྡེ་དང་གྲྭ་བཙུན་སྐོར་གྱི་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་བཅས་བྱས་ནས་སྔར་རྒྱུན་ལྟར་དགོན་སྡེའི་དགེ་འདུན་ལ་དོ་ཁུར་དང་གཅེས་སྐྱོང་བྱས་ཐོག་ཁོང་ཚོར་མཐུན་སྒྲིལ་བྱེད་པ་དང་རྒྱལ་གཅེས་ཆོས་གཅེས་བྱེད་དགོས་པའི་སློབ་གསོ་རྒྱག་པ་དང་། དགོན་སྡེར་དོ་དམ་བྱེད་པའི་གཙུག་ལག་ཁང་གི་བྱེད་སྟངས་ཡག་པོ་དང་ཉམས་མྱོང་ཡག་པོར་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་དགོན་སྡེར་དོ་དམ་བྱེད་པ། དད་ལྡན་པ་དང་ཡུལ་སྐོར་བར་ཞབས་འདེགས་ཞུ་བའི་ཁྲོད་གཙུག་ལག་ཁང་ལ་འཕྲད་པའི་དཀའ་ངལ་གསར་པ་དང་གནད་དོན་གསར་པར་ཞིབ་འཇུག་གཏིང་ཟབ་བྱས་ནས་ཐག་གཅོད་བྱེད་ཐབས་གོ་ཆོད་པ་ཞིག་འདོན་པ་དང་དགོན་སྡེའི་དོ་དམ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་དད་ལྡན་པ་ཚོས་བོད་ཤེས་རྟོགས་བྱེད་པའི་གཙུག་ལག་ཁང་གི “སྐར་ཁུང ”གི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱེད་པ། རྒྱ་ཆེའི་གྲྭ་དམངས་ཚོས་ཏང་གི་འགོ་ཁྲིད་ལ་བརྩི་སྲུང་ཞུ་རྒྱུར་སྣེ་ཁྲིད་ཧུར་ཐག་བྱས་ནས་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། མེས་རྒྱལ་གཅིག་གྱུར་བཅས་སྲུང་སྐྱོང་བྱེད་པའི་འགན་འཁྲིའི་བསམ་པ་ཆེ་རུ་ཏན་ཏིག་གཏོང་བ། དགོན་སྡེར་སྔར་བས་དོ་དམ་དང་། བརྟན་ལྷིང་ལ་དོ་དམ། ཞི་མཐུན་ལ་དོ་དམ་བཅས་ཡག་པོ་བྱས་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམས་པ་བྱ་རྒྱུར་སྣེ་ཁྲིད་བྱེད་པ་དང་དགོན་སྡེའི་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་བཅས་བྱས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས།

        ས་གནས་ས་ཐོག་ཏུ་དགོན་སྡེར་བཅའ་སྡོད་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་སྐབས་མགོན་པོ་བཀྲ་ཤིས་ཀྱིས་དགུན་དུས་ཀྱི་ཞིང་དལ་དང་འབྲོག་དལ་སྐབས་དང་ལོ་རེའི་བོད་ཀྱི་ལོ་གསར་སྐབས་ནི་དད་ལྡན་མང་ཚོགས་རྣམས་མཆོད་མཇལ་དུ་ཡོང་བའི་དུས་ཤིག་རེད། དགོན་སྡེར་བཅའ་སྡོད་ལས་བྱེད་པས་ལས་གནས་བརྟན་སྲུང་དང་། རང་འགན་འབད་སྒྲུབ། རང་འགན་གཙང་སྒྲུབ་བཅས་བྱས་ནས་ཁྲིམས་ལྟར་དགོན་སྡེར་དོ་དམ་བྱེད་པའི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་པ་དང་། གྲྭ་དམངས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་དགོན་སྡེའི་སྒྲིག་ལམ་སྲུང་སྐྱོང་བྱེད་པ་དང་། རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོར་ཁྲིམས་ལྟར་སྲུང་སྐྱོང་བྱེད་པ། དད་ལྡན་མང་ཚོགས་ཀྱི་ཆོས་དད་རང་མོས་ལ་བརྩི་འཇོག་བཅས་བྱས་ཏེ་མཆོད་མཇལ་གྱི་དུས་མཚམས་ཧྲིལ་པོ་བརྟན་ལྷིང་དང་། བདེ་འཇགས། གོ་རིམ་ལྡན་པ་བཅས་ཡོང་བ་བྱས་ཏེ་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ཞི་མཐུན་དང་བརྟན་ལྷིང་ཡོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ལྷ་ས་གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཕེབས་རོགས་ཞུས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།