དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཧའོ་ཕུང་གིས་ཆུ་ཤུར་རྫོང་དུ་དགོན་སྡེའི་དོ་དམ་དང་རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་1ཚེས་18ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧའོ་ཕུང་ཆུ་ཤུར་རྫོང་དུ་ཕེབས་ནས་རང་ལྗོངས་ཀྱི་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་དེ་བཞིན་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་ཚུལ་ལ་དམིགས་ནས་བརྟག་ཞིབ་གནང་ཞིང་། འདི་ནི་ཧའོ་ཕུང་གིས་ཚལ་སྣེ་ཤང་ཚལ་སྣེ་གྲོང་ཚོ་ཨུ་ཡོན་ལྷན་ཁང་ལ་རྒྱལ་དར་གནང་བའི་གནས་ཚུལ་ཡིན་པ།

        ཟླ་1ཚེས་18ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧའོ་ཕུང་ཆུ་ཤུར་རྫོང་དུ་ཕེབས་ནས་རང་ལྗོངས་ཀྱི་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་དེ་བཞིན་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་ཚུལ་ལ་དམིགས་ནས་བརྟག་ཞིབ་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷས་མཉམ་དུ་བརྟག་ཞིབ་གནང་རོགས་ཞུས་པ་རེད།

        ཧའོ་ཕུང་དང་བཅས་པ་དང་ཐོག་ཆུ་ཤུར་རྫོང་མཉེས་ཐང་ཤང་དུ་ཆགས་པའི་རྭ་སྟོད་དགོན་པར་ཕེབས་ཏེ་དགོན་སྡེའི་དོ་དམ་ཨུ་ལྷན་གྱི་ལས་དོན་མི་སྣ་དང་དགོན་སྡེའི་གྲྭ་བཙུན་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཁོང་ཚོར་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་སྨོན་འདུན་བཟང་པོ་ཡང་ཞུས་གནང་བ་རེད། བཞུགས་མོལ་གནང་རིང་ཧའོ་ཕུང་གིས་དོ་དམ་ཨུ་ལྷན་བཙུགས་རྗེས “དྲུག་སྐྲུན ”དང “གཅིག་དྲུག ”“དགུ་ལྡན ”སོགས་ལས་དོན་སྤེལ་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད། “དགོན་སྡེའི་དོ་དམ་ཨུ་ལྷན་གྱི་ལས་དོན་མི་སྣ་དགོན་པར་བཅའ་སྡོད་བྱས་ཚུན་ནང་བསྟན་བྱེད་སྒོ་སྤེལ་ཚུལ་རྒྱུན་ལྡན་ཡིན་ནམ། གྲྭ་པ་རྣམས་ཀྱིས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་དོན་ལ་ཡི་རངས་བྱེད་དམ། དགོན་པར་བཅའ་སྡོད་ལས་དོན་ཐད་ཚང་མར་བསམ་འཆར་གང་ཡོད་དམ ”ཞེས་ཧའོ་ཕུང་གིས་ཞིབ་ཚགས་ངང་དྲིས་གནང་བ་རེད། “དགོན་པ་དོ་དམ་ཨུ་ལྷན་གྱི་ལས་དོན་མི་སྣའི་ཆུ་ཚད་མཐོ་བ་དང་འཇོན་ཐང་ཆེ་བས་དགོན་པའི་གྲྭ་བཙུན་དང་ལམ་སེང་འདྲིས་པ་དང་ཚང་མའི་བརྩི་བཀུར་ཆེན་པོ་ཐོབ་ཡོད ”ཅེས་དགོན་སྡེའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དཔེ་ཆའི་དགེ་རྒན་ངག་དབང་གྲགས་པས་ཧའོ་ཕུང་ལ་དགོན་སྡེ་དོ་དམ་ཨུ་ལྷན་དགོན་པར་བཅའ་སྡོད་བྱས་རྗེས་མཐུན་སྦྱོར་ནུས་པ་སྒོ་ཀུན་ནས་འདོན་སྤེལ་བྱས་པས་རྒྱུན་གཏན་གྱི་ནང་བསྟན་བྱེད་སྒོ་འགན་ལེན་བྱུང་བ་མ་ཟད། དགོན་པར་བྱ་བཟང་དང་དོན་དངོས་མི་ཉུང་བ་བསྒྲུབས་པས་དགོན་སྡེ་ཡོངས་ཀྱི་གྲྭ་བཙུན་གྱི་དགའ་བསུ་ཐོབ་པ་དང་། དགོན་སྡེའི་དོ་དམ་ཨུ་ལྷན་གྱི་ལས་དོན་ཡུན་རིང་རྒྱུན་འཁྱོངས་ཐུབ་པའི་རེ་བ་ཡོད་ཚུལ་ཞུས་ཤིང་། ཧའོ་ཕུང་གིས་གསན་རྗེས་ཧ་ཅང་དགྱེས་ཚོར་བྱུང་ཡོད། ཁོང་གིས་རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་དགོན་ཁྲིམས་འདུལ་ཁྲིམས་ལ་བརྩི་སྲུང་ཞུ་བ་དང་། བློ་བདེ་པོའི་ངང་ཉམས་ལེན་དང་རྟོགས་པ་ཆེར་གཏོང་གིས་ཆོས་དད་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུས་ནས་ཆོས་དད་མང་ཚོགས་དང་མཉམ་དུ་དགོན་སྡེ་བརྟན་ལྷིང་དོ་དམ་དང་ཞི་མཐུན་དོ་དམ་ཡོང་བ་བྱ་རྒྱུའི་ཐུགས་རེ་གནང་བ་རེད།

        ཧའོ་ཕུང་དང་བཅས་པ་དེ་རྗེས་ཆུ་ཤུར་རྫོང་ཚལ་སྣེ་ཤང་ཚལ་སྣེ་གྲོང་ཚོར་ཕེབས་ཏེ་རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་གྲོང་ཚོར་བཅའ་སྡོད་བྱེད་སྒོ་སྤེལ་བ་དང་གཞི་རིམ་རྩ་འཛུགས་བསྐྲུན་ཚུལ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་འགན་འཁུར་བས་ཧའོ་ཕུང་ལ་རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་བྱེད་སྒོ་སྤེལ་ཚུན་ལས་དོན་རུ་ཁག་གིས་གྲོང་ཚོའི་དུད་ཁྱིམ་དུ་བསྐྱོད་པ་དང་། གྲོང་མིའི་ཚོགས་ཆེན་འཚོགས་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཏང་གི་དམངས་ཕྱུག་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་གཞི་རིམ་གྱི་རྨང་གཞི་མུ་མཐུད་བརྟན་གཏོང་དང་དུས་མཚུངས་གྲོང་མིར་བྱ་གསོ་ར་བ་དང་སྔོ་ཚལ་ལྗང་བུའི་ར་བ་སོགས་བསྐྲུན་པའི་ཕྱུག་འགྱུར “ཇུས་བཟང ”འཆར་འགོད་ཧུར་ཐག་བྱས་པ་མ་ཟད། སྒོར་ཁྲི་300ལྷག་གྲབས་གསོག་བྱས་ནས་ལོ་མང་རིང་ཉམས་གསོ་མ་ཐུབ་པའི་ཆུ་རགས་སྲ་བརྟན་དུ་བཏང་ནས་གྲོང་མི་རྣམས་ཀྱི་དངོས་ཡོད་དཀའ་ངལ་བསལ་ཚུལ་ངོ་སྤྲོད་ཞུས་པར་བརྟེན་ཧའོ་ཕུང་གིས་གསན་རྗེས་ཐུགས་ཧ་ཅང་དགྱེས་པོ་བྱུང་བ་རེད།

        གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་དགོན་སྡེའི་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་བཞུགས་མོལ་གནང་སྐབས་ཧའོ་ཕུང་གིས་གྲོང་ཚོར་བཅའ་སྡོད་དང་དགོན་པར་བཅའ་སྡོད་ཀྱི་ལས་བྱེད་པ་ཡོངས་ཀྱིས་གོ་སྐབས་ལ་གཅེས་སྤྲས་དང་ལས་འགན་ལེགས་སྒྲུབ་བྱས་ཏེ་གྲོང་ཚོར་བཅའ་སྡོད་དང་དགོན་པར་བཅའ་སྡོད་ཀྱི་ལས་དོན་དེ་དམངས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འཆར་ཤེས་རྟོགས་ཐུབ་པའི་གོ་སྐབས་བཟང་པོར་བརྩི་བ་དང་། སྤྱི་ཚོགས་ལ་སློབ་སྦྱོང་མང་ཙམ་དང་། དངོས་ཡོད་ལ་སློབ་སྦྱོང་མང་ཙམ། མང་ཚོགས་ལ་སློབ་སྦྱོང་མང་ཙམ་བཅས་བྱས་ཏེ་གཞི་རིམ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བ་དང་གཞི་རིམ་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བའི་ཁྲོད་རང་ངོས་ཀྱི་འཇོན་ཐང་དང་བྱང་ཚད་ཆེ་རུ་འགྲོ་བའི་སྦྱོང་བརྡར་བྱ་དགོས། རང་ཉིད་ཀྱི་ཕྲག་ཏུ་འཁུར་བའི་གཟི་བརྗིད་ལས་འགན་དང་བླ་མེད་འགན་འཁྲིར་ངོས་འཛིན་ཟབ་མོ་བྱས་ཏེ་མང་ཚོགས་ཀྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲིད་ཇུས་བྱེད་ཐབས་ཁག་དམིགས་སར་དོན་འཁྱོལ་ཡོང་བའི་འགན་ལེན་བྱས་ནས་བྱ་བཟང་དངོས་སྒྲུབ་དང་དོན་དངོས་ལེགས་སྒྲུབ་ཏན་ཏིག་བྱ་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གྲོང་ཚོར་བཅའ་སྡོད་དང་དགོན་པར་བཅའ་སྡོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གྱིས་དེ་ཉིད་ལས་བྱེད་པར་སྦྱོང་བརྡར་དང་གསོ་སྐྱོང་བྱེད་སའི་རྟེན་གཞི་དང་། མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་དམ་འཛིན་བྱེད་ས། ལས་བྱེད་པ་འཚར་ལོངས་ཡོང་སའི་འབྱུང་ཁུངས་བཅས་སུ་བརྩིས་ཏེ་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་སྔར་བས་ཡག་པོ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

        ཧའོ་ཕུང་དང་བཅས་པས་ད་དུང་ཚལ་སྣེ་ཤང་ཚལ་སྣེ་གྲོང་ཚོའི་ཏང་ཡོན་རྒན་གྲས་ངག་དབང་སྦྱིན་པར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཚལ་སྣེ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལའང་འཚམས་འདྲི་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།