དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་གྲོས་ཆོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པས། ཀྲུའུ་ཞི་སྐུ་གཞོན་པ་སངས་དོན་གྲུབ་ནས་སྲིད་གྲོས་སྐབས་དགུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་གནང་བའི་ལས་དོན་སྙན་སྒྲོན་ལ་ཆོག་མཆན་གནང་བ་མ་ཟད། ཚོགས་འདུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། སྙན་སྒྲོན་གྱིས་གྲུབ་འབྲས་ལ་ཕྱོགས་སྡོམ་གནང་བ་དེ་དངོས་ཐོག་བདེན་འཚོལ་དང་ལས་ཀར་བཀོད་སྒྲིག་བྱས་པ་དེ་དག་ཚང་མ་དམིགས་སར་སླེབས་པའི་ངོས་འཛིན་གནང་བ་མ་ཟད། དེང་སྐབས་དང་སླད་ཕྱིན་གྱི་རང་ལྗོངས་སྲིད་གྲོས་ལས་ཀར་མཛུབ་ཁྲིད་གནང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པའི་ངོས་འཛིན་གནང་ཡོད། ཚོགས་འདུས་ལྗོངས་ཡོངས་རིམ་ཁག་སྲིད་གྲོས་ཀྱི་རྩ་འཛུགས་དང་དེར་ཞུགས་པའི་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན། སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་བཅས་ཀྱིས་སློབ་སྦྱོང་ནན་ཏན་དང་གོ་བ་ཟབ་ལེན། མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བཅས་བྱེད་པའི་ཐོག་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་རྒྱུར་འབད་འཐབ་ལྷོད་མེད་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།