ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་སྐོང་ཆེད་ཟླ་11ཚེས་12ཉིན་དང་ཚེས་16ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སུང་ཧྲན་ལིས་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་། ཚོང་དོན་ཐིང་། ཁྲལ་དོན་ཐིང་སོགས་སྡེ་ཚན་མང་པོ་ཞིག་གི་འགན་ཁུར་བ་ལས་གྲུབ་པའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་སྣེ་འཁྲིད་དེ་ལྷ་སའི་ཞིང་ཟོག་ཁྲོམ་ར་དང་། ཚོང་ར། ཁེ་ལས་བཅས་ཁག་གཅིག་ཏུ་སྔ་རྗེས་སུ་ཕེབས་ནས་འབྲེལ་ཡོད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་ཁྲོམ་རའི་མཁོ་སྤྲོད་དང་། ཚོང་ཟོག་གི་རིན་གོང་། དེ་བཞིན་བཟའ་བཅའི་བདེ་འཇགས་བཅས་ཀྱི་ལྟ་སྐུལ་དོ་དམ་ལས་དོན་ལ་གཟིགས་ཞིབ་གནང་བ་རེད།
ཞིབ་བཤེར་གནང་རིང་སུང་ཧྲན་ལིས་འབྲེལ་ཡོད་སྡེ་ཚན་ཁག་ལ་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སྔར་བས་སློབ་སྦྱོང་ཡག་པོ་བྱེད་པ་དང་གོ་བ་ཡག་པོ་ལེན་པ་དང་ལྷག་པར་དུ་དམངས་འཚོའི་ཐད་དང་འབྲེལ་བ་ཡོད་པའི་ནང་དོན་ལག་བསྟར་དང་དོན་འཁྱོལ་ཡག་པོ་བྱེད་པ་དང་ཁྲོམ་རའི་ཚོང་ཟོག་མཁོ་སྤྲོད་བཀོད་སྒྲིག་ཡག་པོ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་དགོས་མཁོ་སྐོང་དགོས་པ་དང་། བསམ་བློ་གཅིག་གྱུར་དང་། ངོས་འཛིན་མཐོར་གཏོང་། གཞོགས་འདེགས་དམ་ཟབ་བཅས་བྱེད་པའི་ཁར་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་ལས་ཀའི་དགོས་གཏུགས་ཀྱི་བསམ་པའི་ཐོག་ནས་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད།