ཟླ་1ཚེས་12ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་བཞི་པ་འཚོགས་པ་རེད།
ད་ཐེངས་ཀྱི་ཚོགས་འདུར་ཕེབས་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་56ཡོད་པ་དང་དངོས་སུ་ཕེབས་མཁན་42ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲེན་ཆོན་གོ་དང་། བྱམས་པ་ཕུན་ཚོགས། ལེགས་མཆོག ཉི་མ་ཚེ་རིང་། ཀྲང་གཡོད་ཕིང་། སྐར་མ། ཀྲོའུ་ཁྲུན་ལའེ། སུང་ཧྲན་ལི། ཀྲའོ་ཀྲེང་ཤིའུ། ཨ་བསྟན། ཤིང་རྩ་བསྟན་འཛིན་ཆོས་གྲགས། མཱ་རུའུ་ལུང་། རྡོ་རྗེ། ཝུའུ་ཅིན་ཧུའེ་བཅས་ཕེབས་པ་རེད།
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་བྱམས་པ་ཕུན་ཚོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་དབྱིན་ཏེ་མིང་དང་། ཆེ་དགྲ་ལྷ། ཏེང་ཞའོ་ཀང་། ཝང་ཀུའེ་ཧྲེང་སོགས་ཚོགས་འདུར་ཕེབས་པ་རེད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་(འཆར་ཟིན )དང་། རང་སྐྱོང་ལྗོངས་ཀྱི་2011ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཚུལ་དང་2012ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་གྲོས་ཆོད་(འཆར་ཟིན ) རང་སྐྱོང་ལྗོངས་ཀྱི་2011ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2012ལོའི་ནོར་སྲིད་སྔོན་རྩིས་ཀྱི་གྲོས་ཆོད་(འཆར་ཟིན ) རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གྱི་གྲོས་ཆོད་(འཆར་ཟིན ) རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་གྱི་གྲོས་ཆོད་(འཆར་ཟིན ) རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གྱི་གྲོས་ཆོད་(འཆར་ཟིན )བཅས་ལ་གྲོས་ཞིབ་བྱས་ཚུལ་སྐོར་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཚོགས་ཆེན་གྱི་དྲུང་ཆེ་ཉི་མ་ཚེ་རིང་གི་སྙན་སྒྲོན་གསན་པ་རེད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་(འཆར་ཟིན )དང་། རང་སྐྱོང་ལྗོངས་ཀྱི་2011ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཚུལ་དང་2012ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་གྲོས་ཆོད་(འཆར་ཟིན ) རང་སྐྱོང་ལྗོངས་ཀྱི་2011ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2012ལོའི་ནོར་སྲིད་སྔོན་རྩིས་ཀྱི་གྲོས་ཆོད་(འཆར་ཟིན ) རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་གྱི་གྲོས་ཆོད་(འཆར་ཟིན ) རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་གྱི་གྲོས་ཆོད་(འཆར་ཟིན ) རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གྱི་གྲོས་ཆོད་(འཆར་ཟིན )བཅས་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ནས་ཚོགས་ཆེན་ཐོག་བརྡས་ཐག་གཅོད་རྒྱུར་ཕུལ་བ་རེད།
ཚོགས་འདུའི་ཐོག་ད་དུང་འཐུས་མིས་བཏོན་པའི་གྲོས་གཞི་ཐག་གཅོད་བྱས་ཚུལ་སྐོར་གྱི་ཚོགས་ཆེན་གྱི་གྲོས་གཞི་ཚོགས་ཆུང་གི་ཙུའུ་ཀྲང་ཆེ་མིང་གི་སྙན་ཞུ་གསན་པ་རེད།