དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པས་མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱི་གྲོས་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་1ཚེས་12ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པར་ཞུཌ་མཁན་འཐུས་མི་ཚོས་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད (འཆར་ཟིན )དང་། འཆར་གཞིའི་སྙན་སྒྲོན་སྐོར་གྱི་གྲོས་ཆོད (འཆར་ཟིན )སྔོན་རྩིས་སྙན་སྒྲོན་སྐོར་གྱི་གྲོས་ཆོད (འཆར་ཟིན )མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད (འཆར་ཟིན )རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད (འཆར་ཟིན )རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད (འཆར་ཟིན )བཅས་ལ་ཚོགས་ཆུང་ཁག་བགོས་ཀྱི་གྲོས་ཞིབ་གནང་བ་རེད།

        གྲོས་ཞིབ་གནང་སྐབས་ཚོགས་ཞུགས་མི་སྣས་འཚང་ཁ་ཤིག་ཤིག་ངང་གཏམ་བཤད་སྤེལ་བ་དང་གྲོས་བསྡུར་ནན་ཏན་གནང་ནས་གྲོས་ཆོད་འཆར་ཟིན་ཁག་ལ་འཐུས་མི་ཚོས་མོས་མཐུན་མགྲིན་གཅིག་ཏུ་གནང་ཞིང་། ཁོང་ཚོས་གྲོས་ཆོད་འཆར་ཟིན་ཁག་གི་ནང་དོན་གཏིང་ཟབ་པ་དང་། ཚིག་སྦྱོར་བསྡུས་པ། རྩོམ་སྲོལ་བབ་ཆགས་པ་བཅས་ཡོད་ཁར་མི་རྩ་བར་འཛིན་པའི་འདུ་ཤེས་མངོན་གསལ་དོད་པོ་ཡོང་བ་བྱས་པ་དང་མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་པ་དེ་ཐོག་ནས་དུས་བསྟུན་འཕེལ་རྒྱས་ཀྱི་བསམ་བློ་མཚོན་པ་དང་། གྲོས་ཆོད་འཆར་ཟིན་ཁག་གི་ལས་འགན་ཞིབ་ཅིང་ཕྲ་བ་དང་། དམིགས་ཚད་ཁ་གསལ་བ། བྱེད་ཐབས་གནད་ལ་འཁེལ་བ། སྤྱོད་གོ་ཆོད་པ་བཅས་ཡོད་པ་དེ་ནི་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་གཏོང་རྒྱུས་སྤྱི་འདོམས་བྱས་པ་དང་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་བཀུར་བྱས་པའི་གྲོས་ཆོད་ཡག་པོ་ཞིག་དང་བོད་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས། ཞི་མཐུན་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་གྲོས་ཆོད་ཡག་པོ་ཞིག་ཡིན་པས་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་རེད། རང་ངོས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འཐུས་མི་ཚོས་ད་དུང་དམངས་འཚོ་སྔར་བས་ལེགས་སུ་གཏོང་བ་དང་དེ་འགན་ལེན་བྱེད་པ་དང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ཐད་རང་ཉིད་ཀྱི་མྱོང་ཚོར་དང་ལྟ་བ་ལྷུག་པོར་གླེང་བ་དང་། བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།

        གྲོས་ཞིབ་གནང་སྐབས་འཐུས་མི་མང་པོ་ཞིག་གིས་ད་དུང་རང་སྐྱོང་ལྗོངས་ཀྱིས་བཏོན་པའི་ཐབས་བརྒྱ་ཇུས་སྟོང་ངང་ལས་ཞུགས་རྒྱ་ཆེར་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་གི་ཁེབས་རྒྱ་ཆེ་རུ་གཏོང་བ། ཁྲོམ་རའི་ལྟ་སྐུལ་དོ་དམ་དང་སྙོམས་སྒྲིག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། “9·18”ས་ཡོམ་གྱི་སླར་གསོ་བསྐྱར་སྐྲུན་ཏན་ཏིག་ངང་ཡག་པོ་བྱེད་པ་སོགས་ཀྱི་ལས་དོན་ལ་བསྔགས་བརྗོད་ཆེན་པོ་གནང་བ་རེད། འཐུས་མི་ཚོས་བྱེད་ཐབས་དེས་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་དང་མངོན་འགྱུར་ཏན་ཏིག་བྱུང་ཡོད་པས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་བྱེད་པ་དང་ཚོགས་འདུའི་ནང་དོན་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ཏེ་ཚོགས་འདུའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུ་ཡིན། གཞི་རིམ་དུ་མང་ཙམ་བསྐྱོད་ནས་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་བསམ་འདུན་མང་ཙམ་ཤེས་རྟོགས་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་དཀའ་ངལ་ཐབས་བརྒྱ་ཇུས་སྟོང་ངང་ཐག་གཅོད་ཡག་པོ་བྱས་ཐོག་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་འཐུས་མིའི་འགན་ནུས་དེ་བས་ལེགས་པའི་ངང་འདོན་སྤེལ་བྱེད་པ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པར་ཕྱག་རྟགས་འབུལ་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།