དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • པད་མ་འཕྲིན་ལས་ཀྱིས་འབྲས་སྤུངས་དགོན་གྱི་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོའི་ལས་དོན་མི་སྣར་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་1ཚེས་28ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་འབྲས་སྤུངས་དགོན་དུ་བཅའ་སྡོད་ལས་དོན་ཚོགས་ཆུང་གི་མི་སྣ་དང་། འབྲས་སྤུངས་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དན་བག་མངགས་གཏོང་ཁང་གི་སྤྱི་བདེའི་ཉེན་རྟོག་པ་བཅས་ལ་གཟིགས་པར་ཕེབས་ཤིང་། འདི་ནི་པད་མ་འཕྲིན་ལས་ཀྱིས་འབྲས་སྤུངས་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་འཚམས་འདྲི་གནང་བའི་གནས་ཚུལ་ཡིན་པ།

        ཚེས་28ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་འབྲས་སྤུངས་དགོན་དུ་ཕེབས་ནས་འབྲས་སྤུངས་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་མི་སྣ་དང་། དགོན་སྡེར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་ལས་དོན་མི་སྣ། དན་བག་མངགས་གཏོང་ཁང་གི་ལས་རེས་སྒྲུབ་མཁན་མི་དམངས་ཉེན་རྟོག་པ་བཅས་ལ་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་ཞིང་། ཁོང་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་འཕེལ་རྒྱས་བརྟན་ལྷིང་གི་ཕུགས་ཕན་ལམ་སྲོལ་འཛུགས་པའི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་ཡག་པོ་བྱས་ཏེ་ལས་ཀའི་འདུ་ཤེས་སྔར་བས་གསར་གཏོད་བྱེད་པ་དང་། ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ལས་ཀའི་བྱེད་ཐབས་ལ་ཤུགས་སྣོན་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

        འབྲེལ་ཡོད་འགན་ཁུར་བའི་ལས་ཀའི་གནས་ཚུལ་གྱི་སྙན་སེང་ནན་ཏན་ངང་གསན་རྗེས་པད་མ་འཕྲིན་ལས་ཀྱིས་དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང་དང་དགོན་སྡེར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས་འབྲས་སྤུངས་དགོན་དོ་དམ་ཨུ་ཡོན་ལྷན་ཁང་དང་དགོན་སྡེར་བཅའ་སྡོད་ལས་དོན་ཚོགས་ཆུང་གིས་ཀྲུང་དབྱང་གི་སྤྱིའི་བླང་བྱ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ་དགོན་སྡེའི་དོན་དངོས་དང་འབྲེལ་བྱེད་པ་དང་། ཏཱ་ལའི་རུ་ཚོགས་ལ་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་པ། དགོན་སྡེའི་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་བ། ཁྲིམས་ལུཌ་དྲིལ་བསྒྲགས་སློབ་གསོར་སྐུལ་འདེད་ཧུར་ཐག་བཏང་བ་བཅས་བྱས་པར་བརྟེན་དགོན་སྡེའི་ཁོར་ཡུག་དྭངས་གཙང་བྱུང་བ་དང་དགོན་སྡེའི་རྣམ་པར་དགའ་བ་སྐྱེ་འོས་པའི་འགྱུར་ལྡོག་བྱུང་ཡོད་ཅེས་གསུངས་ཤིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་བཅས་ཀྱི་ཚབ་ཞུས་ནས་དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང་དང་དགོན་སྡེར་བཅའ་སྡོད་ལས་དོན་ཚོགས་ཆུང་དེ་བཞིན་དགེ་འདུན་པ་ཡོངས་ཀྱིས་འབྲས་སྤུངས་དགོན་ཞི་མཐུན་བརྟན་ལྷིང་ཡོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

        པད་མ་འཕྲིན་ལས་ཀྱིས་དགོན་སྡེའི་དོ་དམ་ཨུ་ཡོན་ལྷན་ཁང་དང་དགོན་སྡེར་བཅའ་སྡོད་ལས་དོན་ཚོགས་ཆུང་གིས “དགུ་ལྡན ”དང “གཅིག་དྲུག ”གི་ལས་ཀའི་བླང་བྱ་གཞིར་བཟུང་། དགོན་སྡེར་དོ་དམ་བྱེད་པའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་འཛུགས་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་དགོན་སྡེའི་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་དགོས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དུས་བདེ་ཞི་མཐུན་གྱི་དགོན་སྡེ་གཏོད་པའི་བྱེད་སྒོ་མུ་མཐུད་སྤེལ་བ། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ལ་དོགས་ཟོན་ནན་པོ་དང་རྡུང་རྡེག་ཚ་ནན་གཏོང་བ། དགོན་སྡེར་དོ་དམ་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། དུས་བདེ་ཞི་མཐུན་གྱི་དགོན་སྡེ་ཧུར་ཐག་བསྐྲུན་པ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་འབྲེལ་ཞི་མཐུན་གྱི་ཁོར་ཡུག་ཆེན་པོའི་ཁྲོད་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

        པད་མ་འཕྲིན་ལས་དང་བཅས་པས་ད་དུང་དན་བག་མངགས་གཏོང་ཁང་དུ་ཕེབས་ནས་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་སྤྱི་བདེ་མི་དམངས་ཉེན་རྟོག་པར་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་ཞིང་། ཁོང་གིས་ལྗོངས་ཡོངས་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པ་ཚོས་བསྟུད་མར་དམག་འཐབ་དང་དཔའ་ངར་ཞུམ་མེད་ངང་དམག་འཐབ་བྱེད་པའི་ཕུལ་བྱུང་སྲོལ་རྒྱུན་མུ་མཐུད་དར་སྤེལ་གཏོང་བ་དང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་ཞི་མཐུན་བརྟན་ལྷིང་ཆེད་བྱས་རྗེས་གསར་པ་སླར་ཡང་འཇོག་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།