དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • པད་མ་འཕྲིན་ལས་ཀྱིས་བོད་ལྗོངས་ཀྱི་དམངས་གཉེར་ཁེ་ལས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་1ཚེས་30ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་རང་ལྗོངས་ཀྱི་དམངས་གཉེར་ཁེ་ལས་འཕེལ་རྒྱས་འགྲོ་ཚུལ་དང་དེ་བཞིན་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་རོགས་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་བྱས་ཚུལ་ལ་རྟོག་ཞིབ་དང་བརྟག་ཞིབ་གནང་ཞིང་། འདི་ནི་པད་མ་འཕྲིན་ལས་ཀྱིས་བོད་ལྗོངས་སྤང་རྒྱན་མེ་ཏོག་བཟོ་ཚོང་ཚད་ཡོད་ཀུང་སིར་རྟོག་ཞིབ་དང་བརྟག་ཞིབ་གནང་བའི་གནས་ཚུལ་ཡིན་པ།

        ཟླ་1ཚེས་30ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་རང་ལྗོངས་ཀྱི་དམངས་གཉེར་ཁེ་ལས་འཕེལ་རྒྱས་འགྲོ་ཚུལ་དང་དེ་བཞིན་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་རོགས་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་བྱས་ཚུལ་ལ་རྟོག་ཞིབ་དང་བརྟག་ཞིབ་གནང་བ་རེད། ཁོང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ལྗོངས་ཡོངས་ཀྱི་དུས་སྐབས་གསར་པའི་བཟོ་ཚོང་མཉམ་འབྲེལ་ལས་དོན་ལ་ཤུགས་སྣོན་དང་དེ་ལེགས་སུ་གཏོང་བ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་གོ་སྐབས་དམ་འཛིན་དང་སྲིད་ཇུས་ཡག་པོ་སྤྱོད་པ་དང་། སྤུས་རྟགས་གཏོད་པ་དང་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

        བོད་ཀྱི་ཁྱད་ལྡན་ཐོན་ལས་མ་རྐང་ཚད་ཡོད་ཀུང་སི་ནི་རྒྱལ་ཁབ་རིམ་པའི་གཙོ་གནད་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཡིན་ཞིང་། པད་མ་འཕྲིན་ལས་ཀྱིས་ཁེ་ལས་ཀྱི་ཐོན་སྐྱེད་འཁོར་ཁང་དང་ཐོན་རྫས་འགྲེམས་སྟོན་ཁུལ་དུ་དགྱེས་ཚོར་ཆེན་པོས་གཟིགས་པ་དང་། ཁེ་ལས་ཀྱི་འགན་འཁུར་བ་དང་ཕེབས་གིན་དུ་བཀའ་མོལ་གནང་བཞིན་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་དང་། མ་བཅོས་རྒྱུ་ཆའི་འབྱུང་ཁུངས། ཐོན་རྫས་ཞིབ་འཇུག་གསར་སྤེལ། ཞིང་དུད་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱེད་པ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁེ་ལས་ཀྱི་ཐོན་རྫས་དེ་རྒྱལ་ཁབ་ཕྱི་ནང་གི་ཁས་ལེན་ཁག་མང་པོ་བྱུང་བ་གསན་སྐབས་པད་མ་འཕྲིན་ལས་ཀྱིས་དེའི་ཐད་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཁེ་ལས་ཀྱི་འགན་འཁུར་བར་གོ་སྐབས་དམ་འཛིན་དང་། སྲིད་ཇུས་ཡག་པོ་སྤྱོད་པ། སྤུས་རྟགས་གཏོད་པ། གཞི་ཁྱོན་སྟོབས་ཆེར་བཏང་ནས་བོད་ཀྱི་ཐུན་མིན་ཁྱད་ཆོས་ལྡན་པའི་ཐོན་རྫས་དེ་རྒྱལ་ཡོངས་དང་འཛམ་གླིང་དུ་ཁྱབ་གདལ་གཏོང་དགོས་ཞེས་བཀའ་མངགས་གནང་བ་རེད།

        པད་མ་འཕྲིན་ལས་ཀྱིས་ད་དུང་བོད་ཀྱི་ཡུལ་ཁམས་ལྷད་མེད་འཐུང་བྱ་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་བོད་ལྗོངས་སྤང་རྒྱན་མེ་ཏོག་བཟོ་ཚོང་ཚད་ཡོད་ཀུང་སིར་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་རང་ལྗོངས་ཀྱི་དམངས་གཉེར་ཁེ་ལས་ཀྱིས་འཕེལ་རྒྱས་གཏོང་བའི་ཁྲོད་གཙོ་གནད་ཁོང་དུ་ཆུད་པ་དང་ཚད་བརྒལ་དོན་གཉེར་བྱས་ཏེ་འཕེལ་རྒྱས་གཏོང་ཐབས་བྱེད་དགོས། གཅིག་ནི་ཕུགས་ཇུས་དོན་གཉེར་བྱེད་དགོས། “ལོ་ལྔ་ཚན་བཅུ་གཉིས་པའི ”འགོ་འཛུགས་ཀྱི་གོ་སྐབས་ཧ་ཅང་བཟང་པོ་དམ་འཛིན་བྱས་ཏེ་ཕུགས་ཀྱི་འཕེལ་རྒྱས་ལ་དམིགས་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་དམངས་གཉེར་ཁེ་ལས་སྟོབས་ཆེར་གཏོང་དགོས་པ་དང་། གཉིས་ནི་སྤུས་རྟགས་དམ་འཛིན་བྱེད་དགོས། སྤུས་རྟགས་ལ་བརྟེན་ནས་ཁྲོམ་ར་རྒྱ་བསྐྱེད་དང་ཕན་འབྲས་ཆེ་རུ་གཏོང་བའི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་ལྷག་པར་དུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་དེ་སྤུས་རྟགས་སུ་བཏོད་ནས་ཇོ་རིའི་འཁྱག་རོམ་གཏེར་ཆུ་སོགས་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་བའི་ཁྱད་ལྡན་སྤུས་རྟགས་ཁག་གཅིག་བཏོད་ཐོག་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཉིས་ཀ་ཡག་པོ་ཡོང་བ་བྱེད་དགོས་པ། གསུམ་ནི་ཁྱད་ཆོས་ལ་སྣང་ཆེན་བྱེད་དགོས། བོད་ཀྱི་ཐུན་མིན་ཁྱད་ཆོས་ལྡན་པའི་ས་ཁོངས་ཀྱི་ཁྱད་ཆོས་དང་། ཐོན་ཁུངས་ཀྱི་ཁྱད་ཆོས། མི་རིགས་ཀྱི་ཁྱད་ཆོས། རིག་གནས་ཀྱི་ཁྱད་ཆོས་བཅས་ཀྱི་ཐོན་ཁུངས་སྔར་བས་བེད་སྤྱོད་ཡག་པོ་བྱས་ཏེ་ཁྱད་ལྡན་ཐོན་ལས་དང་ཁྱད་ལྡན་ཐོན་རྫས་མགྱོགས་མྱུར་སྐྱེད་སྲིང་བྱས་ཐོག་ཁྱད་ཆོས་ལ་བརྟེན་ནས་ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་དང་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་དགོས་པ། བཞི་ནི་ཞིབ་འཇུག་གསར་སྤེལ་བྱ་རྒྱུར་མཐོང་ཆེན་བྱེད་དགོས། བོད་ཀྱི་ཕུན་སུམ་ཚོགས་པའི་ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུགས་ནས་ཞིང་འབྲོག་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ་ནས་འགོ་བཙུགས་ཏེ་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ཐོག་ཐོན་རྫས་གསར་པ་ཟམ་མི་ཆད་པར་ཁྱབ་གདལ་གཏོང་བ་དང་ཁེ་ལས་ཆེ་རུ་དང་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་དགོས་པ་བཅས་བསྟན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།