ཟླ་1ཚེས་10ཉིན་གྱི་སྔ་དྲོ་སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་བཅུ་དགུ་པ་འཚོགས་པ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པ་སངས་དོན་གྲུབ་དང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཅིན་དབྱི་མིང་། ཆའོ་ཡོན་ཀྲུང་། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། ལིའུ་ཆིང་ཧུའེ། བློ་བཟང་རྡོ་རྗེ། པད་མ་རྣམ་རྒྱལ། བསོད་ནམས་སྒྲོལ་མ། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
ཚོགས་འདུའི་ཐོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་ཆོད (འཆར་ཟིན )ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་གཞི་ཞིབ་དཔྱོད་བྱས་ཚུལ་སྐོར་གྱི་སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་གྲོས་ཆོད (འཆར་ཟིན )ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ། སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པའི་ཆབ་སྲིད་གྲོས་ཆོད (འཆར་ཟིན )ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་བཅས་རེད། གོང་གསལ་གྲོས་ཆོད་འཆར་ཟིན་ཁག་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གྲོས་ཞིབ་གྲོས་འཆམ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད། ཚོགས་འདུའི་ཐོག་འབྲེལ་ཡོད་མི་དོན་ལས་དོན་གྱི་གསལ་བཤད་ཉན་པ་དང་། གདམ་བྱའི་འོས་མིའི་མིང་ཐོར (འཆར་ཟིན )གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ། འདེམས་བསྐོའི་བྱེད་ཐབས (འཆར་ཟིན )གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ། འདེམས་ཤོག་གི་སྤྱི་ཁྱབ་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་མིང་ཐོར་( འཆར་ཟིན )གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་བཅས་རེད།
ད་རེས་ཚོགས་འདུར་ཟུར་ཞུགས་བྱེད་མཁན་གྲས་སུ་བོད་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ལྗོངས་སྲིད་གྲོས་ཀྱི་རྒྱུན་ཨུ་མིན་པའི་སྲིད་གྲོས་ཀྱི་དྲུང་ཆེ་གཞོན་པ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། གཞུང་ལས་ཐིང་གི་སྐོར་ཞིབ་པ་གཞོན་པ། ལྗོངས་སྲིད་གྲོས་ཀྱི་རྒྱུན་ཨུ་མིན་པའི་ས་ཁུལ (གྲོང་ཁྱེར )ཁག་གི་སྲིད་གྲོས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ། རང་སྐྱོང་ལྗོངས་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ནང་བསྟན་མཐུན་ཚོགས་བཅས་ཀྱི་འགན་འཁུར་བློ་མཐུན་ཡོད་པ་རེད།