དབུ་ཤོག>སྲིད་དོན།>སྲིད་ཇུས་གསལ་འགྲེལ།
  • མཱ་རུའུ་ལུང་གིས་ལྷ་སའི་དབྱི་སི་ལམ་ཕྱག་ཁང་ཆེ་མོའི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་ཞིབ་བཤེར་དང་ལྟ་སྐུལ་སློབ་སྟོན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཟླ་11ཚེས་8ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་གཞོན་པ་མཱ་རུའུ་ལུང་ལྷ་སའི་དབྱི་སི་ལམ་ཕྱག་ཁང་ཆེ་མོར་ཕེབས་ནས་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་གྱི་ལས་དོན་ཁག་ལ་ཞིབ་བཤེར་དང་ལྟ་སྐུལ་སློབ་སྟོན་གནང་བ་དང་ཕྱག་ཁང་ཆེ་མོར་བཅའ་སྡོད་ཀྱི་ལས་དོན་སྒྲུབ་ཚུལ་གྱི་སྙན་སེང་གསན་པ་མ་ཟད་ཕྱག་ཁང་ཆེ་མོར་བཅའ་སྡོད་བྱེད་མཁན་ལས་དོན་མི་སྣ་དང་དབྱི་སི་ལམ་གྱི་མང་ཚོགས་ཀྱི་འཐུས་མིར་བྱམས་བརྩེའི་ངང་གཟིགས་པ་རེད།

        མཱ་རུའུ་ལུང་གིས་ཆབ་སྲིད་ཀྱི་ཤེས་ཚོར་སྐྱེན་པའི་རང་བཞིན་དང་འགན་འཁྲིའི་བསམ་པ་སྔར་བས་ཆེ་རུ་བཏང་སྟེ་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་བྱ་ཐབས་ཞིབ་ཕྲ་བཟོ་བ། ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ནང་དབྱི་སི་ལམ་གྱི་མང་ཚོགས་ཧུར་ཐག་ཞུགས་རྒྱུའི་སྐུལ་སློང་བྱེད་པ། བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ནས་ཚོགས་ཆེན་བཅོ་བརྒྱད་པའི་རིང་གི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་གྱི་ལས་དོན་སྔར་བས་སྒྲུབ་ཐོག “གནད་དོན་ཆེ་འབྲིང་ཆུང་གསུམ་གང་ཡང་མི་ལྷགས་པའི ”དམིགས་ཚད་མངོན་འགྱུར་ཡོང་རྒྱུའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།