དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • མཱ་རུའུ་ལུང་གིས་ལྷ་སའི་དབྱི་སི་ལམ་ཕྱག་ཁང་ཆུང་བར་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་11ཚེས་11ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་མཱ་རུའུ་ལུང་གིས་ལྷ་སའི་དབྱི་སི་ལམ་ཕྱག་ཁང་ཆུང་བ་དང་གྲོང་ཁྱེར་ནུབ་འདབས་དབྱི་སི་ལམ་ཆོས་ལུགས་ལ་དད་པ་བྱེད་མཁན་མང་ཚོགས་ཀྱི་ཆོས་ལུགས་བྱེད་སྒོའི་ས་ཚིགས་སུ་ཕེབས་ནས་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་ལས་དོན་ཁག་ལ་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་མ་ཟད། ཕྱག་ཁང་དུ་བཅའ་སྡོད་བྱེད་མཁན་ལས་དོན་མི་སྣ་དང་དབྱི་སི་ལམ་ཆོས་ལུགས་ལ་དད་པ་བྱེད་མཁན་མང་ཚོགས་ཀྱི་འཐུས་མིར་བྱམས་བརྩེའི་ངང་གཟིགས་པ་རེད།

        མཱ་རུའུ་ལུང་གིས་རྒྱ་ཆེའི་དབྱི་སི་ལམ་ཆོས་ལུགས་ལ་དད་པ་བྱེད་མཁན་མང་ཚོགས་ཚོས་ངེས་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་ཡག་པོ་བྱེད་དགོས། མིག་སྔར་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་གྱི་ཁྲིད་སྟོན་འོག་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྤྱི་ཡོངས་ཀྱི་བཀོད་སྒྲིག་དང་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་ཞིབ་ཕྲའི་བཀོད་སྒྲིག་ལ་གཞིགས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་གཏིང་ཟབ་ལ་ཞིབ་ཚགས་པའི་ངང་དམ་འཛིན་ཡག་པོ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་དོན་འཁྱོལ་དང་བསྐྱར་དུ་དོན་འཁྱོལ་དང་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་ཞིབ་ཚགས་ནས་བསྐྱར་དུ་ཞིབ་ཚགས་སུ་བཏང་ཐོག་ཏན་ཏིག་ནུས་ལྡན་གྱི་སྔོན་འགོག་གི་བྱེད་ཐབས་སྣ་ཚོགས་ཀྱི་ཐོག་ནས་ཚོགས་ཆེན་བཅོ་བརྒྱད་པའི་རིང “གནས་ཚུལ་ཆེ་འབྲིང་ཆུང་གསུམ་གང་ཡང་མི་ལྷགས་པའི ”དམིགས་ཚད་ཀྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།