དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་རྣམ་གཉིས་ལྷ་ས་མེ་འཁོར་བབས་ཚུགས་སུ་དཔྱིད་གསར་སྐྱེལ་འདྲེན་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་རྣམ་གཉིས་ལྷ་ས་མེ་འཁོར་བབས་ཚུགས་སུ་དཔྱིད་གསར་སྐྱེལ་འདྲེན་གྱི་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་ཤིང་། འདི་ནི་འཐབ་ཕྱོགས་དང་པོར་དཀའ་སྤྱད་འབད་བརྩོན་བྱེད་མཁན་ལྕགས་ལམ་ཁོངས་གཏོགས་ཀྱི་ལས་བཟོར་བྱམས་བརྩེའི་ངང་འཚམས་འདྲི་གནང་བའི་གནས་ཚུལ་ཡིན་པ།

        དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཉིས་རིང་ནི་བོད་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་འགྲུལ་པ་མང་ཤོས་ཀྱི་དུས་ཤིག་རེད། ཉིན་ཤས་གོང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་རྣམ་གཉིས་ལྷ་ས་མེ་འཁོར་བབས་ཚུགས་སུ་དཔྱིད་གསར་སྐྱེལ་འདྲེན་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་པ་དང་སྦྲགས་འཐབ་ཕྱོགས་དང་པོར་ལས་ཀ་བྱེད་བཞིན་པའི་ལྕགས་ལམ་ཁོངས་གཏོགས་ཀྱི་ལས་བཟོར་བྱམས་བརྩེའི་ངང་འཚམས་འདྲི་ཡང་གནང་བ་རེད།

        ཁྲེན་ཆོན་གོ་ཡིས་དར་ཚོན་སྣ་ལྔའི་འགྲུལ་པའི་ཞབས་ཞུ་ལྟེ་གནས་སུ་ཕེབས་ནས་ལས་དོན་མི་སྣ་ཚོར་འགྲུལ་པ་མང་ཉུང་དང་འགྲུལ་པའི་དགོས་མཁོ་ལ་སོགས་པའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་འབྲེལ་ལས་བཟོ་ཚང་མར་ངང་རྒྱུད་རིང་པོ་དང་སེམས་རྩ་འཁོལ་པོས་འགྲུལ་པར་ཞབས་འདེགས་ཡག་པོ་ཞུས་ནས་འགྲུལ་པ་ཚོར་རང་ཁྱིམ་དུ་སླེབས་པ་ལྟ་བུའི་དྲོ་སྐྱིད་ཀྱི་ཚོར་སྣང་ཞིག་སྦྱིན་དགོས་པའི་ལྕག་སྐུལ་གནང་བ་རེད།

        ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་མེ་འཁོར་བབས་ཚུགས་ཀྱི་ཚོམས་ཆེན་དུ་ཕེབས་ཏེ་མེ་འཁོར་བབས་ཚུགས་ཀྱི་ལས་དོན་མི་སྣ་ཚོར་ཁ་བཏགས་གཡོགས་གནང་བ་དང་“དཔྱིད་གསར་དུས་ཆེན་བཏང་ཚར་མ་ཐག་པ་དང་བོད་ཀྱི་ལོ་གསར་ཡང་འཆར་ཉེར་ཡོད་པས་ལས་དུས་འཕར་མ་མ་བྱས་ན་རྩམ་པ་མཁོ་སྤྲོད་ཐུབ་ཀྱི་མི་འདུག ”ཅེས་བརྗོད།

        ཐོན་སྐྱེད་འཁོར་ཁང་ནང་འཕྲུལ་ཆས་ཀྱི་སྒྲ་བར་མེད་དུ་གྲགས་བཞིན་ཡོད། ནས་བརྔོ་བ་དང་། རྩམ་པ་འཐག་པ། རས་ཕད་ནང་བླུག་པ། ཁ་རྒྱག་པ་སོགས་བྲེལ་འཚུབ་ཀྱི་ལས་ལ་བྲེལ་བཞིན་པ་ནི་ལས་གོས་ཕུད་ན་ཞིང་པ་ཡིན་པའི་བཟོ་པ་རྣམས་ཡིན། ནས་དེ་དག་བཟོ་པ་རྣམས་ཀྱི་ལག་པ་དང་འཕྲུལ་ཆས་ཀྱི་ལས་སྣོན་འོག་འཁྱུག་ཙམ་ཞིག་ལ་རས་ཕད་ནང་བླུག་པའི་ཚོང་ཟོག་ཏུ་གྱུར་བ་དང་གྲལ་སྟར་སྒྲིག་པོས་མཛོད་ཁང་ནང་བླུགས།

        གཡང་འབྲུག་གིས་གསར་འགོད་པར་ནག་ཆུ་ས་ཁུལ་གྱིས་ཞིང་འབྲོག་མང་ཚོགས་ཚོར་ཆེད་ལས་མཉམ་ལས་ཁང་གཉེར་རྒྱུར་སྐུལ་མ་གཏོང་བའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ་2008ལོར་གྲོང་ཚོའི་ཏང་ཀྲི་པུས་གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་56གི་གྲོང་མིའི་སྣེ་འཁྲིད་དེ་རྩམ་པ་ལས་སྣོན་བཟོ་གྲྭ་བཙུགས་པ་དང་ལོ་གསུམ་ལྷག་ཙམ་ནང་ལས་སྣོན་བཟོ་གྲྭའི་མ་རྩ་དང་ཁེ་སྤོགས་བསྡོམས་སྒོར་ཁྲི་255ཟིན་ཡོད་པ་དང་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་7000ཟིན་ཡོད་ཅེས་བཤད།

        བཟོ་གྲྭའི་ལོ་རྒྱུས་ཐུང་ཡང་ལོ་གསུམ་ལྷག་ཙམ་རིང་ཐོབ་པའི་དངོས་ཕན་ཆེན་པོ་ཡིན་པར་བརྟེན་གཡང་འབྲུག་སྤོབས་པ་ཆེན་པོ་བྱེད་པ་དང་ངོ་གདོང་ནས་གཤིས་འཇམ་གཞུང་དྲང་གི་འཛུམ་མདངས་འཕྱུར། ཏང་གི་ཞིང་དར་ཞིང་ཕན་གྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ཁྱིམ་མདའ་གྲོང་ཚོའི་གྲོང་མི་ཚོས་རང་ཉིད་ཀྱི་དཀའ་སྤྱད་འབད་འཐབ་ལ་བརྟེན་ནས་བདེ་ཞིང་སྐྱིད་པའི་འཚོ་བ་བཏོད་པ་དང་འབྲི་རུ་རྫོང་གི་མི་སེར་ཚོའི་འཚོ་བ་ལེགས་སུ་ཕྱིན་པ་དང་ཁྱིམ་མདའ་གྲོང་ཚོའི་རྩམ་པར་ཡང་དེ་བས་རྒྱ་ཆེ་བའི་མདུན་ལམ་ལྡན་ཡོད། རས་ཕད་ནང་བླུགས་པའི་རྩམ་པ་དེ་དག་ནི་ལོ་ཤས་རིང་གི་ཞིང་འབྲོག་ཁུལ་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་ཡིན།

        “ང་དགའ་ཤོས་ནི་རྩམ་པ་ཐོན་སྐྱེད་བྱེད་ཚད་ལས་མཁོ་ཚད་ཆེ་བ་དང་། ང་སེམས་ཁྲལ་ཆེ་ཤོས་ཀྱང་རྩམ་པ་ཐོན་སྐྱེད་བྱེད་ཚད་ལས་མཁོ་ཚད་ཆེ་བ་དེ་ཡིན ”ཞེས་དང་། ཏང་གི་སྲིད་ཇུས་བཟང་པོའི་དྲིན་གྱིས་རྩམ་པ་ལས་སྣོན་བཟོ་གྲྭ་འདི་ད་བར་ཡག་པོ་གཉེར་ཐུབ་བྱུང་། ད་ཆ་ཐོན་རྫས་ཀྱི་དགོས་མཁོ་སྐོང་མི་ཐུབ་པས་ངེས་པར་དུ་ལས་སྣོན་བཟོ་གྲྭའི་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་ཡིན་ཞེས་གཡང་འབྲུག་གིས་སྦ་གསང་མེད་པར་བརྗོད།

        ད་དུང་གཡང་འབྲུག་གིས་གསར་འགོད་པར་ད་ཆ་རྩམ་པ་ལས་སྣོན་བཟོ་གྲྭས་གཙོ་བོ་ཞིབ་རྩམ་དང་། ཧྲལ་རྩམ། ནས་པགས (ཕྱུགས་རིགས་ཀྱི་གཟན་ཆག )སོགས་ཐོན་སྐྱེད་བྱེད་ཀྱི་ཡོད། འདི་ལོ་འཕྲུལ་ཆས་ཁག་གཅིག་ཉོས་ནས་ཐོན་རྫས་གསར་པ་འགའ་གསར་སྤེལ་གྱིས་ཁྲོམ་ར་སྔར་བས་རྒྱ་ཆེར་གཏོང་རྩིས་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།