དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་ཀྱིས་ཁྲེང་ཏུའུ་དམག་ཁུལ་ཁང་དུ་འཚམས་འདྲིར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་ཁྲེང་ཏུའུ་དམག་ཁུལ་ཁང་དུ་འཚམས་འདྲིར་ཕེབས་ནས་ཁྲེང་ཏུའུ་དམག་ཁུལ་ཁང་གི་སི་ལིང་ཡོན་ལི་ཧྲི་མིན་དང་ཆབ་སྲིད་ཨུ་ཡོན་ཐེན་ཤིའུ་སི་སོགས་དང་བཞུགས་མོལ་གནང་བ་རེད།

        ཁྲེང་ཏུའུ་དམག་ཁུལ་ཁང་གི་འགོ་ཁྲིད་ཧྲུའུ་ཡུས་ཐའེ་དང་། ཀྲའོ་ཁའེ་ཙེང་། ལིའུ་ཁྲང་དབྱིང་། ཨའེ་ཧུའུ་ཧྲེང་། ཁྲའེ་ཧྲའོ་ལེའང་། ཀྲང་ཡའེ། ཝང་ཡེ་མིན་། ཀྲུའུ་ཤིན་མིན་བཅས་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལང་ཡིའུ་ལེའང་དང་། ཀྲོའུ་ཁྲུན་ལའེ། བདེ་སྐྱིད། ལིའུ་ཆིང་ཧུའེ། ཀའོ་དབྱང་སོགས་བཞུགས་མོལ་ཚོགས་འདུའི་ནང་ཞུགས་པ་རེད།

        ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་ཀྱིས་ཁྲེང་ཏུའུ་དམག་ཁུལ་ཁང་གི་འགོ་ཁྲིད་ལ་2011ལོའི་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་ཀའི་གནས་ཚུལ་ངོ་སྤྲོད་གནང་ཞིང་། ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་ཀྱིས་2011ལོར་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་འཁྲིད་ནས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོའི་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བཅས་བྱས་ཏེ་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་གསལ་བཏོན་གནང་བའི “ལྟེ་བ་གཅིག ”དང་། “དོན་ཆེན་གཉིས ”“འགན་ལེན་བཞི ”བཅས་ཀྱི་བླང་བྱར་དམིགས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་འཕེལ་རྒྱས་དམ་འཛིན་བྱས་ནས་འཕེལ་རྒྱས་གཏོང་སྟངས་སྒྱུར་བ་དང་། བརྟན་ལྷིང་འགན་ལེན་བྱས་ནས་ཞི་མཐུན་ལ་སྐུལ་མ་གཏོང་བ། གསོན་ཤུགས་འཕེལ་བ་བྱས་ནས་དམངས་འཚོར་ཕན་པ་འདོགས་པ་བཅས་བྱས་པར་མི་རྣམས་ལ་སྐུལ་མ་ཐེབས་པའི་གྲུབ་འབྲས་གསར་པ་ཐོབ་པ་དང “ལོ་ལྔ་ཚན་བཅུ་གཉིས་པའི ”འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ཡོད། གྲུབ་འབྲས་དེ་དག་ནི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རྒྱབ་སྐྱོར། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འཐབ་བཅས་ལས་བྱུང་བ་ཞིག་ཡིན་ལ་དུས་མཚུངས་བོད་སྡོད་དཔུང་སྡེས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པ་ལས་བྱུང་བ་ཞིག་རེད་ཅེས་གསུངས་པ་རེད།

        ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་ཀྱིས་དུས་ཡུན་རིང་པོའི་ནང་བོད་སྡོད་དཔུང་སྡེས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་སྲ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་དང་ཁྲེང་ཏུའུ་དམག་ཁུག་ཁང་གི་ཐད་ཀའི་བཀོད་འདོམས་འོག་བློ་དཀར་སེམས་དཀར་ངང་འགན་འཁྲི་འཁུར་བ་དང་། མེས་རྒྱལ་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་པ། མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ། ས་གནས་ཀྱི་འཛུགས་སྐྲུན་ལ་སྐུལ་མ་གཏོང་བ་བཅས་བྱེད་པ་དང་ལྷག་པར་དུ་བརྟན་ལྷིང་སྲུང་སྐྱོང་དང་ཡོམ་འགོག་གེགས་སེལ་སོགས་ཐོལ་བྱུང་དོན་རྐྱེན་གལ་ཆེན་ཁྲོད་མདུན་ཕྱོགས་སུ་སྐྱོད་པ་དང་ལེགས་སྐྱེས་འབུལ་བར་འདོད་ནས་མེས་རྒྱལ་གོང་བུ་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པ་དང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་མ་གཏོང་ཕྱིར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ལག་ལེན་གྱི་ཐོག་ནས་བོད་སྡོད་དཔུང་སྡེ་ནི་མཐའ་མཚམས་སྲུང་སྐྱོབ་བྱེད་པ་དང་རྒྱལ་སྲུང་སྲ་བརྟན་དུ་གཏོང་བའི་ངོ་གནོང་མི་དགོས་པའི་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་དང་། བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ངོ་གནོང་མི་དགོས་པའི་སྲ་ཞིང་བརྟན་པའི་ཀ་རྡོ། ཏང་དང་མི་དམངས་ཀྱིས་རྦད་དེ་བློས་འགེལ་ཆོག་པའི་ངོ་གནོང་མི་དགོས་པའི་ས་མཐོའི་སྟོབས་ལྡན་དམག་དཔུང་བཅས་ཡིན་པ་ར་འཕྲོད་བྱས་ཡོད་ཅེས་གསུངས་པ་རེད།

        ཁྲེན་ཆོན་གོ་དང་པད་མ་འཕྲིན་ལས་ཀྱིས་དམག་སྲིད་དབར་དང་དམག་དམངས་དབར་གྱི་འབྲེལ་བ་བཟང་པོ་ཞིག་ནི་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་སྲུང་གི་འདུ་ཤེས་སྔར་བས་ཆེ་རུ་གཏོང་བ་དང་། གཉིས་བཀུར་མཉམ་གཏོད་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ། དམག་གིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་ལ་བཀུར་བའི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། ཤ་ཁྲག་ལྟ་བུའི་དམག་སྲིད་དང་དམག་དམངས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་བ་བཅས་ཀྱི་ཐོག་གནས་ཐབས་བརྒྱ་ཇུས་སྟོང་གིས་བོད་སྡོད་དཔུང་སྡེར་དངོས་ཡོད་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་རོགས་བྱེད་པ་དང་དཔུང་སྡེའི་དཔོན་དམག་གི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་སེལ་རོགས་ཏན་ཏིག་བྱ་རྒྱུ་རེད། དམག་སྲིད་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་། དམག་དཔུང་དང་ས་གནས་མཉམ་དུ་འཛུགས་སྐྲུན་བྱེད་པ། དམག་དམངས་སེམས་པ་གཅིག་ཏུ་སྒྲིལ་བ་བཅས་བྱེད་པ་དང་དམག་དམངས་མཉམ་བསྲེས་རྣམ་པའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་དམག་འཁྲུག་མིན་པའི་དམག་དོན་ནུས་པ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད།

        ལི་ཧྲི་མིན་དང་ལེན་ཤིའུ་སི་ཡིས་ད་ཐེངས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་བློ་མཐུན་གཙོ་བོ་སྐུ་ངོ་མས་ཁྲེང་ཏུའུ་དམག་ཁུལ་ཁང་དུ་འཚམས་འདྲི་གནང་བར་ཕེབས་པ་དེ་ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ཚད་མཐོའི་སྣང་ཆེན་གནང་ལུགས་དང་དམག་སྲིད་དང་དམག་དམངས་དབར་གྱི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུའི་ཐད་འཛིན་པའི་འགྱུར་མེད་ཀྱི་རྣམ་འགྱུར་གང་ལེགས་མཚོན་ཡོད་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་300ཡིས་བུ་ཕྲུག་དམག་ལ་བཅངས་པའི་བརྩེ་དུང་ཟབ་མོའང་མཚོན་ཡོད་ཅེས་གསུངས་པ་རེད།

        ལི་ཧྲི་མིན་དང་ཐེན་ཤིའུ་སི་ཡིས་དུས་ཡུན་རིང་པོའི་ནང་བོད་སྡོད་དཔུང་སྡེས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་སེམས་པ་གཅིག་སྒྲིལ་དང་། དབུགས་ལམ་གཅིག་གྱུར། བདེ་སྡུག་མཉམ་མྱོང་བཅས་བྱས་ནས་ཐུན་མོང་ཐོག་བོད་ལྗོངས་འཛུགས་སྐྲུན་དང་། བོད་ལྗོངས་སྲུང་སྐྱོབ། བོད་ལྗོངས་འཕེལ་རྒྱས། བོད་ལྗོངས་དར་སྤེལ་བཅས་ཡོང་བ་བྱས་ནས་བདེ་སྡུག་མཉམ་མྱོང་གི་བརྩེ་དུང་ཟབ་མོ་ཞིག་ཆགས་ཡོད། ལོ་མང་རིང་རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་པ་དང་མི་དམངས་བུ་ཕྲུག་དམག་ལ་སེམས་ཁུར་དང་གཅེས་སྐྱོང་བྱས་ནས་ལྷག་བསམ་ཟོལ་མེད་ངང་དཔུང་སྡེས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ་དང་། དཔུང་སྡེའི་དཀའ་ངལ་ཐག་གཅོད་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་དཔུང་སྡེར་ཞབས་འདེགས་ཞུ་བ་བཅས་བྱེད་ཀྱི་ཡོད་པས་རྒྱལ་སྲུང་སྲ་བརྟན་གཏོང་བ་དང་། མཐའ་མཚམས་བརྟན་ལྷིང་ཡོང་བ་བྱེད་པ། དཔོན་དམག་ལ་དྲོ་སྐྱིད་སྦྱིན་པ། ངར་ཤུགས་འཕེལ་བ་བྱེད་པ་བཅས་ཀྱི་དོན་དངོས་དང་དོན་བཟང་མང་པོ་བསྒྲུབ་པ་དང་རྒྱལ་སྲུང་མཐའ་སྲུང་བྱེད་པའི་རྒྱ་ཆེའི་དཔོན་དམག་གི་སྤྲོ་སེམས་ཡང་འཕེལ་ཡོད། བོད་འདི་ཉིད་ཀྱི་འཐབ་ཇུས་གནས་བབ་གལ་འགངས་ཆེ་བར་བརྟེན་བོད་སྡོད་དཔུང་སྡེས་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་འཐབ་ཇུས་དགོངས་པ་ལག་ལེན་མཐའ་གཅིག་ཏུ་བསྟར་ནས་དམག་གི་བླ་སྲོག་བརྟན་པོ་འཛུགས་རྒྱུ་དེ་མངོན་གསལ་དུ་འཇོག་པ་དང་། འགྱུར་ལྡོག་ལ་སྐུལ་འདེད་གཏོང་རྒྱུ་དེ་མངོན་གསལ་དུ་འཇོག་པ། བདེ་འཇགས་དང་བརྟན་ལྷིང་དེ་མངོན་གསལ་དུ་འཇོག་པ་བཅས་བྱས་ནས་སྣ་མང་ཅན་གྱི་ལས་འགན་ལེགས་སྒྲུབ་བྱེད་པའི་དཔུང་སྡེའི་ནུས་པ་ཆེ་རུ་ཧུར་ཐག་གཏོང་རྒྱུ་ཡིན། དུས་མཚུངས་བོད་སྡོད་དཔུང་སྡེས་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་ཕྱིར་མུ་མཐུད་ལེགས་སྐྱེས་འབུལ་བ་དང་ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་རྒྱབ་སྐྱོར་བྱས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་ཕྱིར་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།