དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཁྲེང་ཏུའུ་རུ་ཡོད་པའི་ལས་བྱེད་པ་རྒན་གྲས་ལ་གཟིགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཉིན་ཤས་གོང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་ཁྲེང་ཏུའུ་རུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་དང་རྒྱལ་མཚན་ནོར་བུ་སོགས་ལས་བྲལ་དང་ལས་འཁྱུར་ངལ་གསོ་བསྐྱོན་མཁན་ལས་བྱེད་རྒན་གྲས་ཚོར་གཟིགས་པ་དང་འབྲེལ་ཚང་མ་དང་བཞུགས་མོལ་ཡང་གནང་བ།

        ཉིན་ཤས་གོང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་རྣམ་གཉིས་ཀྱིས་ཁྲེང་ཏུའུ་རུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་དང་རྒྱལ་མཚན་ནོར་བུ་སོགས་ལས་བྲལ་དང་ལས་འཁྱུར་ངལ་གསོ་བསྐྱོན་མཁན་ལས་བྱེད་པ་རྒན་གྲས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་ཚང་མ་དང་བཞུགས་མོལ་ཡང་གནང་བ་རེད།

        རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལང་ཡིའུ་ལེའང་དང་། ཀྲོའུ་ཁྲུན་ལའེ། བདེ་སྐྱིད། ལིའུ་ཆིང་ཧུའེ། ཀའོ་དབྱང་སོགས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

        རག་སྡིས་ཀྱི་གསུང་བཤད་གནང་སྐབས་2011ལོ་ཚུན་དུ་བློ་མཐུན་ཁྲེན་ཆོན་གོས་པན་ཀྲང་གནང་བའི་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་ཚན་ཁག་གིས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། མཛད་ཕྱོགས་སྲིད་ཇུས། བྱེད་ཐབས་བཅས་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི “ལྟེ་བ་གཅིག ”དང “དོན་ཆེན་གཉིས ”“འགན་ལེན་བཞི ”བཅས་ཀྱི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་ཁྲིད་དགོངས་པ་ལག་བསྟར་དོན་འཁྱོལ་བཅས་བྱས་ནས་དེ་སྔ་བཏིང་བའི་རྨང་གཞི་བཟང་པོའི་ཐོག་ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱེད་པ་དང་ལས་དོན་ཚན་ཁག་གཉིས་སྒྲིག་འཛུགས་བྱས་ཏེ་མུ་མཐུད་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། བཀོད་པ་འཆར་འགོད་བྱེད་པ། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ། གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་འདང་ངེས་བཅས་བྱས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། མུ་མཐུད་དར་ཆ་གསལ་སྟོན་ངང་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་དང་གཏོར་བཤིག་གི་བྱེད་སྤྱོད་ལ་ངོ་རྒོལ་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་དང་འཐབ་རྩོད་ཀྱི་ཐབས་ཇུས་ལ་མཐོང་ཆེན་དང་། རང་འགུལ་སྟངས་འཛིན། མི་སེམས་ཐོབ་པ་བཅས་བྱས་ཏེ་བོད་ཀྱི་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ལྷག་པར་དུ་བོད་ཀྱི་མིག་སྔའི་འཕེལ་རྒྱས་དང་བརྟན་ལྷིང་ལས་དོན་ཁྲོད་ཐོན་པའི་གནས་ཚུལ་གསར་པ་དང་། གནད་དོན་གསར་པ། འགྱུར་ལྡོག་གསར་པ་བཅས་ལ་དམིགས་ནས་བོད་ཀྱི་དོན་དངོས་དང་འཚམས་པ་དང་གནད་དོན་གྱི་གནད་འགག་དམ་འཛིན་ཐུབ་པའི་བསམ་ཕྱོགས་གསར་པ་དང་། ཐབས་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་དུས་ཐོག་ཏུ་བཏོན་པ་དང་འབྲེལ་བེད་སྤྱོད་ཀྱང་བྱས་པར་ཕན་འབྲས་རགས་ཙམ་ཐོན་ཡོད། སྐབས་གསར་པའི་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་ཚན་ཁག་ནི་མཐུན་སྒྲིལ་ཡར་བརྩོན་དང་། དམ་པ་དོན་གཉེར། གསར་གཏོད་བྱེད་ཕོད་པ། བྱ་གཞག་སྒྲུབ་སེམས་ཡོད་པ། འགན་འཁྲི་འཁུར་སེམས་ཡོད་པ། ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་བཅས་ཀྱི་སྣེ་ཁྲིད་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ཐུབ་པ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཚན་ཁག་ཅིག་ཡིན་པ་ལག་ལེན་དངོས་ལས་ར་འཕྲོད་བྱུང་ཡོད་ཅེས་གསུངས་པ་རེད།

        རག་སྡིས་ཀྱིས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར། བློ་མཐུན་ཁྲེན་ཆོན་གོས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་བཅས་ཀྱི་འོག་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཚེ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

        ཁྲེན་ཆོན་གོས་བཞུགས་མོལ་ཚོགས་འདུའི་ཐོག་ཚང་མར་2011ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་གནང་ཞིང་། ཁྲེན་ཆོན་གོས་2011ལོར་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་འཁྲིད་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་པ་དེ་སྒུལ་ཤུགས་སུ་བྱས་ཏེ་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི “ལྟེ་བ་གཅིག ”དང “དོན་ཆེན་གཉིས ”“འགན་ལེན་བཞི ”བཅས་ཀྱི་བླང་བྱར་དམིགས་པ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་དེ་བས་ལེགས་པ་དང་། དེ་བས་མྱུར་བ། དེ་བས་ཆེ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཡོད། དཔལ་འབྱོར་གྱི་སྤྱི་འབོར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། རྨང་གཞིའི་སྒྲིག་བཀོད་ལ་ཚད་བརྒལ་གསར་པ་བྱུང་བ། བརྟན་ལྷིང་གི་དུས་བབ་སྲ་བརྟན་གསར་པ་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་གསར་པ་བྱུང་བ། སྒྱུར་བཅོས་སྒོ་དབྱེར་གོམ་སྟབས་གསར་པ་སྤོས་པ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ལེགས་སུ་ཕྱིན་པ། བྱ་གཞག་ཁག་ལ་མི་རྣམས་ངར་ཤུགས་འཕེལ་བའི་གྲུབ་འབྲས་གསར་པ་ཐོབ་པ་བཅས་བྱུང་ཡོད། གྲུབ་འབྲས་དེ་དག་ཐོབ་པ་ནི་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་འབྲས་བུ་ཞིག་དང་། རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་བྱས་པའི་འབྲས་བུ་ཞིག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཞིག་བཅས་ཡིན་ལ་དེའི་ནང་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་དང་། འགོ་ཁྲིད་རྒན་གྲས། བློ་མཐུན་རྒན་གྲས་བཅས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་ཐུགས་ནུས་དང་རྔུལ་ཆུ་ཡང་འདུས་ཡོད་ཅེས་གསུངས་པ་རེད།

        ཁྲེན་ཆོན་གོས་ལོ་གསར་པའི་ནང་ང་ཚོས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བློ་བརྟན་འགྱུར་མེད་ངང་བརྟན་ལྷིང་འགན་ལེན་བྱེད་པ་དང་། དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བ། ཟོག་གོང་ཚོད་འཛིན་བྱེད་པ། སྒྱུར་བཅོས་ལ་དམ་འཛིན་བྱེད་པ། སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། དམངས་འཚོར་ཕན་པ་འདོགས་པ་བཅས་བྱས་ཏེ་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་གཏོང་བའི་རྣམ་པ་རྒྱུན་འཁྱོངས་བྱེད་པ་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཁྲེན་ཆོན་གོས་འགོ་ཁྲིད་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོས་བོད་ཞི་བས་བཅིངས་འགྲོལ་གཏོང་བ་དང་། དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་བཅས་ལོ་རྒྱུས་ཀྱི་དུས་སྐབས་ཁག་ནང་སོ་སོའི་ཐོབ་ཤོར་དང་ཁེ་གྲགས་ལ་མི་བལྟོས་པར་ལང་ཚོ་དང་རྔུལ་ཆུ་སྐྱེས་སུ་ཕུལ་བ་དང་ལེགས་སྐྱེས་དང་བློས་གཏོང་གལ་ཆེན་བྱས་ཡོད། ང་ཚོས་བློ་མཐུན་རྒན་གྲས་ཀྱི་ལོ་རྒྱུས་ཀྱི་མཛད་རྗེས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། བློ་མཐུན་རྒན་གྲས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། བློ་མཐུན་རྒན་གྲས་ཀྱི་བླ་ན་མེད་པའི་སྙིང་སྟོབས་རྒྱུན་འཛིན་བཅས་བྱས་ཏེ་བློ་མཐུན་རྒན་གྲས་ལ་ཆབ་སྲིད་ཐད་བརྩི་བཀུར་དང་། བསམ་བློའི་ཐད་ཐུགས་ཁུར། འཚོ་བའི་ཐད་ལྟ་རྟོག་བཅས་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བློ་མཐུན་རྒན་གྲས་ཚོ་ཚེ་མཇུག་སྐྱིད་པོ་དང་སྐུ་གཟུགས་གསལ་ཐང་ཡོང་རྒྱུ་འགན་ལེན་ཏན་ཏིག་བྱ་རྒྱུ་དེ་ཤུགས་སྣོན་རྒྱག་གཞིར་བྱས་ཏེ་ཀྲུང་དབྱང་གིས་བཏོན་པའི་བློ་མཐུན་རྒན་གྲས་ལ་ཕན་པའི་སྲིད་ཇུས་དང་བྱེད་ཐབས་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་བློ་མཐུན་རྒན་གྲས་ཚོ་རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་བྱས་རྗེས་འཇོག་ཐུབ་པ། རྒས་དུས་སློབ་མཁན་ཡོད་པ། རྒས་དུས་སྤྲོ་སྣང་འཕེལ་བ་བཅས་ཏན་ཏིག་ཐུབ་པ་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

        རྒྱལ་མཚན་ནོར་བུ་དང་ཧུའུ་ཙུང་ལིན་སོགས་ཀྱིས་གཏམ་བཤད་གནང་སྐབས་ན་ནིང་ཚུན་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་བླང་བྱར་གཞིགས་ནས་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་སྤྱད་ཡོད། བྱེད་ཐབས་དེ་དག་ཀྲུང་དབྱང་གི་བླང་བྱ་དང་བོད་ཀྱི་དོན་དངོས་དང་འཚམས་ཡོད་པས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོའི་དགའ་བསུ་དང་བརྩི་བཀུར་ཟབ་མོ་ཐོབ་ཡོད། བོད་ཀྱི་ད་ཆའི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་གཏོང་བཅས་ཀྱི་དུས་བབ་བཟང་པོ་འདི་ལྟ་བུ་མཐོང་སྐབས་ང་ཚོ་བློ་མཐུན་རྒན་གྲས་ཚོ་སེམས་གཏིང་ནས་དགའ་ཚོར་ཆེན་པོ་ཡོང་གི་འདུག བློ་མཐུན་ཁྲེན་ཆོན་གོས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་ལ་མུ་མཐུད་རང་རྟོགས་ངང་རྒྱབ་སྐྱོར་བྱེད་པ་དང་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་མུ་མཐུད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།