དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཆེ་དགྲ་ལྷས་སྙེ་མོ་རྫོང་དུ་གྲོང་ཚོར་བཅའ་སྡོད་དང་དགོན་སྡེར་བཅའ་སྡོད་ལས་དོན་ལ་མངོན་མེད་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་2ཚེས་1ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷས་སྙེ་མོ་རྫོང་དུ་གྲོང་ཚོར་བཅའ་སྡོད་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པའི་ལས་ཀའི་གནས་ཚུལ་ལ་གསང་བའི་བརྟག་ཞིབ་གནང་བར་ཕེབས་པ་དང་འབྲེལ་གྲོང་ཚོར་བཅའ་སྡོད་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་། གྲོང་མི། དགེ་འདུན་པ་བཅས་ལ་འཚམས་འདྲིའི་དངུལ་ཡང་གནང་བ་རེད།

        སྙེ་མོ་རྫོང་ཐོན་པ་ཤང་ཐོན་མདའ་གྲོང་ཚོ་དང་དེ་བཞིན་དར་གྲོང་གྲོང་རྡལ་དར་གྲོང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་སྡོད་ཡུལ་དུ་ཆེ་དགྲ་ལྷས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ་ཚང་མར “ལྟ་བ་བརྒྱད ”དང་། “རྩིས་རྒྱག་གཅིག ”“ཐེར་འདོན་དགག་རྒྱག་གཅིག ”“ཤུགས་སྣོན་རྒྱག་པ་བཞི ”བཅས་བརྗོད་བྱ་གཙོ་བོ་ཡིན་པའི་ཏང་གི་བཀའ་དྲིན་དྲན་པའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཞིང་འབྲོག་མང་ཚོགས་ཚོས་དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ་དང་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པ་དང་ཏང་གི་བཀའ་དྲིན་བརྟན་པོ་ངེས་ནས་ཁེ་ཕན་གང་ནས་བྱུང་བ་དང་ཕན་པ་སུ་ལ་འདོགས་པ་གསལ་རྟོགས་ཐུབ་པ་བྱས་ནས་ཏང་གི་རྗེས་སུ་འབྲངས་རྒྱུའི་ཡིད་ཆེས་བརྟན་དུ་གཏོང་རྒྱུའི་སྣེ་ཁྲིད་བྱེད་པ་དང་སློབ་གསོ་རྒྱག་དགོས་པའི་ལྕག་སྐུལ་ཡང་གནང་བ་རེད

        སྙེ་མོ་རྫོང་དར་རྒྱས་དགོན་དུ་དགོན་སྡེར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་ལས་ཀའི་སྙན་ཞུ་གསན་རྗེས་ཆེ་དགྲ་ལྷས་རེ་བར་ཚང་མས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་དགོན་སྡེའི “དྲུག་གཅིག ”གི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང “ཡོད་པ་དགུ ”འཛུགས་སྐྱོང་བྱ་རྒྱུའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་ན་གཞོན་དགེ་འདུན་པ་དང་དད་ལྡན་མང་ཚོགས་ལ་སློབ་གསོ་རྒྱག་པ་དང་སྣེ་ཁྲིད་བྱས་ནས་དགོན་སྡེ་ཞི་མཐུན་དང་བརྟན་ལྷིང་ཡོང་ཕྱིར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་གསུངས་པ་རེད།

        ཆེ་དགྲ་ལྷས་ད་དུང་སྙེ་མོ་རྫོང་སློབ་འབྲིང་དང་རྫོང་སྤྱི་བདེ་ཅུས་སུ་ཕེབས་ཏེ་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་མི་དམངས་དགེ་རྒན་དང་སྤྱི་བདེའི་མི་དམངས་ཉེན་རྟོག་པར་གཟིགས་པ་དང་འཚམས་འདྲི་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།