ཟླ་11ཚེས་27ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ལྗོངས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་མགོན་པོ་བཀྲ་ཤིས་ཀྱིས་ལྷ་སར་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་སུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དང་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་གི་ཁྲོད་སྟོན་པའི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད།
ལྷ་ས་ཀྲུང་ཅིན་ཚོང་དོན་ཚད་ཡོད་ཀུང་སིའི་ལས་གཉེར་ཚོམས་ཆེན་དུ་མགོན་པོ་བཀྲ་ཤིས་ཀྱིས་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་པའི་ལས་དོན་སྙན་ཞུ་ནན་ཏན་ངང་གསན་པ་དང་འབྲེལ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་ཐད་ཁེ་ལས་ཀྱི་ལས་མི་དང་སྤེལ་རེས་ཀྱང་གཏིང་ཟབ་གནང་བ་རེད།
མགོན་པོ་བཀྲ་ཤིས་ཀྱིས་ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱིས་ངེས་པར་དུ་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་གྱི་ངོ་བོ་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་བྱེད་པ། ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་གྱི་ནང་དོན་དང་ལྷག་པར་དུ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་རྒྱས་བཤད་ལ་གོ་བ་གཏིང་ཟབ་ལེན་པ་བཅས་ཀྱི་ཐོག་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དེ་ཁེ་ལས་ཀྱི་ལས་བཟོ་མི་རེ་ངོ་རེའི་སེམས་གཏིང་དུ་དོན་འཁྱོལ་གྱིས་ནང་ངོས་ནས་སེམས་གཏིང་དུ་འཇོག་པ་དང་ཕྱི་ངོས་ནས་ལག་བསྟར་བྱེད་དགོས་པ་དང་། ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་གོ་སྐབས་ཤིག་ཏུ་བརྩིས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་པ་བདམས་མངགས་བྱ་རྒྱུར་སྔར་བས་སྒྲིག་འཛུགས་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱེད་པའི་ཁར་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་པའི་ལེགས་ཆ་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།