དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • ལེགས་ཆ་འདོན་སྤེལ་གྱིས་ནུས་པ་འཐུས་ཚང་དུ་གཏོང་བ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཡོང་འབབ་འཕར་བ་བྱེད་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་11ཚེས་17ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀུང་ཕུ་ཀོང་གིས་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལྟ་སྐུལ་སློབ་སྟོན་ཚོགས་ཆུང་གི་སྣེ་ཁྲིད་དེ་བཞད་མཐོང་སྨོན་རྫོང་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟག་ཞིབ་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་ཞིབ་བཤེར་དང་ལྟ་སྐུལ་སློབ་སྟོན་གནང་བར་ཕེབས་པ་དང་། གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དང་། གཞི་རིམ་གྱི་ལས་བྱེད་པ། འཐབ་ས་དང་པོར་ལས་དོན་སྒྲུབ་མཁན་ལས་བྱེད་པ་དང་ཉེན་རྟོག་པར་གཟིགས་པར་ཕེབས་པ་རེད།

        ཀུང་ཕུ་ཀོང་གིས་བཞད་མཐོང་སྨོན་རྫོང་རྟ་ནག་མདའ་ཤང་ཞིང་ལས་ཚན་རྩལ་གླིང་གི་ཤིང་ཏོག་དང་སྔོ་ཚལ་རྟེན་གཞི་དང་། བོད་བྱ་རྒྱུད་སྤེལ་རྟེན་གཞི་རུ་རྟེན་གཞིས་གནོད་མེད་ཕྱུགས་རིགས་གསོ་ཚགས་དང་། སྤྱི་གནོད་མེད་པའི་སྔོ་ཚལ་འདེབས་འཛུགས་སོགས་གཙོ་ཁྲིད་ཐོན་ལས་ལ་དམ་པོར་དམིགས་ནས་གསོ་སྦྱོང་ཤུགས་ཆེན་བྱེད་པ་དང་། “ཀུང་སི་དང་། རྟེན་གཞི། ཞིང་དུད་བཅས་མཉམ་གཉེར་བྱེད་པའི ”རྣམ་པ་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཐོན་འབབ་དང་ཡོང་འབབ་འཕར་རྒྱུར་ཁྲིད་སྟོན་གྱིས་དཔེ་སྟོན་གྱི་ནུས་པ་དེ་བས་ལེགས་པ་ཐོན་པ་བྱེད་དགོས་ཞེས་གསུངས་པ་རེད། ཀོང་ཕུ་ཀོང་གིས་གད་ཁ་ཆུ་ཚན་གྱི་རྣམ་གྲངས་རྒྱ་བསྐྱེད་བྱ་ཡུལ་དུ་ཆུ་ཚན་གྱི་ཐུན་མིན་གྱི་ཡུལ་སྐོར་ཐོན་ཁུངས་གང་ལེགས་སྤྱད་དེ་་མཉེན་ཆས་དང་མཁྲེགས་ཆས་ཀྱི་སྒྲིག་བཀོད་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཞབས་ཞུའི་ནུས་པ་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ། ཡུལ་སྐོར་གྱི་ཁོར་ཡུག་ལེགས་སུ་གཏོང་བ། ཁྱད་ལྡན་ཡུལ་སྐོར་སྤུས་རྟགས་གཏོད་པ་དང་དུས་མཚུངས་ས་གནས་དེ་གའི་མང་ཚོགས་ཀྱི་ཁེ་ཕན་དང་ཡོང་འབབ་ལ་ལྟ་རྟོག་བྱས་ཏེ་རྣམ་གྲངས་ལ་བརྟེན་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།