དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • པད་མ་འཕྲིན་ལས་ལྷ་ས་དང་གཞིས་རྩེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་1ཚེས་9ཉིན་གྱི་ཕྱི་དྲོར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ལྷ་སའི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

        ཟླ་1ཚེས་9དང་ཚེས་10ཉིན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་པད་མ་འཕྲིན་ལས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་ལྔ་པའི་ལྷ་སའི་འཐུས་མི་ཚོགས་པ་དང་གཞིས་རྩེའི་འཐུས་མི་ཚོགས་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་ཞིབ་ནང་སོ་སོར་ཞུགས་གནང་བ་རེད། ཁོང་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་བརྗོད་བྱ་གཙོ་བོ་ཁོང་དུ་ནན་པོ་ཆུད་པ་བྱེད་པ་དང་། མང་ཚོགས་ལ་ཡིད་ཆེས་གང་ལེགས་བྱེད་པ། མང་ཚོགས་ལ་དམ་པོར་བརྟེན་པ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་ཆོད་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་གཏན་ལ་ཕབ་པའི་དམངས་ཕན་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་པ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐུན་མོང་ཐོག་ལོངས་སུ་སྤྱོད་དུ་འཇུག་དགོས་ཞེས་ནན་གསུངས་གནང་བ་རེད།

        ཉིན་གཉིས་རིང་ལྷ་ས་དང་གཞིས་རྩེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ཀྱི་རྣམ་པ་འཁྲུག་ཆ་དོད་ཅིང་། འཐུས་མི་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། འཆར་གཞིའི་སྙན་སྒྲོན། སྔོན་རྩིས་སྐོར་གྱི་སྙན་སྒྲོན་བཅས་ལ་གཞིགས་པ་དང་ས་གནས་དེ་ག་དང་སྡེ་ཚན་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཅིག་མཇུག་གཉིས་མཐུད་ངང་གཏམ་བཤད་གནང་བ་དང་མྱོང་ཚོར་ལྷུག་པོར་གླེང་བ་དང་ལྷན་དུ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གླེང་བ་རེད། འཐུས་མི་རྣམ་པའི་གཏམ་བཤད་ནན་ཏན་ངང་གསན་རྗེས་པད་མ་འཕྲིན་ལས་ཀྱིས་2011ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་ལོ་ཞིག་དང “ལོ་ལྔ་ཚན་བཅུ་གཉིས་པའི ”འགོ་འཛུགས་ཀྱི་ལོ་ཞིག་ཡིན། ལོ་གཅིག་རིང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང “ལྟེ་བ་གཅིག ”དང་། “དོན་ཆེན་གཉིས ”“འགན་ལེན་བཞི ”བཅས་ཀྱི་བླང་བྱར་གཞིགས་ནས་འཕེལ་རྒྱས་དམ་འཛིན་དང་བྱེད་ཐབས་སྒྱུར་བ་དང་། བརྟན་ལྷིང་སྲུང་སྐྱོང་དང་ཞི་མཐུན་ལ་སྐུལ་འདེད་གཏོང་བ། གསོན་ཤུགས་ཆེར་གཏོང་དང་དམངས་འཚོར་ཕན་འདོགས་པ་བཅས་བྱས་པས “ལོ་ལྔ་ཚན་བཅུ་གཉིས་པ ”འགོ་བཙུགས་མ་ཐག་གྲུབ་འབྲས་ཐོབ་པ་བྱུང་ཡོད་ཅེས་གསུངས་པ་རེད། པད་མ་འཕྲིན་ལས་ཀྱིས་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་ས་ཁུལ་གྱི་2011ལོའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་ཞིང་ལས་ལ་ཤུགས་སྣོན་དང་། ཞིང་པར་ཕན་སྦྱར། ཞིང་པ་ཕྱུག་པོ་ཆགས་པ་བྱེད་པ་བཅས་ཀྱི་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་གྱིས་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་ཞིང་འབྲོག་པའི་ཡོང་འབབ་མང་དུ་འགྲོ་བ་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། མང་ཚོགས་ནི་ང་ཚོའི་ལྟོ་གོས་སྦྱོར་མཁན་ཕ་མ་ལྟ་བུར་བརྩི་རྒྱུ་མཐའ་འཁྱོངས་དང་མང་ཚོགས་ལ་བརྩེ་སེམས་འཆང་བ་དང་མང་ཚོགས་ཀྱི་དྲིན་ཚོར་རྒྱུ་མཐའ་འཁྱོངས་ཀྱིས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་ཆོད་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་རེ་བ་བསྐོངས་ཏེ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་མི་དམངས་དང་མཉམ་དུ་ལོངས་སྤྱོད་བྱེད་པ། མང་ཚོགས་ལ་ཡིད་ཆེས་གང་ལེགས་བྱེད་པ་དང་མང་ཚོགས་ལ་བརྟན་པོར་བརྟེན་ནས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡིན་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་མང་ཚོགས་ཀྱི་ལས་དོན་ལེགས་པར་བསྒྲུབ་པའི་གཙོ་གནད་དུ་བརྩིས་ཏེ་ཧུར་བརྩོན་ངང་མི་དམངས་མང་ཚོགས་ལ་དཀའ་གནད་སེལ་བ་དང་། བྱ་བ་དངོས་སྒྲུབ་པ། བྱ་བ་བཟང་པོ་སྒྲུབ་པ། དམངས་འཚོ་འགན་སྲུང་དང་ལེགས་སུ་ནུས་ལྡན་གཏོང་བ། མི་དམངས་མང་ཚོགས་ནང་ཁུལ་གྱི་འགལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ། སྲིད་གཞུང་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་མི་དམངས་བློ་ཡིད་ཚིམ་པའི་སྲིད་གཞུང་ཞིག་ཡིན་པ་བཅས་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་སྣེ་འཁྲིད་དེ་ཏང་གི་དམིགས་ཡུལ་ལག་ལེན་ཐོག་འཁྱོལ་བ་བྱས་ནས་མང་ཚོགས་ལ་སྒྲུབ་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་རིགས་རང་ཉིད་ཀྱིས་སྔོན་ལ་སྒྲུབ་ཐུབ་པ་བྱེད་པ་དང་དཔེ་བཟང་གི་ནུས་པར་བརྟེན་ནས་ཏང་རྩ་འཛུགས་ཀྱི་དམག་འཐབ་ནུས་པ་དང་གོང་བུ་འགྲིལ་ཤུགས་ཆེ་རུ་བཏང་སྟེ་མི་སེམས་ཐོབ་པ་དང་། མི་སེམས་ལ་དྲོ་སྐྱིད་སྦྱིན་པ། མི་སེམས་བརྟན་པོ་ཡོང་བ་བཅས་དངོས་འབྲེལ་བྱེད་ཐུབ་པ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གྱིས་མི་རིགས་མཐུན་སྒྲིལ་ལ་ཕན་པའི་སྐད་ཆ་ཤོད་པ་དང་། མི་རིགས་མཐུན་སྒྲིལ་ལ་ཕན་པའི་བྱ་བ་སྒྲུབ་པ། མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཞིག་བྱེད་པ་བཅས་བྱས་ནས་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་མ་བཏང་ཐོག་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།