དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ཧའོ་ཕུང་གིས་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཆབ་སྲིད་ཨུ་ཡོན་གཞོན་པ་ཝང་ཁྲང་ཧོ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་1ཚེས་17ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧའོ་ཕུང་གིས་ལྷ་སར་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཆབ་སྲིད་ཨུ་ཡོན་གཞོན་པ་ཝང་ཁྲང་ཧོ་བཅས་པ་དང་མཇལ་འཛོམས་གནང་བ་རེད། ཧའོ་ཕུང་གིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཆབ་སྲིད་ཨུ་ཡོན་གཞོན་པ་ཝང་ཁྲང་ཧོ་གྲང་ངར་ཆེ་ལ་གསོ་རླུང་དཀོན་པའི་དུས་ཚིགས་དེར་རང་ལྗོངས་སུ་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་ཆབས་ཅིག་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་ལོ་མང་རིང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ལ་དམིགས་བསལ་གྱི་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། ཚན་ཁག་དབར་མཐུན་སྒྲིལ་ཆེ་བ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གིས་ལོ་མང་རིང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། ཐོལ་བྱུང་དོན་རྐྱེན་ཐག་གཅོད། ཉེན་སེལ་རྒུད་སྐྱོབ་སོགས་ཀྱི་ཐད་ལེགས་སྐྱེས་ཆེན་པོ་ཕུལ་བ་དང་། བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཕྱིར་ནུས་པ་མངོན་གསལ་དོད་པོ་འདོན་སྤེལ་གནང་བ། བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་ཉ་ཆུ་ལྟ་བུའི་འབྲེལ་བ་ཟབ་མོ་ཞིག་བཙུགས་པ། ལྷག་པར་དུ་འདས་ཟིན་པའི་ལོ་གཅིག་ནང་བོད་དུ་བཅའ་སྡོད་དྲག་ཆས་ཉེན་རྟོག་དཔུང་སྡེས་རང་སྲོག་བློས་གཏོང་རྒྱུར་མི་སྐྲག་པ་དང་། ངལ་དུབ་ལ་མི་སྐྲག་པ། གདོང་མཆོང་བྱེད་ཕོད་པ། དམག་འཐབ་བསྟུད་མར་རྒྱག་ཕོད་པ་བཅས་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་སྟེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་ཆེ་མོའི་བདེ་སྲུང་དང “9·18” གྲོ་མོའི་ས་ཡོམ་གྱི་ཉེན་སེལ་རྒུད་སྐྱོབ་སོགས་ཉེན་ཁ་ཆེ་བའི་ལས་འགན་ལྕི་པོ་མང་དག་ཅིག་ལེགས་པར་བསྒྲུབས་པར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཁས་ལེན་གང་ལེགས་ཐོབ་ཡོད་ལ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བསྔགས་བརྗོད་ཟབ་མོའང་ཐོབ་ཡོད་ཅེས་གསུངས་པ་རེད།

        ཆབ་སྲིད་ཨུ་ཡོན་གཞོན་པ་ཝང་ཁྲང་ཧོ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་སྡོད་དྲག་ཆས་ཉེན་རྟོག་དཔུང་སྡེའི་ལས་དོན་ཁག་ལ་ད་བར་མཐོང་ཆེན་དང་། ཐུགས་ཁུར། རྒྱབ་སྐྱོར་བཅས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་འབྲེལ་ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་འཛུགས་སྐྲུན་རྣམ་གྲངས་ཁག་ལ་མུ་མཐུད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད་ཅེས་ཀྱང་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།