དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཆོན་གོས་དགོན་སྡེར་བཅའ་སྡོད་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ཐད་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་དགོན་སྡེར་བཅའ་སྡོད་བྱེད་མཁན་ལས་བྱེད་བློ་མཐུན་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་བླ་ན་མེད་པའི་གུས་འདུད་དང་། དགོན་སྡེར་བཅའ་སྡོད་བྱེད་མཁན་ལས་བྱེད་པའི་ལས་དོན་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རྒྱབ་སྐྱོར་བྱེད་མཁན་ཚན་པའི་ཏང་རྩ་འཛུགས་དང་དགོན་སྡེར་བཅའ་སྡོད་བྱེད་མཁན་ལས་བྱེད་པའི་གཉེན་ཉེར་ཐུགས་རྗེ་ཆེ་དང་འཚམས་འདྲི། ལྗོངས་ཡོངས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་ཡོངས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་སྨོན་འདུན་བཟང་པོ་བཅས་ཞུས་གནང་བ།

        ཟླ་2ཚེས་1ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་དགོན་སྡེར་བཅའ་སྡོད་ལས་དོན་སྔར་བས་ཡག་པོ་སྒྲུབ་རྒྱུའི་ཐད་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ་དང་འབྲེལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་དགོན་སྡེར་བཅའ་སྡོད་བྱེད་མཁན་ལས་བྱེད་བློ་མཐུན་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་བླ་ན་མེད་པའི་གུས་འདུད་ཞུས་གནང་བ་མ་ཟད། དགོན་སྡེར་བཅའ་སྡོད་བྱེད་མཁན་ལས་བྱེད་པའི་ལས་དོན་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རྒྱབ་སྐྱོར་བྱེད་མཁན་ཚན་པའི་ཏང་རྩ་འཛུགས་དང་དགོན་སྡེར་བཅའ་སྡོད་བྱེད་མཁན་ལས་བྱེད་པའི་གཉེན་ཉེར་ཐུགས་རྗེ་ཆེ་དང་འཚམས་འདྲི་ཡང་ཞུས་པ་དང་འབྲེལ་དགོན་སྡེར་བཅའ་སྡོད་བྱེད་མཁན་ལས་དོན་ཚོགས་ཆུང་དང་དོ་དམ་ཨུ་ཡོན་ལྷན་ཁང་བརྒྱུད་ལྗོངས་ཡོངས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་ཡོངས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་སྨོན་འདུན་བཟང་པོ་ཞུས་གནང་ཞིང་། ཁོང་གིས་དགོན་སྡེར་བཅའ་སྡོད་བྱེད་མཁན་རྒྱ་ཆེའི་ལས་བྱེད་པར་ཐུགས་ཁུར་དང་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དགོན་སྡེར་བཅའ་སྡོད་བྱེད་མཁན་ལས་བྱེད་པས་རྒྱ་ཆེའི་གྲྭ་བཙུན་ལ་དོ་དམ་བྱེད་པ་དང་། སློབ་གསོ་རྒྱག་པ། ཞབས་འདེགས་ཞུ་བ་བཅས་ཀྱི་ཁྲོད་འཇོན་ཐང་འཕེལ་བ་དང་བྱས་རྗེས་འཇོག་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། རྒྱ་ཆེའི་གྲྭ་བཙུན་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གྲྭ་བཙུན་རྣམས་རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། བརྟན་ལྷིང་སྲུང་སྐྱོང་། ཞི་མཐུན་འཛུགས་སྐྱོང་བཅས་ཀྱི་སྟོབས་ཤུགས་གལ་ཆེན་དུ་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

        ཁྲེན་ཆོན་གོ་ཡི་མཆན་འགོད་མཛུབ་སྟོན་ནང་དགོན་སྡེར་བཅའ་སྡོད་བྱེད་མཁན་རྒྱ་ཆེའི་ལས་དོན་ཚོགས་ཆུང་དང་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་ཚོས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་སྐབས་སུ་ངལ་གསོ་རྒྱག་པ་དང་ནང་མི་དང་མཉམ་འཛོམས་བྱེད་པའི་གོ་སྐབས་བློས་གཏོང་བྱས་ཏེ་དགོན་སྡེའི་ལས་གནས་གལ་ཆེན་བརྟན་སྲུང་བྱས་ནས་ཏང་གི་ཆོས་ལུགས་སྲིད་ཇུས་ཀྱི་བླང་བྱ་གཞིར་བཟུང་བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་རྒྱུར་སྐུལ་འདེད་གཏོང་བའི་དམིགས་ཚད་ལ་དམིགས་ཏེ་ཕྱོགས་གཅིག་ནས་རྒྱ་ཆེའི་གྲྭ་བཙུན་རྣམས་རྒྱལ་གཅེས་ཆོས་གཅེས་དང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་ན་བཀུར་བ། ཞི་བདེ་ཡོང་རེ་བྱེད་མཁན་བཅས་སུ་འགྱུར་བ་བྱས་ནས་རྒྱལ་གཅེས་ཁྲིམས་སྲུང་གི་གྲྭ་བཙུན་ཡག་པོ་ཞིག་བྱ་རྒྱུའི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཏང་དང་སྲིད་གཞུང་གིས་རྒྱ་ཆེའི་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་ལ་བཅངས་པའི་ཐུགས་ཁུར་དང་དྲོ་སྐྱིད་དགོན་སྡེ་ཁག་གི་གྲྭ་བཙུན་ཚོའི་སེམས་ནང་ཚོར་བ་བྱས་པ་དང་འབྲེལ་གྲྭ་བཙུན་གྱི་སྨན་བཅོས་དང་རྒན་གསོ་འགན་བཅོལ་སོགས་ཀྱི་དཀའ་ངལ་དང་གནད་དོན་རབ་དང་རིམ་པ་ཐག་གཅོད་བྱས་པ་མ་ཟད། དགོན་སྡེར་བཅའ་སྡོད་བྱེད་མཁན་རྒྱ་ཆེའི་ལས་བྱེད་པ་ཚོས་ཞི་མཐུན་དགོན་སྡེ་སྐྲུན་ཆེད་དཀའ་སྤྱད་འབད་བརྩོན་དང་ལེགས་སྐྱེས་ཕུལ་ཡོད་པས་ངས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་དགོན་སྡེར་བཅའ་སྡོད་བྱེད་མཁན་ལས་བྱེད་བློ་མཐུན་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་དང་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན་ལ་དགོན་སྡེར་བཅའ་སྡོད་བྱེད་མཁན་ལས་བྱེད་པའི་ལས་དོན་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རྒྱབ་སྐྱོར་བྱེད་མཁན་ཚན་པའི་ཏང་རྩ་འཛུགས་དང་དགོན་སྡེར་བཅའ་སྡོད་བྱེད་མཁན་ལས་བྱེད་པའི་གཉེན་ཉེར་ཐུགས་རྗེ་ཆེ་དང་འཚམས་འདྲི་ཞུ་རྒྱུ་དང་འབྲེལ་དགོན་སྡེར་བཅའ་སྡོད་བྱེད་མཁན་ལས་དོན་ཚོགས་ཆུང་དང་དོ་དམ་ཨུ་ཡོན་ལྷན་ཁང་བརྒྱུད་ལྗོངས་ཡོངས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་ཡོངས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།

        ཁྲེན་ཆོན་གོས་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། འཐབ་ཕྱོགས་གཅིག་གྱུར། མི་རིགས་དང་ཆོས་ལུགས་ལས་དོན་སོགས་སྡེ་ཚན་གྱིས་དགོན་སྡེར་བཅའ་སྡོད་བྱེད་མཁན་རྒྱ་ཆེའི་ལས་བྱེད་པ་ཚོར་མུ་མཐུད་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས་ཤིང་། གཅིག་ནས་ཉེ་ཆར་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་བློ་མཐུན་གྱིས་རུ་སྣེ་འཁྲིད་པ་དང་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་དང་ཆོས་ལུགས་ལས་དོན་སོགས་སྡེ་ཚན་གྱི་བློ་མཐུན་ཞུགས་ཏེ་དགོན་སྡེ་ཁག་ལ་འཚམས་འདྲི་ཞུ་བའི་བྱེད་སྒོ་ཐེངས་གཅིག་སྒྲིག་འཛུགས་བྱས་ནས་དགོན་སྡེར་བཅའ་སྡོད་བྱེད་མཁན་ལས་བྱེད་པར་འཚམས་འདྲི་ཞུ་བ་མ་ཟད། རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་ལ་འཚམས་འདྲི་ཡང་ཞུས་ཏེ་དགོན་སྡེར་བཅའ་སྡོད་བྱེད་མཁན་ལས་བྱེད་བློ་མཐུན་ཚོ་དང་རྒྱ་ཆེའི་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་ཚོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་གཅེས་སྐྱོང་གནང་ལུགས་བརྒྱུད་སྤྲོད་བྱེད་དགོས་པ་དང་། གཉིས་ནས་དགོན་སྡེར་བཅའ་སྡོད་བྱེད་མཁན་ལས་བྱེད་པའི་གནས་ཚུལ་ཤེས་རྟོགས་བྱས་ཏེ་དགོན་སྡེར་བཅའ་སྡོད་བྱེད་མཁན་ལས་བྱེད་པའི་སློབ་སྦྱོང་དང་། ལས་དོན། འཚོ་བ། བདེ་ཐང་སོགས་ཐད་ཀྱི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་རོགས་བྱེད་དགོས་པ། གསུམ་ནས་དགོན་སྡེར་བཅའ་སྡོད་བྱེད་མཁན་ལས་བྱེད་པའི་སྔོན་ཐོན་དཔེ་མཚོན་ཁག་གཅིག་ཤེས་རྟོགས་དང་ཕྱོགས་སྡོམ་བྱས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་མཁན་ལ་བསྔགས་བརྗོད་བྱེད་པ་དང་བྱས་རྗེས་མངོན་གསལ་དོད་པོ་འཇོག་མཁན་ལ་བྱས་རྗེས་འགོད་དགོས་པ་དང་འབྲེལ་དུས་ཐོག་ཏུ་གནས་སྤར་དང་བཙིགས་ཆེན་བྱེད་དགོས་པ། བཞི་ནས་དགོན་སྡེར་བཅའ་སྡོད་བྱེད་མཁན་ལས་དོན་ཚོགས་ཆུང་དང་དེ་བཞིན་དོ་དམ་ཨུ་ཡོན་ལྷན་ཁང་དང་མཉམ་དུ་གྲྭ་བཙུན་གྱི་སྒོམ་སྒྲུབ་དང་། འཚོ་བ། བདེ་ཐང་། ཁྱིམ་ཚང་སོགས་ཐད་ཀྱི་གནད་དོན་དང་དཀའ་ངལ་སེལ་རོགས་བྱེད་པ་དང་འབྲེལ་དམིགས་སའི་རང་བཞིན་གྱི་སྒོ་ནས་ཐག་གཅོད་བྱེད་རོགས་བྱས་ཏེ་རྒྱ་ཆེའི་གྲྭ་བཙུན་གྱིས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཅེས་སྐྱོང་སྔར་བས་ཚོར་ཐུབ་པ་བྱེད་དགོས་ལ་ཏང་གི་ཆོས་ལུགས་སྲིད་ཇུས་ཀྱི་ཁྱད་འཕགས་རང་བཞིན་ཡང་ཚོར་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

        ཁྲེན་ཆོན་གོས་དགོན་སྡེར་བཅའ་སྡོད་བྱེད་མཁན་རྒྱ་ཆེའི་ལས་དོན་ཚོགས་ཆུང་དང་དོ་དམ་ཨུ་ལྷན་གྱི་བློ་མཐུན་ཚོས་གྲུབ་འབྲས་དར་སྤེལ་དང་ཡང་འབད་བསྐྱར་འབད་བྱེད་པ་དང་། ཏང་དང་སྲིད་གཞུང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ། དགོན་སྡེར་སེམས་གནས་ནས་དཀའ་སྤྱད་སྙིང་རུས་ངང་མུ་མཐུད་ལས་ཀ་བྱེད་པ། རྒྱ་ཆེའི་གྲྭ་བཙུན་གྱིས་ཞི་མཐུན་མིག་དཔེའི་དགོན་སྡེ་ཧུར་ཐག་གཏོད་རྒྱུར་མཐུན་སྒྲིལ་དང་ཁྲིད་སྟོན་བྱས་ནས་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་དགོན་སྡེ་ཁག་བརྟན་ལྷིང་དང་ཞི་མཐུན་ཡོང་བ་བྱེད་པ་དང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

        ཁྲེན་ཆོན་གོས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་ཚོས་ཏང་གི་ཆོས་ལུགས་སྲིད་ཇུས་དང་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་རང་རྟོགས་ངང་སྲུང་བརྩི་ཞུ་བ་དང་། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཅེས་སྐྱོང་ལ་གཅེས་འཛིན་བྱེད་པ། སེམས་རྣལ་དུ་ཕབ་ནས་སྒྲུབ་སྦྱོང་དང་ཆོས་ཀྱི་རྟོགས་པ་མཐོ་རུ་གཏོང་བ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི “རྒྱལ་གཅེས་ཆོས་གཅེས་དང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་ན་བཀུར་བ། ཞི་བདེ་ཡོང་རེ་བྱེད་པ ”བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ། ཞི་མཐུན་མིག་དཔེའི་དགོན་སྡེ་ཧུར་ཐག་གཏོད་པ། རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པ་བཅས་བྱས་ཏེ་ཞི་མཐུན་གྱི་བོད་ལྗོངས་དང་དུས་བདེའི་བོད་ལྗོངས་སྐྲུན་ཆེད་འབུལ་འོས་པའི་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།

        ཁྲེན་ཆོན་གོས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། རིམ་ཁག་འཐབ་ཕྱོགས་གཅིག་གྱུར། མི་རིགས་དང་ཆོས་ལུགས་ལས་དོན་སྡེ་ཚན་བཅས་ཀྱིས་ཏང་གི་ཆོས་ལུགས་སྲིད་ཇུས་ལག་བསྟར་ནན་ཏན་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་དགོན་སྡེའི་དོ་དམ་དང་། སློབ་གསོ། ཞབས་ཞུ་བཅས་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱས་ཏེ་དགོན་སྡེ་ཞི་མཐུན་དང་བརྟན་ལྷིང་ཏན་ཏིག་ཡོང་བ་བྱེད་དགོས་པ་དང་། དགོན་སྡེར་བཅའ་སྡོད་བྱེད་མཁན་རྒྱ་ཆེའི་ལས་བྱེད་པ་ཚོར་ཐུགས་ཁུར་དང་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དགོན་སྡེར་བཅའ་སྡོད་བྱེད་མཁན་ལས་བྱེད་པས་རྒྱ་ཆེའི་གྲྭ་བཙུན་ལ་དོ་དམ་བྱེད་པ་དང་། སློབ་གསོ་རྒྱག་པ། ཞབས་འདེགས་ཞུ་བ་བཅས་ཀྱི་ཁྲོད་འཇོན་ཐང་འཕེལ་བ་དང་བྱས་རྗེས་འཇོག་རྒྱུར་ཤུགས་སྣོན་རྒྱག་དགོས་པ། རྒྱ་ཆེའི་གྲྭ་བཙུན་ལ་ཐུགས་ཁུར་དང་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཆེའི་གྲྭ་བཙུན་རྣམས་རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། བརྟན་ལྷིང་སྲུང་སྐྱོང་། ཞི་མཐུན་འཛུགས་སྐྱོང་བཅས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་འགྱུར་བ་བྱས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་ཁོར་ཡུག་བཟང་པོ་ཞིག་གཏོད་དེ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།