ཟླ་1ཚེས་10ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་རེད།
ད་རེས་ཀྱི་ཚོགས་འདུར་ཕེབས་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་་མི་56ཡོད་པ་དང་དངོས་སུ་ཕེབས་མཁན་43ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲེན་ཆོན་གོ་དང་། ཧའོ་ཕུང་། ལེགས་མཆོག ཉི་མ་ཚེ་རིང་། ཀྲང་གཡོད་ཕིང་། སྐར་མ། ཀྲོའུ་ཁྲུན་ལའེ། སུང་ཧྲན་ལི། ཀྲའོ་ཀྲེང་ཤིའུ། ཨ་བསྟན། ཤིང་རྩ་བསྟན་འཛིན་ཆོས་གྲགས། མཱ་རུའུ་ལུང་། རྡོ་རྗེ། ཝུའུ་ཅིན་ཧུའེ་བཅས་ཕེབས་ཡོད་པ་རེད།
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་བྱམས་པ་ཕུན་ཚོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་དབྱིན་ཏེ་མིང་དང་། ཆེ་དགྲ་ལྷ། ཏེང་ཞའོ་ཀང་། ཝང་ཀུའེ་ཧྲེང་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།
ཚོགས་འདུའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། སྔོན་རྩིས་ཀྱི་སྙན་སྒྲོན་བཅས་ལ་གྲོས་ཞིབ་བྱས་ཚུལ་སྐོར་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཚོགས་ཆེན་གྱི་དྲུང་ཡིག་ཆེ་མོ་བ་ཉི་མ་ཚེ་རིང་གི་སྙན་ཞུ་གསན་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་2011ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་ལེན་བསྟར་ཚུལ་དང་2012ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད (འཆར་ཟིན )ལ་གྲོས་ཞིབ་བྱས་པའི་འབྲས་བུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་རྡོ་རྗེ་ཚེ་རིང་གི་སྙན་ཞུ་གསན་པ་དང་གྲོས་ཞིབ་གནང་བ། རང་སྐྱོང་ལྗོངས་ཀྱི་2011ལོའི་ནོར་སྲིད་སྔོན་རྩིས་ལག་ལེན་བསྟར་ཚུལ་དང་2012ལོའི་ནོར་སྲིད་སྔོན་རྩིས (འཆར་ཟིན )གྲོས་ཞིབ་བྱས་པའི་འབྲས་བུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཀུའུ་མའོ་ཀྲིའི་སྙན་ཞུ་གསན་པ་དང་གྲོས་ཞིབ་གནང་བ་བཅས་རེད།
ཚོགས་འདུའི་ཐོག་སྲིད་གཞུང་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད (འཆར་ཟིན )དང་། རང་སྐྱོང་ལྗོངས་2011ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་ལེན་བསྟར་ཚུལ་དང་2012ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་སྐོར་གྱི་གྲོས་ཆོད (འཆར་ཟིན )རང་སྐྱོང་ལྗོངས་ཀྱི་2011ལོའི་ནོར་སྲིད་སྔོན་རྩིས་ལག་ལེན་བསྟར་ཚུལ་དང་2012ལོའི་ནོར་སྲིད་སྔོན་རྩིས་སྐོར་གྱི་གྲོས་ཆོད (འཆར་ཟིན )བཅས་ཚང་མ་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།